དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-18 09:31:27   |   1156

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཚེས17ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • སློབ་གསོ་པུ་ཡིས་སྒྲིག་འཛུགས་བྱས་ནས་ལོ་ཙཱ་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེའི་ཁྲིད་དེབ》ཀྱི་ཧྥ་རན་སིའི་ཡི་གེ་དང་། ཨུ་རུ་སུའི་ཡི་གེ སི་ཕེན་ཡི་གེ ཨ་རབ་ཡི་གེ་བཅས་ཀྱི་པར་གཞི་དེ་ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་དང་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

  • ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི23ཟིན་པ་དེ་དུས་མཚུངས་ལས2.0%འཕར་ཡོད་པ་རེད།

  • བཟོ་ལས་ཆ་འཕྲིན་པུ་སོགས་སྡེ་ཚན17གྱིས་མཉམ་འབྲེལ་ཐོག་རང་རྒྱལ་གྱིས་དུས་ཡུན་ལོ་གཅིག་གི་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་སྤེལ་ནས་ཁེ་ལས་ཀྱི་མ་རྩ་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

2.png

  • རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་འཐབ་ཕྱོགས་དང་། རྒྱལ་སྲུང་བཟོ་ལས་འཐབ་ཕྱོགས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་བཅས་ཀྱི་ཕུལ་བྱུང་མགོ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ་བློ་མཐུན་ཙོའུ་ཅ་ཧྭ་ནད་ཀྱི་དབང་གིས2025ལོའི་ཟླ2ཚེས16ཉིན་གྱི་ཆུ་ཚོད23དང་སྐར་མ42ཐོག་པེ་ཅིང་དུ་སྐུ་གཤེགས། དགུང་ལོ99ཡིན།

  • ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་རྒྱལ་ཁབ་ཡིག་ཚགས་ཅུ་ཡིས་མཉམ་འབྲེལ་གྱིས《གཉེར་སྐྱོང་བྱེད་པོའི་ཐོ་འགོད་ཡིག་ཚགས་དོ་དམ་བྱེད་ཐབས》བཟོས་ནས་གཉེར་སྐྱོང་བྱེད་པོ་ས་ཁོངས་ལས་བརྒལ་བའི་གནས་སྤོ་བྱེད་བདེ་ཡོང་བ་བྱས་ཡོད། 《བྱ་ཐབས》འདི་ད་ལོའི་ཟླ3ཚེས20ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • གྲངས་གཞི་ལས་མངོན་པར། 2025ལོའི་ཟླ1པར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་སོ་སོར་ཁྲི101.5དང་ཁྲི94.4ཟིན་ནས་དུས་མཚུངས་ལས29%དང29.4%འཕར་ཡོད།

  • ཚེས17ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་མི་ཐེངས་ཁྲི19357ཟིན་ཡོད།

  • ཉེ་ཆར། ཐེ་ལན་དང་འབར་མ་གྱི་མཐའ་མཚམས་སུ་དྲ་ཐོག་རྒྱན་རྒྱུག་དང་གློག་འཕྲིན་མགོ་སྐོར་གྱི་གྱོད་གཞི་ངན་པ་བྱུང་སྟེ།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོས་ཐེ་ལན་དང་འབར་མ་སོགས་རྒྱལ་ཁབ་དང་ཕྱོགས་གཉིས་ཕྱོགས་མང་གི་མཉམ་ལས་ཧུར་ཐག་སྤེལ་ནས། ཁྲིམས་འགལ་པས་འབྲེལ་ཡོད་རྒྱལ་ཁབ་ཏུ་འཁྱམས་ནས་ཉེས་གསོག་བྱེད་པ་བཀག་སྡོམ་བྱས་ནས་དྲ་ཐོག་རྒྱན་རྒྱུག་དང་གློག་འཕྲིན་མགོ་སྐོར་གྱི་དུག་སྐྲན་ཐུན་མོང་ཐོག་མེད་པར་བཟོ་བཞིན་ཡོད་ཅེས་བཤད།

སྤྱི་ཚོགས།

  • རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ཉེ་ཆར་དྲ་སྦྲེལ་གྱི་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། སྒུལ་བདེའི་ཉེར་སྤྱོད14ལ་གསང་དོན་སྒྲིག་སྲོལ་དང་མི་མཐུན་པའི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་བ་རེད། 

3.png

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། 《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གློག་བརྙན་གྱི་རིམ་རྩིས་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་ཡོད)དུང་ཕྱུར121.23ལས་བརྒལ་ནས་གོ་ལ་ཧྲིལ་པོའི་སྤ་སེ་འཚོང་ཚད་མིང་ཐོའི་ཨང9པར་སླེབས་ཡོད།

  • 2025ལོའི་ཟླ1པོར། རྒྱལ་ཡོངས་ནས་དྲ་རྒྱའི་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་བྱས་པའི་ཡིག་ཆ་ཁྲི1691.6བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས8.8%མར་ཆག་ཡོད།

  • ཞིང་ལས་གྲོང་གསེབ་པུ་ཡིས“རྫིད་ཤ་བཅུད”སོགས་ཁྲིམས་འགལ་གྱིས་ཁ་སྣོན་དང་སྒེར་གྱིས་བཤས་གང་བྱུང་དུ་བསད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་བདེ་འཇགས་ཀྱི་མ་མཐའ་མཐའ་གཅིག་ཏུ་སྲུང་དགོས་པའི་བླང་བྱ་བཏོན།

  • 2025ལོའི་ཟླ1པོའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་རིམ་རྩིས་གྲངས་འབོར་ཁྲི1321.3ཟིན་པ་དེ་དུས་མཚུངས་ལས49.1%འཕར།

  • ཉེ་ཆར་རང་རྒྱལ་གྱི་མངའ་ཁོངས་སུDeepSeekགཞུང་ཕྱོགསAppའདྲ་བཟོ་བྱས་པའི་ཨན་ཀྲོའོ་སྟེགས་བུའི་ལག་ཁྱེར་ཁ་པར་གྱི་ཤིང་རྟ་ནད་དུག་འཛིན་བཟུང་བྱས་པ་རེད།

  • 2024ལོར། སྤྱི་བདེ་ལས་ཁུངས་ཀྱིས་རིག་དངོས་རིགས་ཁག་གི་ཉེས་གསོག་གྱོད་གཞི940ལྷག་ཙམ་རྩད་གཅོད་བྱས་པ་དང་། གྱོད་གཞི་དང་འབྲེལ་བའི་རིག་དངོས་ཁྲི1.6འདེད་ལེན་བྱས།

4.jpg

  • ཉིན་ཤས་གོང་ཧྲན་ཞིའི་ཡུས་ལིན་ནས་ཞི་ཨན་བར་གྱི་མི་མེད་གནམ་གྲུ་ཆེ་གྲས་ཀྱི་གྲོང་ཁྱེར་དབར་གྱི་དམའ་བའི་ཟོག་འགྲེམ་མཁའ་ལམ་ཐོག་མར་བདེ་བླག་ངང་འཕུར་སྐྱོད་བྱས་པ་རེད།

5.gif

  • ཉེ་ཆར། G76ཞ་རུང་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཞིག་འགག་དུས། སྒེར་གྱི་རླངས་འཁོར་སྟོང་ཙམ་གྱིས་ཉེན་ཁ་ཆེ་བའི་ཕྲུ་གུ་སྐྱེལ་འདྲེན་བྱེད་པའི་མྱུར་སྐྱོབ་རླངས་འཁོར་ལ་ལམ་ཕྱེ་ནས། བྱིས་པ་སྨན་བཅོས་ཀྱི་དུས་ཚོད་རྩ་ཆེན་བརྩོན་ལེན་བྱས་ནས་མིག་སྔར་བྱིས་པར་སྨན་བཅོས་འོས་འཚམ་བྱས་ཡོད།

སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་པར་འགྲེམས་བྱས་ནས་སློབ་ཆུང་དང་དམའ་འབྲིང་ལ་ཉིན་རེར་ལུས་རྩལ་སློབ་ཚན1དང་། མཐོ་འབྲིང་ལ་གཟའ་འཁོར་རེར་ལུས་རྩལ་སློབ་ཚན3ནས5བར་ཡོད་དགོས་པའི་བླང་བྱ་བཏོན། སློབ་ཆུང་དང་དམའ་འབྲིང་གིས“སྤོ་ལོ་ཆེན་པོ་གསུམ”ལས་ཉུང་མཐར་ཡང་སྤོ་ལོ་གཅིག་ལུས་རྩལ་སློབ་ཚན་གྱི་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་ནང་བཅུག་པ་དང་མཐོ་རིམ་སློབ་འབྲིང་གྱིས“སྤོ་ལོ་ཆེན་པོ་གསུམ”གྱི་དཔེ་དུམ་སློབ་ཁྲིད་འཛུགས་དགོས།

  • ཧྥུ་ཅན་གྱིས་མཛེས་བཟོ་རྒྱུ་ཆ་དང་། འཕྲོད་བསྟེན་གཙང་སྦྲའི་ཡོ་བྱད། ཁྱིམ་ཆས་གློག་སྒྲོན་བཅས་ཐོན་རྫས་རིགས་ཆེན་གསུམ་ཉོ་སྐབས་འཛད་སྤྱོད་པ་མི་རེར་འཛད་སྤྱོད་གཅིག་གི་ཁ་གསབ་མཐོ་ཤོས་སྒོར2000སྤྲོད་རྒྱུ་དང་རིམ་རྩིས་བྱས་ན་ལོངས་སུ་སྤྱོད་པའི་ཁ་གསབ་སྒོར10000ལས་བརྒལ་མི་ཆོག་པའི་ཡིག་ཆ་བཀྲམ།

  • ཧུའུ་པེ་ཡིས་ད་ལོའི་ཟླ12ཚེས31ཉིན་བར་འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་རླངས་འཁོར་རྙིང་པ་བེད་མེད་དུ་གཏོང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་མི་སྒེར་གྱི་འཛད་སྤྱོད་པར་ཁ་གསབ་སྒོར་ཁྲི2སྤྲོད་རྒྱུའི་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

6.png

  • ཧེ་ལུང་ཅང་གི་དབུས་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་རི་བོ་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་དབུས་བྱང་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། སི་ཁྲོན་གཤོང་སའི་ཤར་ལྷོ་རྒྱུད་དང་དབུས་རྒྱུད། ཀུའེ་ཀྲོའུ། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།