དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-25 09:08:11   |   1179

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཆད་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁ་པར་བཏང་།

  • འགག་སྒོའི་སྤྱི་ཁྱབ་ཧྲུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་འཁྲུག་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཡོད་གྲུབ་འབྲས་ལྡན་པའི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ཁྲི60ལས་ཐེངས་དང་པོར་བརྒལ།

  • རང་བྱུང་ཐོན་ཁུངས་པུས་ཞིབ་རྩིས་རགས་ཙམ་བྱས་པ་ལྟར་ན། 2024ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི10ལས་ཐོག་མར་བརྒལ་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས2024ལོར་རྒྱལ་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཇེ་ལེགས་སུ་སོང་ཚད་ཆེ་བ་དང་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་གསུམ་ཚང་མ་ལོ་འཁོར་གྱི་དམིགས་ཚད་ལས་ལེགས་པོ་ཡོད་ཅེས་བཤད།

  • དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་ཁྱོན་འགྲུལ་པ་མི་ཐེངས་དུང་ཕྱུར5.13སྐྱེལ་འདྲེན་བྱས་པ་དང་། འགྲུལ་པ་དང་ཟོག་འདྲེན་ཚད་ཚང་མ་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་བརྒལ་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས22ཉིན་བར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་ཐོག་ཁུངས་འདེད་ཨང་རིས(追溯码)དུང་ཕྱུར219.36བསྡུས་ཡོད།

  • ཚེས24ཉིན། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཟླ1ནས་ཟླ11བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྱོན་ཁྲི14ལྷག་ཙམ་བསྒྲུབས་ཡོད།

  • ཚེས24ཉིན་བར། ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ལམ་ལས་གྲྭ་དེས་བྱང་ཕྱོགས་སུ་ཆུ་སྨི་ངོས་གྲུ་དུང་ཕྱུར700དྲངས་ཏེ་ཧོ་ནན་དང་། ཧོ་པེ། ཐེན་ཅིན། པེ་ཅིང་བཅས་ཀྱི་མི་དུང་ཕྱུར1.14ཙམ་ལ་ཕན་པ་ཐོབ་ཡོད།

    1.jpg

  • ཚེས24ཉིན། ཀོང་ཏུང་ལུའུ་ཧྥུང་ཉིང་རྡུལ་གློག་རྣམ་གྲངས་ཀྱི་འཕྲུལ་འཁོར་ཚན་པ་དང་པོའི་གཙོ་གཟུགས་ལས་གྲྭ་དངོས་སུ་མགོ་ཚུགས་པ་དང་། འཕྲུལ་འཁོར་ཚན་པ་དྲུག་བསྐྲུན་ཚར་རྗེས་ལོ་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི4269ཙམ་ཉུང་དུ་གཏོང་ཐུབ་རྒྱུ་རེད།

  • ཚེས24ཉིན། གནམ་གྲུའི་བར་གེགས་རྐྱེན་པས་སྒོ་བརྒྱབ་ནས་ཉིན56འགོར་རྗེས་ལྷོ་ཁོ་རེ་ཡའི་ཝུའུ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་དུས་གཏན་གནམ་གྲུ་ཁག་ཅིག་གི་ལས་ཀ་སླར་གསོ་བྱས།

    སྤྱི་ཚོགས།

2.jpg

  • ཚེས24ཉིན། སློབ་གསོ་པུས2025ལོའི་ཞིབ་འཇུག་སློབ་བསྡུའི་རྒྱུགས་ཀྱི་རྒྱལ་ཁབ་ཀྱི་སྐར་མཚམས་ཁྱབ་བསྒྲགས་བྱས།

  • ཚེས24ཉིན་གྱི་ཆུ་ཚོད18པའི་བར། 2025ལོའི་དཔྱིད་གསར་དུས་ཆེན་ཐོག་འགྲེམས་སྟོན་བྱས་པའི་གློག་བརྙན་གསར་པའི་སྤ་སེ་བཙོང་ཚད་ཀྱི་སྡོམ་འབོར་(སྔོན་ཚོང་ཚུད་པ)དུང་ཕྱུར200ལས་བརྒལ་ཡོད།

  • ཆེས་མཐོའི་ཁྲིམས་ཁང་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དེ་བཞིན་འབྲེལ་ཡོད་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ7ཁྱབ་བསྒྲགས་བྱས།

  • ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའུ་ཧྲུའུ་ཅི་ཟུར་པའམ་ཏུང་ཧྲི་ཀྲང་ཐན་རུའེ་སུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའུ་ཡི་ཁོངས་མི་ཟུར་པའམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་ཞིན་ཤིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་ཞབས་པའི་ཁོངས་ནས་ཕྱིར་ཕུད།

  • ཚེས24ཉིན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ཟུར་པའམ་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་། ཁྲིམས་འགལ་གྱིས་མེ་མདའ་དང་མདེའུ་བཟུང་བའི་གྱོད་དོན་གྱི་བཅད་ཁྲ་དང་པོ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས། དབྱང་ཁེ་ཉིང་ལ་དུས་བཙོན་ལོ་ངོ་བཅུ་དྲུག་གི་ཁྲིམས་ཐག་བཅད།

  • ཚེས24ཉིན། ཀྲུང་གོ་ཧྭ་རུང་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཐེན་ཧུའེ་ཡི་ལྐོག་རྔན་བླངས་པའི་གོང་གཏུག་གྱོད་གཞིའི་འདྲི་གཅོད་གཉིས་པའི་བཅད་ཁྲ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས། སྲོག་ཁྲིམས་ཀྱི་ཁྲིམས་ཐག་རྒྱུན་འཁྱོངས་བྱས་ཡོད།

3.jpg

  • རྒྱལ་སྤྱིའི་ལས་རིགས་ཝང་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས(ATP)ཀྱིས་དུས་སྐབས་གསར་ཤོས་ཀྱི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་ཀྲུང་གོའི་བདམས་ཐོན་པ་ཀྲང་ཀྲི་ཀྲེན་ཨེ་ཤེ་ཡའི་ཨང་དང་པོར་སླེབས་ཡོདཧོ་ནན་ཀྲེང་ཀྲོའུ་རུ་དབྱང་ཧྲའོ་དུས་དཀྱིལ་གྱི་གྲོང་ཁྱེར་གྱི་གནས་རྙིང་ཆེ་ཤོས་རྙེད། དེ་ཡིས་རང་རྒྱལ་གྱི་གྱང་རྡུང་བའི་ལོ་རྒྱུས་དེ་ལོ5000ལྷག་ཙམ་གྱིས་གོང་ལ་བསྣུར་ཡོད།

4.jpg

  • ཚེས26ཉིན་གྱི་ཆུ་ཚོད22ཐོག་སྐབས་ཉེར་དྲུག་པའི་ཧའར་པིན་གངས་འཁྱགས་འཇིག་རྟེན་སྒོ་རྒྱག་རྒྱུ་རེད།

    སྲིད་ཇུས།

  • ཅང་སུའུ་ཡིས་བྱེད་ཐབས་བཏོན་ནས་ཁེ་ལས་ཀྱིས་བུད་མེད་ལས་བཟོ་པས་ཕྲུ་གུ་བཙའ་བའི་ངལ་གསོའི་རིང་གི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་སྤྲོད་པའི་ཚད་གཞི་དེ་ད་ལྟ་སྤྱོད་བཞིན་པའི་ཕྲུ་གུ་གཉིས་པ་དང་གསུམ་པའི་ཁ་གསབ་ཀྱི་རྨང་གཞིའི་ཐོག་ཕྲུ་གུ་གཅིག་སྐྱེས་ན་ཁ་གསབ50%སྤྲོད་རྒྱུའི་བར་རྒྱ་ཆེར་བཏང་།


  • ཁྲུང་ཆིང་གིས་ཕ་ཡུལ་དུ་ཕྱིར་ལོག་པའི་འཇོན་ལྡན་མི་སྣ་དང་། ལས་གཏོད་མཁས་པ། ཕ་ཡུལ་དུ་ཕྱིར་ལོག་པའི་གཞོན་ནུ་སོགས་ཀྱི་ཁྲོད་ནས“གྲོང་གསེབCEO”གདམ་གསེས་གདན་ཞུ་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཐོན་ལས་ལ་ཆེད་ལས་ཅན་གྱི་གཉེར་སྐྱོང་དོ་དམ་བྱ་རྒྱུ་ཚོད་ལྟ་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས།

  • ཀོང་ཏུང་གིས་བརྡ་ཐོ་པར་འགྲེམས་བྱས་ཏེ། སྡེ་ཁུལ་གྱི་ཁྲོམ་གཞུང་དང་ལམ་རྒྱུད་ཀྱི་ཚོང་ཁང་དུ་རྒན་གསོའི་ཞབས་ཞུ་དང་། ཟ་མའི་རོགས་སྐྱོར། བུ་བཅོལ་ཁང་། ཁྱིམ་ལས་ཞབས་ཞུ་བཅས་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཧྲན་ཞིའི(陕西)ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཧྭ་ནན་གྱི་དབུས་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།