དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-20 09:21:35   |   1245

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • གྲངས་གཞི་ལས་མངོན་པར།    2024ལོར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་1937ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས19.2%འཕར་ཡོད་པ་རེད།     

  • སློབ་གསོ་པུ་ཡིས2025ལོའི་མཐོ་རྒྱུགས་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་དེ་ཟླ6ཚེས7དང8ཉིན་འཚོག་རྒྱུ་ཡིན་ཞེས་བརྡ་ཐོ་པར་འགྲེམས་བྱས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་དུས་ཐོག་སྡོམ་རྩིས་བཅོས་སྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་མགྱོགས་སུ་གཏོང་རྒྱུ་རེད།     

  • རྒྱལ་ཁབ་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན།    ཉེ་ཆར་མི་སྒེར་གྱི་ཆ་འཕྲིན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་དང་སྒྲིག་འགལ་གྱིAppཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།    

  • གྲངས་གཞི་ལས་མངོན་པར།    2024ལོར་ས་གནས་ཀྱི་ལྟ་སྐུལ་དོ་དམ་ཁེ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་ཁྲི7བཏང་བ་ལེགས་གྲུབ་བྱུང་། དེ་དུས་མཚུངས་ལས4.2%འཕར་ཡོད།     

  • རྒྱལ་ཁབ་ཕྱི་སྒོར་དོ་དམ་ཅུ་ཡིས་གྲངས་གཞི་ལས་མངོན་པར་གཞིགས་ན།    ཟླ་དང་པོར་དངུལ་ཁང་གིས་ཨ་སྒོར་དུང་ཕྱུར1815རྩིས་རྒྱག་པ་དང་ཨ་སྒོར་དུང་ཕྱུར2268བཙོངས་ཡོད་པ་རེད།     

  • ཚེས19ཉིན། ནོར་སྲིད་པུས་ཞང་ཀང་དུ2025ལོའི་མི་དམངས་ཤོག་སྒོར་གྱི་དུས་ཐེངས་དང་པོའི་རྒྱལ་བུན་འགྲེམས་སྤེལ་བྱས་པ་དང་འགྲེམས་སྤེལ་གཞི་ཁྱོན་སྒོར་དུང་ཕྱུར125ཟིན་ཡོད།     

  • ས་གནས་དེ་གའི་དུས་ཚོད་ཚེས18ཉིན། པར་ཙིར་གྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས(ཨོའུ་ཕེ་ཁེ)ཁོངས་མིའི་རྒྱལ་ཁབ་དང་ཨོའུ་ཕེ་ཁེ་མིན་པའི་སྣུམ་ཐོན་སྐྱེད་རྒྱལ་ཁབ་ལས་གྲུབ་པའི“ཨོའུ་ཕེ་ཁེ+”ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས།   

  • ས་གནས་དེ་གའི་དུས་ཚོད་ཚེས19ཉིན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གྱི་དུས་མཚམས་གཉིས་པའི་ནང་བཀག་ཉར་བྱས་པའི་མི་སྣ་ལྷག་མ་ཚང་མ་ཐེངས་གཅིག་ལ་ཕྱིར་གཏོང་རྩིས་ཡོད་ཅེས་བཤད། 

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན།    གཟའ་འཁོར་འདིའི་གཟའ་དཀྱིལ་དང་གཟའ་མཇུག་ཏུ་རྒྱལ་ཡོངས་ཀྱི་དྲོད་ཚད་མང་ཆེ་བ་རླབས་འགུལ་ཁྲོད་མར་ཆག་རྒྱུ་དང་། གཟའ་མཇུག་ཏུ་ས་གནས་ཁག་གི་དྲོད་ཚད་གཅིག་རྗེས་གཉིས་མཐུད་དུ་དམའ་རུ་འགྲོ་རྒྱུ་རེད།     

2.png

  • རྒྱལ་ཁབ་གློག་བརྙན་ཅུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།    ལྟད་མོ་བ་ཚོའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཆེད《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གློག་བརྙན་གྱི་འགྲེམ་སྟོན་བྱེད་པའི་དུས་ཚོད2025ལོའི་ཟླ3ཚེས་30ཉིན་བར་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས། 

  • སྤྱི་བདེ་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན།    2024ལོར་སྤྱི་བདེ་ལས་ཁུངས་ཀྱིས་ཉ་ལས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི6000ལྷག་ཙམ་རྩད་གཅོད་བྱས་པ་དང་། ཉེས་གསོག་ཚོགས་པ830ལྷག་ཙམ་མེད་པ་བཟོས་པ་རེད།     

  • ཚེས་19ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར170དང་སྒོར160ལ་ཆག    

  • ཚེས19ཉིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས“2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་གསར་པ”དྲུག་ཁྱབ་བསྒྲགས་བྱས་པ་རེད། 

  • འབར་མའི་བྱང་རྒྱུད་མིང་ཚང་ཉེས་གསོག་ཚོགས་པའི་གྱོད་གཞི་ཚེས14ཉིན་ནས་ཚེས19ཉིན་བར་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་འདྲི་གཅོད་དང་པོ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས།   

3.gif

  • ཧུའུ་པེ་ཝུའུ་ཧན་གྱི་བྱིས་པ་ཞིག་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་གློ་བུར་དུ་འདུ་ཤེས་རབ་རིབ་གྱུར་ནས།    ལས་འགན་སྒྲུབ་རོགས་ཉེན་རྟོག་པ་ཧན་ཅིན་གྱིས་ཤེས་རྗེས་མྱུར་དུ་ཕྲུ་གུ་པང་དུ་བཟུང་ནས་སྐར་མ་གསུམ་གྱི་ནང་སྨན་ཁང་དུ་ཐོན་དུ་བཅུག་ནས་མིག་སྔར་བྱིས་པ་ཉེན་ཁ་ལས་ཐར་ཡོད།

སྲིད་ཇུས། 

  • སི་ཁྲོན་གྱིས་གློག་སྒུལ་རྐང་འཁོར་རྙིང་པ་གསར་དུ་བརྗེ་སྐབས་ལིས་གྱེས་རྡུལ་གློག་གསོག་གློག་རྫས་རྙིང་པ་བཙོང་བ་དང་འབྲེལ་ཚད་མཐུན་ཞ་ཉེ་གློག་གསོག་གློག་རྫས་བརྗེ་ཉོ་པར་ཁ་གསབ་སྒོར100ལྷག་མ་སྤྲོད་རྒྱུ་ཡིན་པའི་ཞིབ་སྲོལ་པར་འགྲེམས་བྱས། 

  • ཅི་ལིན་གྱིས་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་བཏང་སྟེ། སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་ཆོག་མཆན་དགོས་པའི་བྱེད་སྒོ་ཆེ་གྲས་ལ་སྙན་ཞུའི་དུས་ཚོད་ཉིན15བར་ཉུང་དུ་བཏང་བ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཡུན་ལས་ཀའི་ཉིན5བར་ཉུང་དུ་བཏང་།  

  • ཧའེ་ནན་གྱིས་ཞིང་ཆེན་ཡོངས་ཀྱི་ལོ20ནས50བར་གྱི་འགོག་སྨན་མ་བརྒྱབ་པའམ་ཡང་ན་སྲུང་སྐྱོབ་རང་བཞིན་གྱི་འགོག་གཟུགས་མེད་པའི་མི་ཚོགས་ལ་རིན་མི་དགོས་པར་མཆིན་ཚད་ཁ་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པའི་ཇུས་གཞི་ཁྱབ་བསྒྲགས་བྱས།

དེ་རིང་གི་གནམ་གཤིས།

4.jpg

  • ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། ཞིན་ཅང་གི་ཨ་ལེ་ཐའེ། ཞིན་ཅང་ལྷོ་མའི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་དབུས་རྒྱུད་དང་ལྷོ་རྒྱུད། ཧྲའན་ཞིའི་དབུས་རྒྱུད་དང་ལྷོ་རྒྱུད། ཧྲན་ཞིའི་དབུས་རྒྱུད། ཧྲན་ཏུང་གི་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧོའེ་ཡི་ནུབ་རྒྱུད། ཅང་ཧོའེ་ཡི་ནུབ་རྒྱུད། ཅང་ཧན་གྱི་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།