དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-21 09:35:14   |   1274

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ་བློ་མཐུན་ཙུའུ་ཅ་ཧྭ་ཡི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་རུ་མེར་བསྲེགས་པ་རེད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིན། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེན་སོགས་པ་པའོ་ཧྲན་དུ་སོང་ནས་ཞལ་གྱེས་བྱས།     

  • ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་ཀྱིས་སྐུལ་ཁྲིད་བྱས་པར་བརྟེན། ད་ལོར་རྒྱལ་ཡོངས་ཀྱི་བེད་མེད་རླངས་འཁོར་ཕྱིར་བསྡུ་བྱེད་ཚད་དུས་མཚུངས་ལས35%ཙམ་འཕར་བ་དང་། ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་སིལ་འཚོང་བྱེད་ཚད་དུས་མཚུངས་ལས20%ལས་བརྒལ་ཡོད།  

  • དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུ་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་མཉམ་འབྲེལ་ཐོག《དཀའ་ངལ་ཡོད་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་རོགས་སྐྱོར་ལས་དོན་ཚད་གཞི》པར་འགྲེམས་བྱས།  

  •  ཆུ་བེད་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས20ཉིན་བར་རིམ་རྩིས་བྱས་ན་རྨ་ཆུའི་འཁྱགས་རོམ་སྟོང་སྨི46.2ལྷག་ཙམ་ཞུ་བ་དང་། འཁྱགས་རོམ་ཞུ་མེད་པའི་དུམ་བུ་ལྷག་མའི་རིང་ཚད་སྟོང་སྨི682.2ཡོད་པ་རེད།     ཆུ་བེད་པུ་དང་ས་གནས་ཀྱི་ཆུ་བེད་སྡེ་ཁག་ཕྱོགས་ཡོངས་ནས་དར་འགོག་གི་འགག་རྩའི་དུས་སྐབས་ཀྱི་ལས་ཀའི་རྣམ་པར་སླེབས་ཡོད།     

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་ལྔ་ཡིས་ཉེ་ཆར་མཉམ་འབྲེལ་ཐོག《འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་ཏེ། 2027ལོར་སླེབས་སྐབས་འཛད་སྤྱོད་མཁོ་སྤྲོད་སྤུས་ཚད་ལེགས་སུ་གཏོང་བ་དང་། འཛད་སྤྱོད་སྒྲིག་ལམ་ལེགས་སུ་གཏོང་བ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ་སོགས་བྱ་སྤྱོད་ཆེན་པོ་ལྔ་གཏིང་ཟབ་ངང་སྤེལ་དགོས་པ་བཏོན་ཡོད།     

  • 2024ལོར་སྤྱི་བདེ་ལས་ཁུངས་ཀྱིས་འཆལ་རྒྱན་གྱི་ཉེས་དོན་གྱོད་གཞི་ཁྲི6ལྷག་ཙམ་རྩད་གཅོད་བྱས་པ་དང་། འཆལ་རྒྱན་གྱི་བདེ་འཇགས་གྱོད་གཞི་ཁྲི50ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས། 

  • ཚེས20ཉིན། 2025ལོའི་དུས་ཐེངས་གཉིས་པའི་དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་ཀྱི་སྐྱེད་ཚད(LPR)བཏོན་པ་དང་ལོ1དང་ལོ5ཡན་གྱིLPRཚང་མར་ལེགས་སྒྲིག་བྱས་མེད། 

2.png

  • རང་རྒྱལ་གྱི་སྨི་ཁྲི་ལས་བརྒལ་བའི་རྩད་ཞིབ་ཁྲོན་པ་དང་པོ་སྟེ།    གཏིང་ཟབ་ཐ་ཁོའོ་ཁྲོན་པ་དང་པོ་དེ་ཉིན་ཤས་གོང་ས་འོག་སྨི10910ལ་གསོར་འབིགས་ལེགས་གྲུབ་བྱུང་ནས་ཨེ་ཤེ་ཡའི་དྲང་འཕྱང་གཏིང་ཟབ་ཁྲོན་པ་ཨང་དང་པོ་དང་འཛམ་གླིང་གི་དྲང་འཕྱང་གཏིང་ཟབ་ཁྲོན་པ་ཨང་གཉིས་པར་གྱུར་ཡོད།     

  • ཚེས20ཉིན།《2025ལོའི་གོ་ལ་ཧྲིལ་པོའི་མཉེན་ཤུགས་སྟོན་གྲངས》དེ་དབྱིན་ཇིའི་ལོན་ཏོན་དུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་མཉེན་ཤུགས་ཀྱི་ཨང་རིམ་ན་ནིང་གི་ཨང་གསུམ་པ་ནས་ཨང་གཉིས་པར་འཕར།   

3.png

  • ཚེས20ཉིན། འབར་མས་རང་རྒྱལ་ལ་ཕྱིར་སྐྱེལ་བྱས་པའི་མའོ་ཝ་ཏི་ས་ཁུལ་གྱི་ཀྲུང་གོའི་རྒྱལ་ཁོངས་ཀྱི་མགོ་སྐོར་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཡོད་མི་སྣ200ཐེ་ལན་བརྒྱུད་རང་རྒྱལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཕྱིར་རང་རྒྱལ་ལ་སྐྱེལ་པ་རེད།

སྤྱི་ཚོགས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན།    མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)29དང་། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་སོགས་སུ་གཏན་འཁེལ་སྨན་ཁང་གི་རིན་གོང་བསྡུར་བ་བྱེད་པའི་བྱ་རིམ་ཆུང་ཆུང་སྤྱད་པས་སྨན་རྫས་ཀྱི་རིན་གོང་མཐེབ་གཅིག་འདྲི་རྩད་དང་། དུས་ཐོག་བསྡུར་བ། གནས་ཡུལ་ཕྱོགས་སྟོན་སོགས་མངོན་འགྱུར་ཐུབ་ཡོད་པ་རེད།     

  • ཟླ3ཚེས1ཉིན་ནས་བཟུང2024ལོའི་མི་སྒེར་གྱི་དཔྱ་ཁྲལ་སྡོམ་རྩིས་དངོས་སུ་མགོ་ཚུགས་པ་དང་དེ་རིང་ནས་བཟུང་ལོ་འཁོར་གྱི་སྡོམ་རྩིས་ཁ་ཆད་བྱས་ཆོག་པ་རེད།     

  • 2024ལོའི་ཟླ11བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་མི་ཁྲི6.7ཁྲིམས་སྦྱོར་བྱས།  

  • སྟེགས་བུ་མང་པོ་ཞིག་གིས་སྔ་རྗེས་སུ་ཕྱི་ཚོང་རྟ་པ་རྣམས་ལ་རིམ་བཞིན་སྤྱི་ཚོགས་འགན་བཅོལ་འཇལ་རྒྱུ་ཁྱབ་བསྒྲགས་བྱས། 

4.png

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་གོ་ལ་ཧྲིལ་པོའི་འདུས་གྲུབ་འོད་ཚད་རྡུལ་ཉིང་ལྷེབ་གྱི“རྒྱུན་མཐུད་འགྱུར་ཚད”ཀྱི་ཚད་རྡུལ་རྙོག་འཛིང་ཚོམ་རྣམ་པ་ཐོག་མ་དེ་མངོན་འགྱུར་བྱུང་།    འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཚེས20ཉིན《རང་བྱུང》དུས་དེབ་ཐོག་ཁྱབ་བསྒྲགས་བྱས། 

  • ཚེས20ཉིན། ཀྲུང་གོའི་རྒྱུ་སྐར་འཚོལ་ཞིབ་ལས་གྲྭའི་ཐན་ཝུན་ཨང་གཉིས་པའི་ལས་འགན་འཚོལ་ཞིབ་སྒྲིག་ཆས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་འབྱོར་ཡོད།     

  • ཉིན་ཤས་གོང་། གནའ་རྫས་རྟོག་ཞིབ་ལས་དོན་པས་རྨ་ཆུའི་སྟོད་རྒྱུད་ཀྱི་ཐའོ་གཙང་པོའི་འབབ་རྒྱུད་ནས་རང་རྒྱལ་གྱི་མིག་སྔར་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་དང་། ནང་དོན་ཕུན་སུམ་ཚོགས་ཤོས། རིམ་པ་མཐོ་ཤོས་བཅས་ཀྱི་མ་ཅ་ཡའོ་རིག་གནས་འདུས་སྡོད་ཆེ་གྲས་ཤེས་རྟོགས་བྱུང་བ་རེད།

5.png

  • ཉེ་ཆར། “ཀྲུང་གོར་བཙན་འཛུལ་བྱས་པའི་འཇར་པན་དམག་དཔུང་གི་ཉེས་སྤྱོད་ཐོ་འགོད་བྱས་པའི་པར་རིགས”600ལྷག་ཙམ་ཞལ་འདེབས་སུ་འབུལ་འདོད་པའི་ཧྥ་རན་སིའི་གཞོན་ནུ་མ་ཁུའུ་སི·ཏེ་ལེ་ཐེ་སིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མིག་སྔར་འདྲ་པར་དེ་དག་ཧྲང་ཧའེ་སུང་ཧུའུ་འཇར་འགོག་དྲན་གསོའི་ཁང་དུ་གསལ་འབྱེད་རགས་ཙམ་བྱེད་པར་རྩིས་སྤྲོད་བྱས།   

6.png

  • ཅང་སུའུ་ཐའེ་ཚང་གི་སྡོད་དམངས་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་རྒན་རྒོན་ཞིག་ཁང་བའི་ནང་ལུས་དུས། སྡོད་དམངས་ཀྲང་སེན་དང་ལིའུ་ལུའུ་ལིན་བཟའ་ཟླ་གཉིས་ཀྱིས་མེ་སྐྱོན་གྱི་གནས་ཚུལ་ཤེས་རྗེས། མེ་སྐྱོན་བྱུང་བའི་ཁང་བའི་ནང་འཛུལ་ནས་ལུས་པའི་རྒན་རྒོན་དེ་བསྐྱབས་པ་རེད།     

སྲིད་ཇུས།

  • ཧོ་པེ་ཡིས་མི་སྒེར་གྱི་འཛད་སྤྱོད་པས་ད་ལོའི་ཟླ1ཚེས8ཉིན་གྱི་སྔོན་ལ་རང་ཉིད་ཀྱི་མིང་འོག་ཏུ་ཐོ་འགོད་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་བཙོངས་པར་མ་ཟད། འབར་སྣུམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཉོས་ཚེ། ཆེས་མཐོ་བའི་ཁ་གསབ་སྒོར13000སྤྲོད་རྒྱུ་དང་། ནུས་ཁུངས་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཉོ་མཁན་ལ་ཆེས་མཐོ་བའི་ཁ་གསབ་སྒོར15000སྤྲོད་རྒྱུ་ཡིནཔའི་བརྡ་ཐོ་པར་འགྲེམས་བྱས།   

  • ཀན་སུའུ་ཡིས་སློབ་འབྲིང་སློབ་མས་གཟའ་འཁོར་རེར་སྨི་ཁྲི1ལས་མི་ཉུང་བ་རྒྱུག་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད2ལས་མི་ཉུང་བ་འགན་ལེན་བྱ་རྒྱུ་ཡིན་པའི་བརྡ་ཐོ་པར་འགྲེམས་བྱས།

  • ཉིང་ཞ་ཡིས་མི་སྒེར་གྱི་རྒན་གསོའི་མ་དངུལ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་ཡིག་ཆ་བཏོན་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་བཅས་ནང་ཞུགས་པའི་ངལ་རྩོལ་པ་ཚང་མ་ཞུགས་ཆོག་པ་བསྟན།

 དེ་རིང་གི་གནམ་གཤིས།

7.png

  • ནང་སོག་གི་དབུས་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་དབུས་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞིའི་ཤར་རྒྱུད། ཧྭ་བྱང་གི་ལྷོ་རྒྱུད་དང་ནུབ་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོ་རྒྱུད་དང་ཧོང་ཧོའེ་ཡི་ནུབ་རྒྱུད།    ཧྲན་ཏུང་ཕྱེད་གླིང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོ་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་འབབ་རྒྱུ་དང་བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཅང་ཧོའེ་ཡི་ནུབ་རྒྱུད་དང་། ཅང་ནན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ་སོགས་སུ་ཆར་ཆུང་འབབ་རྒྱུ་དང་། དེའི་ནང་ཅང་ཞིའི་ཤར་ལྷོའི་རྒྱུད་དང་ཧྥུ་ཅན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།