དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-17 08:18:53   |   390

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་གྱུར་གལ་ཆེན།

  • ཚེས16ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་ཁྲི19568ཟིན་ཡོད།

1.jpg

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི360.6ཡིན་པ་དེ་དུས་མཚུངས་ལས5.8%འཕར་ཡོད།

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་རིང་སྲོལ་རྒྱུན་གྲོང་ཚོས་ལོ་གསར་རོལ་བའི་བྱེད་སྒོ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་ནས་གནས་སྐོར་བ་མི་ཐེངས་ཁྲི4720ཡི་ཡིད་དབང་བཀུག

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། རྒྱལ་ཡོངས་སུ་ད་ཡོད་གནའ་བོའི་ཤིང་སྡོང་གྲགས་ཅན་ཁྲི508.19ཡོད་པ་རེད།

  • རྒྱལ་ཁབ་པར་དབང་ཅུ་དང་རྒྱལ་ཁབ་གློག་བརྙན་ཅུ་སོགས་སྡེ་ཚན་གྱིས་ཉེ་ཆར་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་པར་དབང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ནས་དཔྱིད་གསར་དུས་ཆེན་དང་འབྲེལ་བ་ཡོད་པའི་གློག་བརྙན་གྱི་དབང་གནོད་སྦྲེལ་མཐུད་ཁྲི43ལྷག་ཙམ་ཐག་གཅོད་བྱས་པ་རེད།

  • ཉེ་ཆར་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཤིན་གླིང་ཕྲན་དུ་འཛམ་གླིང་ཐོག་ཐཱན་འཛིན་པ་དང་ཉར་ཚགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་རྒྱ་མཚོའི་སྟེང་གི་གཡེང་ཚུལ་གྱི་ཐོན་སྐྱེད་སྣུམ་གསོག་གྲུ་གཟིངས་དང་པོ་བཟོ་སྐྲུན་བྱས་ཚར་བ་དང་། ཟླ་འདིའི་ཟླ་མཇུག་ཏུ་བེད་སྤྱོད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྲེལ་འབྲུམ་རིམས་ནད་ཀྱི་སྙན་ཞུ་གསར་ཤོས་ལས་མངོན་པར། སྤྲེལ་འབྲུམ་ནད་དུགIbཡན་ལག་ལས་བྱུང་བའི་རིམས་ནད་མུ་མཐུད་མཆེད་པ་དང་རྒྱལ་ཁབ་མང་པོ་ཞིག་ཏུ་གནས་སྐོར་དང་འབྲེལ་བ་ཡོད་པའི་ནད་དཔེ་ཐོན་ཡོད་པ་རེད།

  • ཉིན་ཤས་གོང་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མགོ་ཁྲིད་པས་མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུར་ཞུགས་དུས་ཡོ་རོབ་ཀྱི་རྒྱལ་ཁབ་དང་ཡུག་རེན་ཞུགས་མེད་པའི་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་གྲོས་མོལ་ལ“དང་ལེན་བྱེད་མི་ཐུབ”ཅེས་བཤད་པ་རེད།

  • ཚེས15ཉིན་གྱི་དགོང་མོར་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་མེ་འཁོར་འབབ་ཚུགས་སུ་རྡོག་བརྫིས་དོན་རྐྱེན་བྱུང་ནས་མི18རྐྱེན་ལམ་དུ་ཤོར་བ་དང་མི25ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

    སྤྱི་ཚོགས།

  • ཚེས16ནས་ཚེས17བར་ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ། ཧྭ་བྱང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད4℃ནས6℃བར་མར་ཆག་རྒྱུ་དང་ས་ཆ་ཁ་ཤས་སུ8℃ལས་བརྒལ་རྒྱུ་རེད།

  • ཉིན་ཤས་གོང་པེ་ཅིང་དང་། ཁྲང་ཧྲ། ཞ་མོན་སོགས་གྲོང་ཁྱེར་མང་པོ་ཞིག་གིས་སྡོད་ཁང་སྤྱི་གསོག་མ་དངུལ་ལེགས་སྒྱུར་ལེགས་སྒྲིག་སྲིད་ཇུས་སྔ་རྗེས་སུ་བཏོན་ནས། སྡོད་ཁང་སྤྱི་གསོག་མ་དངུལ་དངུལ་བུན་གཏོང་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོག་མར་སྤྲོད་རྒྱུའི་བསྡུར་ཚད་དམའ་རུ་གཏོང་རྒྱུ། སྟབས་བསྟུན་ལས་ཞུགས་མི་སྣར་རྒྱབ་སྐྱོར་བྱ་རྒྱུ་བཅས་སྲིད་ཇུས་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ཡོད་པ་རེད། 

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། 《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གློག་བརྙན་གྱི་སྤ་སེ་འཚོང་ཚད་སྡོམ་འབོར(སྔོན་ཚོང་ཚུད་ཡོད)སྒོར་དུང་ཕྱུར118ལས་བརྒལ་ཡོད་པ་རེད།

2.jpg

  • ཚེས15ཉིན། 2024ལོ་ནས2025ལོའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལམ་ཐུང་མྱུར་ཤུད་འཛམ་གླིང་སྐོར་སྐྱོད་འགྲན་བསྡུར་སྨི་ལན་ས་ཚིགས་ཀྱི་སྐྱེས་པའི་སྨི500Aཚོགས་ཆུང་གི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཀྲུང་གོའི་འགྲན་ཞུགས་པ་སུན་ལུང་ལ་ཨང་དང་པོ་ཐོབ་པ་རེད།

  • ཚེས15ཉིན། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་ནས་སྲོག་ཉེན་ལས་ཐར་བའི་དབྱི་ལན་དབྱིན་དང་ཐའོ་ཁྲེང་དབྱི་ཚེ་ལས་འདས། ད་ལྟ་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་ནས་སྲོག་ཉེན་ལས་ཐར་བའི་མི28ལས་མེད་པ་རེད།

3.jpg

  • ཀོང་ཏུང་ཀོང་ཀྲོའུ་ཧའེ་ཀྲུའུ་རྒྱལ་ཁབ་འདམ་སའི་སྤྱི་གླིང་དུ་འབུ་སྲིན་གྱི་སྐྱེ་དངོས་རིགས་གསར་པ་ཞིག་རྙེད་པ་སྟེ། ཧའེ་ཀྲུའུ་འབུ་བག་མ་ཕྲ་མོ་རེད།

  • “ཁྲུང་ཆིང་འབར་རླངས་ཀྱི་གྲོན་བསྡུ་རྒྱུན་ལྡན་མིན་པའི”གནད་དོན་ལ་དམིགས་ནས། ཚེས16ཉིན་ཁྲུང་ཆིང་འབར་རླངས་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་གྱིས་སྤྱི་བསྒྲགས་སྤེལ་ཏེ། གོང་རིམ་ཚན་པས་བཅོས་སྒྲིག་ལྟ་སྐུལ་ཆེད་དོན་འཛིན་གྲྭ་མངགས་ཡོད་པ་དང་། དུས་མཚུངས་སུ་འབྲེལ་ཡོད་འགན་འཁྲི་འཁུར་མཁན་དང་འགན་འཁྲི་སྡེ་ཚན་ལ་འགན་འཁྲི་བདའ་འདེད་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

4.gif

  • ཉེ་ཆར། མེ་འཁོར་ཐེངསK1057ཅང་ཡིའུ་མེ་འཁོར་ས་ཚུགས་སུ་འདུག་སྐབས། བྱིས་པ་ཞིག་གཟབ་ནན་མ་བྱས་པར་ས་ཚུགས་སྟེགས་བུ་དང་མེ་འཁོར་བར་གྱི་སྲུབས་ཀར་ལྷུང་བས། ཉེན་རྟོག་པ་ཝང་ཏེ་ཞིན་གྱིས་འགྲུལ་པ་དང་མཉམ་དུ་སྐར་ཆ20ཙམ་གྱིས་བྱིས་པ་དེ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • ཨན་ཧུའེ་ཡིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་ཆ་སྙོམས་རོགས་སྐྱོར་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར2000ནས་སྒོར2300བར་མཐོ་རུ་གཏོང་རྒྱུའི་ཁ་གསལ་བཟོས་ཡོད།

  • ཅང་སུའུ་ནན་ཅིན་གྱིས་ད་ལོའི་ཟླ12པའི་ཚེས31ཉིན་བར་ཁང་པ་རྙིང་པའི་མཛེས་བཟོ་དང་ཐབ་ཚང་དང་གསང་སྤྱོད་ཁང་སོགས་ཆ་ཤས་བསྒྱུར་བཀོད་བྱེད་པར་མཁོ་བའི་དངོས་རྫས་དང་རྒྱུ་ཆ་ལ་སྔར་བཞིན་མཐོ་ཤོས་སུ་སྒོར་ཁྲི3གྱི་ཁ་གསབ་སྤྲོད་རྒྱུ་ཡིན་པའི་ཡིག་ཆ་བཀྲམ།

  • ཀོང་ཏུང་ཀོང་ཀྲོའུ་ཡིས2025ལོའི་སྟོན་དུས་སློབ་སྐབས་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་ཉིན་རེར་ལུས་རྩལ་སློབ་ཚན་གཅིག100%དོན་འཁྱོལ་བྱེད་དགོས་པའི་ཡིག་ཆ་བཀྲམ།

དེ་རིང་གི་གནམ་གཤིས།

5.png

  • བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་ལྷོ་རྒྱུད། ཀན་སུའུ་ཡི་དབུས་རྒྱུད་དང་ཉིང་ཞའི་ལྷོ་རྒྱུད་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།