དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-13 09:40:27   |   245

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་དམག་ཨུས་ཉེ་ཆར་བརྡ་ཁྱབ་པར་འགྲེམས་བྱས་ནས། དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་མཚོན་ཚན་པ10དང་། དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་མཚོན་དམག་མི་མི་སྒེར20ལ་གཟེངས་བསྟོད་བྱས་པ་རེད།

  • ཡོངས་བསྒྲགས་ངང་བསྡུ་རུབ་དཔྱད་འདེམ་བྱས་པ་བརྒྱུད། ཀྲུང་གོའི་མི་སྡོད་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་གྱི་ཟླ་བའི་གོ་ལའི་གྱོན་ཆས་ལ་“ཝང་ཡུས”(望宇)ཞེས་མིང་བཏགས་པ་དང་། མི་སྡོད་ཟླ་བའི་གོ་ལའི་འཕྲུལ་འཁོར་ལ་“འཚོལ་ཞིབ”ཅེས་མིང་བཏགས་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་མ་བྱས་གོང་གི་ཉིན་30ནང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར70ལས་བརྒལ་ཡོད།

  • རྒྱལ་ཡོངས་ཞིང་ཆེན་ཁག(རང་སྐྱོང་ཁུལ་དང་གྲོང་ཁྱེར)གི་2025ལོའི་གཞུང་ཞབས་པའི་རྒྱུགས་ལེན་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་མགོ་བརྩམས་ཤིང་། ཧྥུ་ཅན་སོགས་ས་གནས་མང་པོ་ཞིག་གིས་བསྡུར་ཚད་ངེས་ཅན་གྱི་ལས་གནས་བཏོན་ནས་དམག་འཁྱུར་དམག་མི་ཆེད་དུ་བསྡུ་ལེན་བྱེད་ཀྱི་ཡོད།

  • སློབ་གསོ་པུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས་ཐེན་ཅིན་གྲོང་ཁྱེར་པིན་ཧེ་ཁུལ་གསར་སོགས་རྫོང་(གྲོང་ཁྱེར་དང་ཁུལ)301སློབ་སྔོན་སློབ་གསོའི་ཁྱབ་གདལ་སྤྱི་ཕན་རྫོང་དུ་ངོས་འཛིན་བྱས་པ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས14ཉིན་ཞང་ཀང་དུ་ཀྲུང་དབྱང་དངུལ་ཁང་གི་འཛིན་ཤོག་སྒོར་དུང་ཕྱུར་600དུས་ཐེངས་གཉིས་བྱས་ནས་དམིགས་འགུགས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས12ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུ་རུ་ཁག་གིས་རང་རེའི་ཏའེ་ཡུས་གླིང་ཕྲན་གྱི་མངའ་ཁོངས་ནས་མཚོ་ཐོག་སྐོར་སྐྱོད་བྱས་པ་རེད།

  • ཚེས12ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་དམག་ཁུལ་གྱིས་ནན་ཧའེ་ཡི་མཚོ་ཁོངས་སུ་རྒྱུན་ལྡན་གྱི་སྐོར་སྐྱོད་བྱས་པ་རེད།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཧྥི་ལི་ཕིན་གྱིས“ཐི་ཧྥུན”ཀྲུང་ཏའོ་(“提丰”中导)སོགས་ཀྱི་གནད་དོན་ཐད་ནོར་འཁྲུལ་ཡང་ཡང་མི་བཟོ་པ་དང་། རང་གིས་རང་ལ་དཀའ་ལས་བཟོ་མི་རུང་ཞེས་སྐུལ་ལྕག་བཏང་བ་རེད།

  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པས་བསྟན་དོན། ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འཐེན་རྒྱུ་ཁྱབ་སྒྲོག་བྱས་རྗེས། བྱ་རིགས་ཆམ་རིམས་ཀྱི་རིམས་ནད་སྐོར་གྱི་ཨ་རིའི་ཕྱོགས་ཀྱི་ཆ་འཕྲིན་ཐོབ་དཀའ་ཟེར།

སྤྱི་ཚོགས།

  • ཚེས12ཉིན་བར། ཀྲུང་གོའི་རུ་ཁག་གིས་ཨེ་ཤེ་ཡའི་དགུན་དུས་འགྲན་ཚོགས་སྐབས་དགུ་པའི་ཐོག་གསེར་གྱི་རྟགས་མ31དང་། དངུལ་གྱི་རྟགས་མ26  ཟངས་ཀྱི་རྟགས་མ22བཅས་བླངས་པ་རེད།

  • གནམ་གཤིས་སྡེ་ཚན་གྱིས་སྔོན་བརྡ་བཏང་བ་ལྟར་ན། ཟླ་འདིའི་ཟླ་དཀྱིལ་དུ་སི་ཁྲོན་དང་། ཡུན་ནན། ཀོང་ཏུང་། ཀོང་ཞིའི་ས་ཁུལ་ཁག་གཅིག་གི་ནགས་ཚལ་མེ་སྐྱོན་གྱི་ཉེན་ཁའི་གནམ་གཤིས་རིམ་པ་མཐོ་བས་དོགས་ཟོན་བྱ་རྒྱུར་དོ་སྣང་བྱེད་དགོས་པ་རེད།

  • ཀྲུང་གོའི་གོ་མཚོན་སྒྲིག་ཆས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ལིའུ་ཝེ་ཏུང་ལ་སྒྲིག་ཁྲིམས་དང་། ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཀོང་ཞིའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཝན་ཀུའེ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་ལྟར་ཁྲིམས་ལྟར་གཞུང་གཏུག་བྱས།

01.gif

  • པེ་ཅིན་ཁྲའོ་དབྱང་ཉེན་རྟོག་ཕྱོགས་ཀྱིས་དྲ་ཐོག་མིང་གྲགས་ཆེ་བའི་ཟ་ཁང་དུ་ཡོད་པའི“གླང་སེར”(黄牛)ཚོགས་པ་ཞིག་མེད་པར་བཟོས། ཞིབ་བཤེར་བྱས་པ་བརྒྱུད་ཨང་གྲངས་ཚོང་པས་བསམ་ངན་གྱིས་ཨང་གྲངས་གསོག་ཉར་བྱས་པས་ཟ་མ་ཟ་བར་སྒུག་པའི་དུས་ཚོད་ཆུ་ཚོད8ལ་འགོར་འགྱངས་བྱེད་དུ་བཅུག་ཡོད།

02.jpg

  • ཧ་ལི་པོ་ཐེ་(哈利波特)གློག་བརྙན་བཟོ་གྲྭའི་གནས་སྐོར(ཧྲང་ཧའེ)2027ལོར་ཧྲང་ཧའེ་ཅིན་ཅང་སྤྲོ་སྐྱིད་གླིང་དུ་སྒོ་འབྱེད་རྒྱུ་རེད། དེ་ནི་ཀྲུང་གོའི་རྣམ་གྲངས་དང་པོ་དང་གོ་ལ་ཧྲིལ་པོའི་རིགས་མཐུན་རྣམ་གྲངས་གསུམ་པ་རེད།

  • 2025ལོའི་ཟླ1པའི་ཟླ་མཇུག་བར། ཀྲེ་ཅང་ཞིང་ཆེན་གྱི་རླུང་ཤུགས་དང་འོད་ཤུགས་གློག་གཏོང་སྡོམ་འབོར་སྟོང་ཝ་ཁྲི5596ལ་སླེབས་ནས། རྡོ་སོལ་གློག་འདོན་ལས་བརྒལ་ཏེ་ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཆེ་ཤོས་ཨང་དང་པོར་གྱུར་ཡོད།

  • ཀྲུང་གོའི་གཟེབ་གྲུག་མཐུན་ཚོགས་ཀྱིས་ཀུང་ལུའུ་མིང་(宫鲁鸣)ཀྲུང་གོའི་བུད་མེད་གཟེབ་གྲུག་རྩལ་ཁྲིད་པ་གཙོ་བོའི་འགན་འཁུར་རྒྱུར་གདན་ཞུ་བྱ་རྒྱུའི་ཁྱབ་སྒྲོག་བྱས་པ་རེད།

03.jpg

  • ཀྲུང་ཕྱི་ཚན་རིག་ཞིབ་འཇུག་ཚོགས་པས་ཉེ་ཆར་ཞིབ་འཇུག་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། ཧྭ་ནན་ས་ཁུལ་དུ་ད་ལྟའི་བར་དུ་ལོ་ཁྲི7000ཙམ་ཡོད་པའི་ལའེ་ཧྲི་འབྲུག་རིགས་ཀྱི་ཁུང་འབྲུག་གི་འགྱུར་རྡོ་ཐོག་མར་རྙེད་པ་རེད།

04.gif

  • ཚེས12ཉིན། གོ་ལ་ཧྲིལ་པོའི་ལྗོངས་ཡོངས་ལྟ་སྐོར་གྱི་རི་ཁུལ་གནས་སྐོར་མེ་འཁོར་ཐོག་མ་ཡུན་ནན་ལི་ཅང་དུ་དངོས་སུ་ཤར་གཏོང་བྱས་པ་རེད།

སྲིད་ཇུས།

  • ཧྲན་ཏུང་གིས་བྱིས་སྐྱོང་ཁང་དུ་བུ་བཅོལ་འཛིན་གྲྭ་བཙུགས་ནས་ལོ2ནས3བར་གྱི་བྱིས་པ་བསྡུ་ལེན་བྱེད་པར་བསྔགས་སྐུལ་བྱས་ཏེ། ད་ལོའི་ལོ་མཇུག་ཏུ་བུ་བཅོལ་གྲངས་ཀ་ཁྲི་10ཡས་མས་མཁོ་འདོན་བྱ་རྒྱུ་བརྩོན་ལེན་བྱེད་པ།

  • ཀྲེ་ཅང་གིས་ལས་ཞུགས་ཁ་གསབ་མ་དངུལ་དོ་དམ་བྱེད་པ་ཚད་ལྡན་དུ་བཏང་སྟེ། མི་སྒེར་   རམ་སྡེ་ཚན་གྱིས་རྣམ་གྲངས་གཅིག་གི་ཐད་ལས་ཞུགས་ཁ་གསབ་མ་དངུལ་གྱི་ཁ་གསབ་དང་ལས་ཤོར་འགན་བཅོལ་ཐེབས་རྩའི་ཁ་གསབ་བསྐྱར་ཟློས་ལོངས་སུ་སྤྱོད་མི་ཆོག་པ་ཁ་གསལ་བཟོས་ཡོད།

  • ཧྲང་ཧའེ་ཡིས་རྒན་པའི་ལྟ་ཀློག་གི་བྱ་སྤྱོད་ཇུས་གཞི་ཁྱབ་སྒྲོག་བྱས་ནས། དཔེ་དེབ་དང་ཚགས་པར་ལ་སྒྲ་དང་ཡི་གཟུགས་ཆེ་བ། གློག་རྡུལ་སོགས“རྒན་པ་དང་འཚམ་པའི”པར་གཞི་སྒྲིག་སྦྱོར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་ཤར་རྒྱུད་དང་། ཞིན་ཅང་གི་དབྱི་ལི་ཆུ་བོའི་ལུང་གཞུང་། ཞིན་ཅང་ནན་ཅང་གི་གཤོང་སའི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད་། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ཁྲོན་ཞི་མཐོ་སྒང་སོགས་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཁྲུང་ཆིང་དང་། ཀུའེ་ཀྲོའུ། ཡུན་ནན་གྱི་ཤར་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།