དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-14 09:57:09   |   325

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་ལས་དོན་པུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་བློ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཅེས་པ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ཉེ་ཆར་2025ལོའི་རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་50བཏང་ནས། ས་གནས་ཀྱིས་རྒུད་གསབ་ལས་སྤྲོད་ཀྱི་རྣམ་གྲངས1008ལག་བསྟར་བྱ་བར་རྒྱབ་སྐྱོར་བྱས་པ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པའི་ཟླ་དཀྱིལ་ནས་ཟླ2ཚེས་11ཉིན་བར། རྒྱལ་ཡོངས་སུ་སྡོམ་པས་ལས་ཞུགས་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི2.2སྤེལ་བ་དང་། ལས་གནས་གྲངས་ཀ་ཁྲི1500ཁྱབ་སྒྲོག་བྱས་པ་རེད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། “དྭངས་གསལ·2025ལོའི་དཔྱིད་གསར་དུས་ཆེན་སྐབས་ཀྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་ཚུན་ནས། སྡོམ་རྩིས་བྱས་ན་ཁྲིམས་འགལ་དང་སྒྲིག་འགལ་གྱི་ཆ་འཕྲིན་ཁྲི103ལྷག་ཙམ་གཙང་བཤེར་བྱས་པ་དང་། ཐོ་ཁོངས་ཁྲི9.7ལ་ཐག་གཅོད་བྱས་པ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ1པར་རྒྱལ་ཡོངས་ཀྱི་དུས་བཅད་ཟོག་ཚོང་ཉོ་ཚོང་ཁྲོམ་རའི་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་ཁྲི48.87ལ་སླེབས་པ་དང་། དུས་མཚུངས་ལས11.01%འཕར་བ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། “2025ལོའི་རྒྱལ་ཡོངས་དྲ་ཐོག་ལོ་གསར་ཚོང་ཟོག་དུས་ཆེན”བྱེད་སྒོའི་རིང་། རྒྱལ་ཡོངས་ཀྱི་ཉིན་རེའི་ཆ་སྙོམས་དྲ་ཐོག་སིལ་ཚོང་གི་གྲངས་འབོར་དུས་མཚུངས་ལས6.2%འཕར་ནས། 2025ལོའི་དྲ་ཐོག་འཛད་སྤྱོད་ཀྱི་མགོ་ཡག་པོ་ཚུགས་པ་མངོན་འགྱུར་བྱུང་ཡོད།

  • འགག་སྒོའི་སྡོམ་རྩིས་ལྟར་ན། 2024ལོར། རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་གླིང་དུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.1ཡིན་པ་དང་། དུས་མཚུངས་ལས6.1%འཕར་ཡོད།

01.jpg

  • ས་གནས་དེ་གའི་དུས་ཚོད་ཚེས12ཉིན། འབར་མས་ཐེ་གོ་ལ་གློག་འཕྲིན་མགོ་སྐོར་གླིང་ཁུལ་ནས་བསྐྱབས་པས་མི་261རྩིས་སྤྲོད་བྱས་པ་དང་། ཐེ་གོའི་དམག་ཕྱོགས་ཀྱིས་རང་རྒྱལ་ཁབ་མངའ་ཁོངས་སུ་སྲུང་སྐྱེལ་བྱས་པ་རེད།  

  • ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ཚེས13ཉིན་གསལ་བསྒྲགས་སྤེལ་ནས་། དེའི་སྔོན་གྱི་མིང་རྟགས་བཀོད་པའི་ནང་དོན་གཞིར་བཟུང་ནས་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • གྲང་རླུང་གི་བར་ཐག་རིང་དུ་སོང་བ་བསྟུན་ནས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཇེ་མཐོ་རུ་འགྲོ་མགོ་བརྩམས་པ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ས་ཁུལ་ཁག་གཅིག་གི་དྲོད་ཚད10℃མཐོ་རུ་སོང་ནས་དུས་རྒྱུན་གྱི་དུས་མཚུངས་ལས་དྲོད་ཚད་ཇེ་མཐོར་སོང་པ་རེད།

02.jpg

  • ཚེས13ཉིན་བར། ཀྲུང་གོའི་འགུལ་རིས་གློག་བརྙན《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གོ་ལ་ཧྲིལ་པོའི་སྤ་སེའི(སྔོན་ཚོང་ཚུད་པ)འཚོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར100ལས་བརྒལ་ནས། ཀྲུང་གོའི་དུང་ཕྱུར་བརྒྱ་ལས་བརྒལ་བའི་གློག་བརྙན་ཐོག་མར་གྱུར་ཡོད།

  • ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་རང་མོས་རྣམ་པའི་གངས་ཤུད་ལུས་རྩལ་པ་ཞུས་མེང་ཐའོ་ཡིས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་ཀྲུང་གོའི་འཐུས་མི་ཚོགས་པའི་དར་འཛིན་པའི་འགན་འཁུར་རྒྱུ་ཡིན་པ་རེད།

  • ཧུའུ་པེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི། སྤྱི་ཁྱབ་ཅིང་ལི་ལི་ཡུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ད་ལོའི་ཟླ1པར། ཧྲེན་ཀྲེན་གྲུ་ཁའི་ཕྱི་ཕྱོགས་ཚོང་ཟོག་དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི285.3ཡིན་པ་དང་། དུས་མཚུངས་ལས15.5%འཕར་ནས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

  • རང་རྒྱལ་གྱི་ཚན་རིག་པས་“གནད་འཁེལ་སྨན་བཅོས”ལག་རྩལ་གསར་གཏོད་བྱས་ནས། ལི་གློག་སྨན་གྱི་ཚེ་ཐག་ཆེས་ཆེར་རིང་དུ་བཏང་བ་དང་། འབྲེལ་ཡོད་གྲུབ་འབྲས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང་》ཐོག་བཀོད་ཡོད་པ་རེད།

04.png

  • ཧྲན་ཏུང་ཙེ་པོའི་བུ་མོ་ཞིག་སེམས་ཆུང་མ་བྱས་པར་རྨ་ཆུའི་ནང་ལྷུང་ནས་ཉེན་ཁའི་དུས་སུ། གཡེང་ཟམ་གྱི་ལས་རེས་མི་སྣ་ཀའོ་ཆོན་ཆོན་ཐེ་ཚོམ་མེད་པར་ཆུའི་ནང་དུ་ལྡང་ནས་བུ་མོ་དེ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་པར་འགྲེམས་བྱེད་ཐབས་ལྟར་ན། གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ་དེ་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ3747ལ་ཁྱབ་རྒྱུ་དང་། ལོ་ལྟར་སྡེ་ཁུལ་རེར་སྤྱི་ཕན་འཁྲབ་སྟོན་བྱེད་སྒོ་1ལས་མི་ཉུང་བ་ཁྱབ་དགོས་པ་རེད།

  • ཧོ་པེ་ཡིས་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པའི་ཞིང་སྤྱོད་(རྩི་ཤིང་སྲུང་སྐྱོབ)ཀྱི་མི་མེད་མཁའ་འགྲུལ་ཡོ་བྱད་ལ་ཁ་གསབ་བྱེད་ཀྱི་ཡོད་པ་དང་། ཆེས་མཐོ་ཤོས་སྒོར་14400ཁ་གསབ་བྱེད་རྒྱུ་རེད།

  • ཀྲེ་ཅང་གིས་ཡིག་ཆ་བསྒྲགས་ནས་རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་ཁག་ཐེག་འཆར་གཞིའི་ཆ་རྐྱེན་དང་མཐུན་པའི་སྐྱེ་དངོས་སྨན་རྫས་ཀྱི་ཚན་རྩལ་གསར་གཏོད་ཁེ་ལས་འབྲིང་ཆུང་དང་ཕྲན་ཆུང་ལ་དུད་ཚང་རྐྱང་མའི་འགན་ལེན་ལྷག་གྲངས་ཀྱི་ཚད་གཞི་མཐོ་རུ་གཏོང་འོས་འཚམ་བྱས་ནས་མཐོ་ཤོས་སུ་སྒོར་ཁྲི་3000སླེབས་རྒྱུ་ཡིན་པ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད། ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཁྲོན་ཞི་མཐོ་སྒང་གི་བྱང་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་འབྲིང་ཙམ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་ས་ཁུལ་ཁ་ཤས་ལ་ཁངས་འབྲིམ་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། ཅང་ཧོའེ་ནུབ་རྒྱུད་དང་། ཅང་ཧན་གྱི་ས་ཁུལ་མང་ཆེ་བ། ཅང་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་དང་། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།