དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-12 08:22:16   |   234

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི་360ལས་བརྒལ་ནས་དགོས་མཁོའི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན།

  • རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་(ཟླ1ཚེས28ཉིན་ནས་ཟླ2ཚེས4ཉིན་བར)་གྲངས་འཛིན་ཐོན་རྫས་དང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས། རླངས་འཁོར་བཅས་རྙིང་བ་གསར་བརྗེས་ཀྱི་སྤྱིའི་ཕྱིར་འཚོང་ཚད་ཁྲི860ལ་ཐོན་པ་རེད།

  • ཞིང་ལས་གྲོང་གསེབ་པུའི་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་སྔོ་ཚལ་ས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི7215ཡིན་པ་དང་། ན་ནིང་གི་དུས་མཚུངས་ལས་མུའུ་ཁྲི་80ཡས་མས་མང་དུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཚེས11ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2024ལོར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་སྤྲད་པའི་ནུས་རྒྱུའི་དངུལ་བུན་སྒོར་དུང་ཕྱུར་5000ལས་བརྒལ་ཡོད།

  • ད་ལོའི་ཟླ1པར། རང་རྒྱལ་གྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་སྟོན་གྲངས་89.0ཡིན་པ་དང་། ན་ནིང་ཟླ12པ་ལས་ཉུང་ཙམ་འཕར་ཡོད།

  • ཚོང་དོན་པུ་སོགས་སྡེ་ཚན9ཡིས་བྱ་སྤྱོད་འཆར་གཞི་པར་འགྲེམས་བྱས་ནས། དབྱིན་ཧྥ་(银发)གནས་སྐོར་མེ་འཁོར་གྱི་བརྗོད་དོན་གནས་སྐོར་ལམ་ཐིག་དང་ཐོན་རྫས་གསར་སྤེལ་བྱ་རྒྱུ་རེད།

  • ཉེ་ཆར། རང་རྒྱལ་གྱིས་སྣེ་ཁྲིད་བྱས་ནས་གཏན་ཁེལ་བྱས་པའི་རྒྱལ་སྤྱིའི་ཚད་གཞི《སྤུས་རྟགས་གདེང་འཇོག གནས་སྐོར་གྲོང་ཁྱེར》(ISO 11778:2025)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

01.JPG.jpg

  • ཚེས11ཉིན། རང་རྒྱལ་གྱིས་ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་བྱེད་ས་ནས་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས། འཁོར་སྐར་དྲ་སྦྲེལ་འཁོར་སྐར་ཚོགས་ཆུང་02མཁའ་དབྱིངས་སུ་བདེ་བླག་ངང་བཏང་བ་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་སྦྲུལ་ལོའི་འཕེན་གཏོང་བྱ་བ་ལེགས་འགྲུབ་བྱུང་།

02.JPG.jpg

  • ཚེས11ཉིན་ཧར་པིན་གྱི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ6དང་། དངུལ་གྱི་རྟགས་མ5  ཟངས་ཀྱི་རྟགས་མ5བཅས་བླངས་པ་རེད།

  • ཚེས11ཉིན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་སྐབས་དང་པོ་གློག་རྡུལ་རྩལ་འགྲན་ཨོ་རྩལ་འགྲན་ཚོགས་2027ལོར་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་རུ་འཚོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • གྲང་རླུང་གི་ཤུགས་རྐྱེན་ཐེབས་པས། ཚེས11ཉིན་གྱི་མཚན་མོ་ནས་ཚེས12ཉིན་བར། དབུས་ཤར་ས་ཁུལ་གྱི་དྲོད་ཚད་4~6℃བར་མར་ཆག་པ་རེད།

  • གནམ་དཔྱད་ཚན་རིག་ཁྱབ་གདལ་ཆེད་མཁས་པས་བསྟན་དོན། སྦྲུལ་ལོའི་ལྒང་ཞུའི་དུས་ཆེན་གྱི་ཟླ་བ་ཆེས་གོར་གོར་ཡིན་པའི་དུས་ཚོད་དགོང་མོའི་ཆུ་ཚོད་21དང་སྐར་མ་53ཐོག་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དྲ་རྒྱ་སྤྱད་ནས་བཙན་ལེན་བྱས་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པའི་དཔེ་མཚོན་གྱོད་དཔེ་6ཁྱབ་བསྒྲགས་བྱས་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་པུ་ཡི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་པུ་ཀྲང་གཞོན་པ་ལིའུ་ཀྲི་ཆང་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས11ཉིན་གྱི་ཆུ་ཚོད14དང་སྐར་མ་28ཐོག  2025ལོའི་ཟླ2པར། གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་ཚོང་ཚུད་པ)དུང་ཕྱུར100ལས་བརྒལ་ཡོད་པ་རེད།

  • ཚེས11ཉིན་WTTཡིས་དེ་རིང་ནས་བཟུང་WTTའགྲན་བསྡུར་ཆེན་པོའི་འགྲན་བསྡུར་ཚང་མ་བཙན་ཤེད་ཀྱིས་འགྲན་བསྡུར་ནང་ཞུགས་པའི་བླང་བྱ་མེད་པར་བཟོས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོར་ཐད་ཀར་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

03.JPG.jpg

  • དམར་དམག་དཔུང་སྡེ་བཅུ་བཞི་པའི་འཐབ་འཛིང་པ་ཝུའུ་ཅིའུ་ཁྲེང་ཚེས11ཉིན་གྱི་ཆུ་ཚོད་5དང་སྐར་མ་10ཐོག་ཅང་སུའུ་རུ་སྐུ་གཤེགས་ཤིང་། དགུང་ལོ111ཡིན།

  • ཚེས11ཉིན། ཐེ་སི་ལའི་ཧྲང་ཧའེ་ནུས་གསོག་རིམ་འདས་བཟོ་གྲྭ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། དེ་ནི་ཐེ་སི་ལའི་ཨ་རིའི་རང་ཡུལ་ཕུད་པའི་ནུས་གསོག་རིམ་འདས་བཟོ་གྲྭ་དང་པོ་དེ་རེད།

  • ཚེས11ཉིན་ཀོང་ཞི་པའེ་སེ་ཡིས་བརྡ་ཁྱབ་བཏང་བ་ལྟར་ན། བརྟག་དཔྱད་དང་ཞིབ་དཔྱད་བྱས་པ་བརྒྱུད། པའེ་སེ་ཆི་ཧྥུའུ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཐང་གེ་མོ་ཡིས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ལ་འགལ་བས། ཏང་ཁོངས་ནས་ཕྱིར་ཕུད་དང་གཞུང་ལས་ནས་ཕྱིར་ཕུད་བྱས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁོ་ལ་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད།

04.JPG.jpg

  • གནའ་རྫས་རྟོག་ཞིབ་བརྟག་དཔྱད་ལས་དོན་སྤེལ་བའི་དགོས་མཁོར་གཞིགས་ནས། ཧྲན་ཞི་ཏ་ཐུང་ཡུན་ཀང་བྲག་ཕུག་དང་པོ་དང་གཉིས་པ་ཚེས་11ཉིན་ནས་བཟུང་སྒོ་འབྱེད་བྱེད་མཚམས་འཇོག་བཞག་པ་རེད།

སྲིད་ཇུས།

  • ཉེ་ཆར། སློབ་གསོ་པུ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི་ལས་རིགས་སློབ་གསོའི་ཆེད་ལས་སློབ་ཁྲིད་ཚད་གཞི་758པར་འགྲེམས་བྱས་པ་རེད།

  • ཅང་སུའུ་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ད་ལོ་སྤྱི་པའི་ལུས་རྩལ་ཁང་130ལ་རིན་མེད་སམ་ཡང་ན་གྲོན་དངུལ་དམའ་བའི་ཁ་གསབ་བྱས་ནས་སྤྱི་ཚོགས་ལ་སྒོ་འབྱེད་རྒྱུ་ཡིན་པ་རེད།

  • ཁྲུང་ཆིང་གིས་བཅའ་སྡོད་ལམ་ལུགས་མིན་པའི་སློབ་གྲྭས་སློབ་གྲྭའི་ནང་བཟའ་བཅའི་ཚོང་ཁང་ཆུང་ཆུང་(སྒོ་རྩིས་ཚོང་ཁང་)སམ་ཡང་ན་རང་འགུལ་ཕྱིར་ཚོང་འཕྲུལ་ཆས་བཞག་མི་ཆོག་པ་དང་། བཞག་ཡོད་པའི་སློབ་གྲྭས་འབྲེལ་ཡོད་སྒྲིག་བཀོད་རིམ་བཞིན་ཕྱིར་འཐེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

05.JPG.jpg

  • ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཁྲོན་ཞི་ས་མཐོའི་དབུས་བྱང་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ཧུའུ་ནན་གྱི་དབུས་རྒྱུད་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།