དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-24 09:14:46   |   1200

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 2025ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ཟླ2པའི་ཚེས23ཉིན་ཁྱབ་བསྒྲགས་བྱས། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི“ཞིང་གསུམ་”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་བཅུ་གསུམ་པ་ཡིན།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་དེ་རིང་ཕྱི་དྲོའི་ཆུ་ཚོད3པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོག་སྟེ། གྲོང་གསེབ་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་གདབ་རྒྱུ་རེད།     

  • ཆུ་བེད་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི་དཔྱིད་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་ཁྲི1000ལས་བརྒལ་ཡོད།

微信图片_20250224090751.jpg

  • ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་།(ཟླ1པའི་ཚེས14ཉིན་ནས་ཟླ2པའི་ཚེས22ཉིན་བར)རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་དུས་གཏན་གནམ་གྲུའི་གྲངས་འབོར་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ལས་བརྒལ་ཡོད།

  • རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་དུས་ཚིགས་བཞི་པའི་མཇུག་ཏུ་རང་རྒྱལ་གྱི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་སྤྱིའི་རྒྱུ་ནོར་མུ་མཐུད་འཕར་བ་རྒྱུན་འཁྱོངས་བྱས་ཡོད།

  • ད་ལོའི་ཟླ་དང་པོར་རྒྱལ་ཁབ་ནུས་ཁུངས་ཅུས་ལྗང་མདོག་གློག་ཤུགས་ལག་ཁྱེར་དུང་ཕྱུར2.31སྤྲད་པ་དེ་དུས་མཚུངས་ལས་ལྡབ2.25འཕར་ཡོད།

  • ཚེས23ཉིན་རང་རྒྱལ་གྱིས་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པའི་རབས་བཞི་པའི་རྒྱ་མཚོའི་ལས་གྲྭའི་སྒྲིག་སྦྱོར་གྲུ་གཟིངས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། རང་རྒྱལ་གྱི་མཚོ་ཐོག་བཟོ་ལས་སྒྲིག་ཆས་ཀྱི་ཁྲོམ་རའི་ཐོབ་སྐལ་བསྟུད་མར་ལོ་བདུན་ལ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ཚེས23ཉིན། རྒྱལ་སྲུང་པུས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དམག་གྲུ་རུ་ཁག་གི་སྦྱོང་བརྡར་བྱེད་སྒོ་འུད་སྒྲོག་བྱས་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏོན་པ་འདི་ལྟ་སྟེ། ཀྲུང་གོ་ཕྱོགས་ཀྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཐོག་དར་ཁྱབ་བྱེད་པའི་བྱེད་སྟངས་དང་རྦད་དེ་མཐུན་པས་མཁའ་འགྲུལ་འཕུར་སྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བཤད།     

  • འཇར་མན་གྱི་སྐབས་གསར་པའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ (གྲོས་ཚོགས་ཀྱི་གྲོས་ཁང་འོག་མ)གི་འདེམས་བསྐོའི་འདེམས་ཤོག་དེ་ས་གནས་དེ་གའི་ཚེས23ཉིན་གྱི་ཆུ་ཚོད8ཐོག་དངོས་སུ་འཕེན་མགོ་ཚུགས་རྒྱུ་རེད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན།    གཟའ་འཁོར་འདིར་ས་ཁུལ་མང་ཆེ་བའི་རིམ་རྩིས་དྲོད་ཚད་འཕར་ཚད10℃ཡན་ཟིན་རྒྱུ་རེད།

  • དེ་རིང་ནས་བཟུང་། རྒྱལ་ཡོངས་ས་གནས་ཁག་གིས2025ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་འབྲས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱ་རྒྱུ་རེད།

微信图片_20250224090752.jpg

  • ཚེས23ཉིན། 2025ལོའི་ཕིང་ཕང་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་འགྲན་བསྡུར་གྱི་འགྲན་རིམ་ཚང་མ་ཧྲེན་ཀྲེན་དུ་མཇུག་སྒྲིལ་ཞིང་། ཀྲུང་གོའི་འགྲན་བསྡུར་གྱི་བདམས་ཐོན་པ་ཝང་མན་ཡུས་ལ་བུད་མེད་རྐྱང་པའི་ཨང་དང་པོ་ཐོབ་པ་དང་ཝང་ཁྲུའུ་ཆིན་ལ་སྐྱེས་པ་རྐྱང་པའི་ཨང་དང་པོ་ཐོབ།

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་ཕྱོགས་རྐྱང་ཚད་རྡུལ་གྱི་ཐད་ཀའི་འཕྲིན་གཏོང་གཞུང་ལུགས་བཏོན་པ་མ་ཟད་དངོས་སྤྱོད་ཅན་གྱི་མ་ལག་རྒྱལ་ཁའི་ངང་ཞིབ་འཇུག་དང་གསར་བཟོ་བྱས། དེ་ཡིས་ཕྱོགས་རྐྱང་ཚད་རྡུལ་གྱི་ཐད་ཀའི་འཕྲིན་གཏོང་གཞུང་ལུགས་ཀྱི་བསམ་བཀོད་དེ་དོན་དངོས་ཀྱི་བཀོལ་སྤྱོད་དུས་རིམ་དུ་སླེབས་སུ་བཅུག

20.gif

  • ཉེ་ཆར། རང་རྒྱལ་གྱི་རྣམ་པ་གསར་པའི་མདེལ་འཕེན་རྐུབ་སྟེགས་ཞིབ་འཇུག་གསར་སྤེལ་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། དེ་ཡིས་མཁའ་འགྲུལ་གསོ་རིག་འགོག་སྲུང་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་གསབ་ཡོད།

  • ཚེས23ཉིན། ཧྥུ་ཅན་ཆོན་ཀྲོའུ་གྲུ་ཁ་ནས་ཏི་ཝུན་ཤར་མ་བར་གྱི་ཏི་ལི་མཚོ་ཐོག་སྐྱེལ་འདྲེན་ལམ་བུ་དངོས་སུ་ཤར་གཏོང་ཐུབ་ཡོད། དེ་ནི་མིག་སྔར་རང་རྒྱལ་ནས་ཏི་ཝུན་ཤར་མ་བར་གྱི་མཚོ་ཐོག་སྐྱེལ་འདྲེན་ལམ་བུ་མགྱོགས་ཤོས་ཡིན།

  • ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་ཐོན་ཁུངས་ཀྱི་གཞི་རྩའི་བརྟག་དཔྱད་གྲུབ་འབྲས་ཉེ་ཆར་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས། ད་ཐེངས་ཀྱི་བརྟག་དཔྱད་ནང་རྩི་ཤིང་དང་འབུ་རིགས། སྨར་སྲིན་ཆེ་གྲས་སོགས་རིགས་མང་པོའི་སྐྱེ་དངོས་གསར་པ34ཤེས་རྟོགས་བྱུང་ཡོད།  

微信图片_20250224090754.jpg

  • ཀྲེ་ཅང་ཉིང་པའོ་ཡི་རྒན་པ་ཞིག་གིས་སེམས་ཆུང་མ་བྱས་པར་ཆུའི་ནང་དུ་ལྷུང་བ་ན། གཞོན་ནུ་ལུའོ་ཝེས་རོགས་སྐྱོབ་ཀྱི་འབོད་སྒྲོག་ཐོས་མ་ཐག་ཤིན་ཏུ་འཁྱག་པའི་ཆུའི་ནང་དུ་མཆོང་ནས་མི་མང་པོ་དང་མཉམ་དུ་རྒན་པ་དེ་མཚོ་འགྲམ་དུ་བསྐྱབས། མིག་སྔར་རྒན་པ་ལ་སྐྱོན་ཆེན་པོ་མི་འདུག

    སྲིད་ཇུས།

  •   ཀན་སུའུ་ཡིས“ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་བསྒྲུབ་པའི”2025ལོའི་ལོ་འཁོར་གྱི་གཙོ་གནད་དོན་དག་ཁག་དང་པོའི་ཞིབ་ཐོ་ཁྱབ་བསྒྲགས་བྱས་པ་དེའི་ནང་རླངས་འཁོར་གསར་པའི་བྱང་བུ་དང་གཉེན་སྒྲིག་གཞིས་ཆགས་སོགས་ཚུད་ཡོད།  

  • ཅང་ཞིས་ཟླ3པའི་ཚེས1ཉིན་ནས་བཟུང་གྲོང་ཁྱེར་དུ་ཁྱི་དང་ཞི་ལ་སོགས་ཕྱིར་འཁྱེར་སྐབས་གཅིན་སྐྱག་དུས་ཐོག་ཏུ་གཙང་བཤེར་མ་བྱས་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་སྤྲོད་རྒྱུ་དང་། ཡོ་བསྲང་མ་བྱས་པའི་རིགས་ལ་ཆེས་མཐོའི་དངུལ་ཆད་སྒོར500གཅོད་རྒྱུ་ཁ་གསལ་བཏོན།  

  • ཀོང་ཏུང་ཧྲེན་ཀྲེན་གྱིས་ད་ལོར་མ་དངུལ་སྒོར་དུང་ཕྱུར45གྲབས་གསོག་བྱས་ནས་ཁེ་ལས་ཀྱིས་རྩིས་ནུས་སྤྱོད་རྒྱུར་རོགས་རམ་བྱ་རྒྱུ་དང་། ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི1000སྤྲོད་རྒྱུ་དང་ཟླ3པ་ནས་བཟུང་ཁེ་ལས་ཀྱི་སྙན་ཞུ་བདག་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།

    དེ་རིང་གི་གནམ་གཤིས།

微信图片_20250224090755.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ། བོད་ལྗོངས་ཀྱི་དབུས་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་དབུས་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧུའུ་ནན་གྱི་ནུབ་རྒྱུད་དང་། ལྷོ་ནུབ་ཀྱི་ས་ཁུལ་མང་ཆེ་བ། ཧེ་ནན་གླིང་ཕྲན་དང་ཐེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།