དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-19 09:20:25   |   1181

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་དང་པོར་རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར3.69ཟིན་པ་དེ་དུས་མཚུངས་ལས་12.1%འཕར་ཡོད།

  • ཆེས་མཐོའི་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲོམ་རའི་སྒྲིག་ལམ་དཀྲོག་པའི་ཉེས་གསོག་བྱེད་མཁན་ཁྲི4ལྷག་ཙམ་ཁྲིམས་སྦྱོར་བྱས་པ་དེ་དུས་མཚུངས་ལས21%འཕར་ཡོད།

  • རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་མ་འོངས་པར་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་རིན་གོང་མཐོ་བ། ཁེ་ལས་ཀྱི་རྩིས་ཁྲའི་དངུལ་ཆད་འགྱངས་བྱེད་པའི་གནད་དོན་བཅས་ལ་ཐག་གཅོད་བྱ་རྒྱུ་ཡིན་པ་བསྟན།

  • རྒྱལ་ཁབ་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་ཐོ་འགོད་སྟེགས་བུ་ཟླ3ཚེས1ཉིན་དྲ་ཐོག་ནས་དངོས་སུ་སྤྱོད་མགོ་བརྩམས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སྟེགས་བུའི་སྟེང་གྲངས་གཞི་དང་ཐོན་རྫས་འཚོལ་ཆོག་པ་རེད།

  • སྤྱི་བདེ་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་སྤྱི་བདེ་ལས་ཁུངས་ཀྱིས་ལོ་ཧྲིལ་པོར་རྒྱ་མཚོ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི་སྣ་ཚོགས་ཁྲི1.4ལྷག་ཙམ་རྩད་ཆོད་པ་དང་། མཚོ་རྒྱུད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁྲི་2ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་ཡོད།

  • ད་ལོའི་དཔྱིད་དུས་ཀྱི་སློབ་སྐབས་ནས་བཟུང་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་ཆ་སྙོམས་རོགས་སྐྱོར་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར2000ནས་སྒོར2300བར་མཐོ་རུ་གཏོང་རྒྱུ་རེད།

  • ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《ས་གནས་ཀྱི་ཚད་ལྡན་དོ་དམ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཧོ་པེ་དང་། ཧེ་ལུང་ཅང་། ཧྲང་ཧའེ་སོགས་ས་གནས13དུ་བཅོས་སྒྱུར་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།

  • ཧྥི་ལི་ཕིན་གྱི་གནམ་གྲུ་གཅིག་ཁྲིམས་འགལ་ངང་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་བར་སྣང་དུ་འཕུར་ཡོང་ཞིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་ཁུལ་གྱིས་མཚོ་མཁའ་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་འདེད་ལྟ་ཞིབ་དང་ཐ་ཚིག་སྒྲོག་ནས་ཕྱིར་འབུད་བྱས་པ་རེད།

1.jpg

  • ཚེས18ཉིན། ཀྲུང་གོས་ཅ་ཧྲ་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་བྲེལ་མྱུར་མི་ཆོས་དངོས་ཟོག་ཅོར་ཏན་ནས་སྐྱེལ་འདྲེན་བྱས་པ་དང་སྐམ་ལམ་འགག་སྒོ་བརྒྱུད་ཅ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱས། ཐོག་མའི་དངོས་ཟོག་བཟའ་བཅའི་ཁུག་མ་ཁྲི1.2ཙམ་ཡོད་པ་རེད།

  • ཚེས18ཉིན། ཨུ་རུ་སུ་དང་ཨ་རིའི་འཐུས་མི་ཚོགས་པས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་གྲོས་མོལ་བྱེད་མགོ་བརྩམས།

སྤྱི་ཚོགས།

  • ཚེས18ཉིན《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གློག་བརྙན་གྱི་གོ་ལ་ཧྲིལ་པོའི་སྤ་སེ་འཚོང་ཚད་ཨ་སྒོར་དུང་ཕྱུར16.98ལས་བརྒལ་ཏེ། 《ཀླད་པའི་གསང་མྱུལ་རུ་ཁག2》ཞེས་པའི་གློག་བརྙན་གྱི་གོ་ལ་ཧྲིལ་པོའི་སྤ་སེ་འཚོང་ཚད་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གློག་བརྙན་ལོ་རྒྱུས་ཀྱི་འགུལ་རིས་གློག་བརྙན་གྱི་སྤ་སེ་འཚོང་ཚད་མིང་ཐོའི་ཨང་དང་པོར་སླེབས་ཡོད་པ་རེད།

  • ཀོང་ཏུང་མཚོ་དོན་ཅུ་ཡིས་ཚེས18དང་ཚེས20ཉིན་གྱི་ཆུ་ཚོད8ནས་ཆུ་ཚོད18བར་དང་། ཚེས21ཉིན་གྱི་ཆུ་ཚོད8ནས་ཆུ་ཚོད16བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་མདེའུ་དངོས་འཕེན་བྱ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཉེན་བརྡ་བཏང་།

2.jpg

  • རྒྱལ་སྤྱིའི་ཕིང་ཕང་མཉམ་འབྲེལ་ལྷན་ཚོགས་སྐབས34པའི་ཨེ་ཤེ་ཡའི་ཕིང་ཕང་མནའ་འབྲེལ་ཨེ་ཤེ་ཡའི་བུམ་པ་ཚེས19ནས་ཚེས23བར་ཧྲེན་ཀྲེན་དུ་འཚོག་རྒྱུ་ཡིན་པ་དང་། སྐྱེས་པའི་རྐྱང་རྐྱང་དང་བུད་མེད་རྐྱང་རྐྱང་གི་ཚོགས་ཆུང་འགྲན་བསྡུར་གྱི་མིང་རྟགས་རེའུ་མིག་ཚེས18ཉིན་ཁྱབ་བསྒྲགས་བྱས།

  • 2025ལོའི་རྒྱལ་ཡོངས་ཁང་བའི་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར(ས་ཚིགས་3པ)ཅི་ནན་ས་ཚིགས་ཀྱི་སྐྱེས་པའི་སྨི60ཡི་འགྲན་བསྡུར་ཁྲོད་སུའུ་པིང་ཐེན་གྱིས་སྐར་ཆ6.65ཡི་ཐོག་ནས་ཨང་དང་པོ་བླངས་པ་རེད།

  • ཟླ1པོར། རང་རྒྱལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་སོ་སོར་ཁྲི215.1དང་ཁྲི213.3ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས3.3%དང0.8%འཕར་ཡོད།

  • ཉིན་ཤས་རིང་ཕན་དབྱང་མཚེའུ་མཚེའུ་ཁུལ་དུ་དགུན་བརྒལ་འདབ་ཆགས་འདུ་འཛོམས་བྱེད་མགོ་བརྩམ་ནས་བྱང་དུ་གནས་སྤོ་བྱ་རྒྱུར་སྒུག་བཞིན་ཡོད། ད་ལོའི་དགུན་ཁར། ཕན་དབྱང་མཚེའུ་ཁུལ་དུ་ཆུ་བྱ་ཁྲི70ལྷག་ཙམ་རྟོག་འཇལ་སྡོམ་རྩིས་ཐུབ་ཡོད།

3.png

  • ཉེ་ཆར་ཧྲན་ཞི་ཅིན་ཀྲུང་གི་བྱིས་པ་གསུམ་སེམས་ཆུང་མ་བྱས་པར་འཁྱགས་ཆུ་ནང་དུ་ལྷུང་ཞིང་། མང་ཚོགས་ཀྲོའུ་ཅན་མིང་གྲང་ངར་ཆེ་བའི་ཆུའི་ནང་དུ་མཆོང་ནས་ཆུའི་ནང་ལྷུང་བའི་བྱིས་པ་རེ་རེ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིན་གྱིས་བྱེད་ཐབས་བཏོན་ཏེ་ཁེ་ལས་ཀྱིས“ཐད་གཏོང+གློག་རྡུལ་ཚོང་དོན”གྱི་རྣམ་པ་གསར་པ་སྤྱད་དེ་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། “ཐད་གཏོང་འཛིན་བྱང”སྤྲད་པ་བརྒྱུད་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། གཉེར་སྐྱོང་མ་གནས་དམའ་རུ་གཏོང་རྒྱུ་རེད།

  • ནང་སོག་གིས་ཟས་རིགས་བཟོ་ཁང་ཆུང་ཆུང་དང་། བཟའ་བཏུང་ཚོང་ཁང་ཆུང་ཆུང་། ཟས་རིགས་ཚོང་ཁང་ཆུང་ཆུང་། ཟས་རིགས་ཚོང་ཁང་བཅས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ་གྱི་མངོན་གསལ་དོད་པའི་གནས་སུ་ཐོ་འགོད་ལག་ཁྱེར་དང་ཐོ་འགོད་དཔང་ཡིག ལས་ཞུགས་མི་སྣའི་བདེ་ཐང་དཔང་ཡིག་བཅས་ཡོངས་བསྒྲགས་བྱ་དགོས་པའི་སྲོལ་ཡིག་ཁྱབ་བསྒྲགས་བྱས། 

  • ཀོང་ཀྲོའུ་ཡིས་བྱ་ཐབས་བརྒྱུད་སྲིད་གཞུང་རང་བཞིན་གྱི་ཁང་ཁུངས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་ཀྱི་བོགས་དངུལ་དེ་ས་ཆ་གཅིག་མཚུངས་དང་སྤུས་ཚད་གཅིག་མཚུངས་ཀྱི་ཁྲོམ་རའི་བོགས་གཏོང་སྡོད་ཁང་གི་བོགས་དངུལ་གྱི90%ལས་མི་མཐོ་བ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

4.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་རྒྱུད། ཉིང་ཞ། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོ། ཡུན་ནན་གྱི་ནུབ་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་། ཁྲུང་ཆིང་གི་ས་ཁུལ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ས་ཁུལ་མང་ཆེ་བ། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་ཤར་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་ནུབ་བྱང་རྒྱུད། ཧུའུ་པེའི་དབུས་རྒྱུད། ཧུའུ་ནན། ཅང་ཞིའི་དབུས་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་ས་ཁུལ་མང་ཆེ་བ། ཧྥུ་ཅན་གྱི་བྱང་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ངམ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།