དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-26 09:14:35   |   1138

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་འཆར་གཞི》པར་འགྲེམས་བྱས།

  • ཚེས25ཉིན། ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ད་ལོ་རྫོང75ལ་གློག་གསོག་པ་དང་བརྗེ་བའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པའི་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྩིས་ཡོད།

  • 2024ལོར་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པ་བཙན་ཁྲིད་བཙན་འཚོང་གི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། སྐབས་བབས་གྱོད་གཞི་དང་ཉེས་བསགས་གྱོད་གཞི550ལྷག་ཙམ་རྩད་གཅོད་བྱས།

  • རང་བྱུང་ཐོན་ཁུངས་པུ་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། 2030ལོར་སླེབས་སྐབས་རྒྱ་མཚོའི་ནུས་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཝ་ཁྲི40ཟིན་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།

  • ཉེ་ཆར་བཟོ་ལས་ཆ་འཕྲིན་ཅན་པུས་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་གྲགས་ཅན་ཁག་དང་པོའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དེའི་ནང་ཞི་ཧུའུ་ལུང་ཅིང་དང་ཕུའུ་ལིང་བསྙལ་ཚལ་སོགས་ས་ཁོངས་ཀྱི་སྤུས་རྟགས43ཚུད་ཡོད།

1.jpg

  • ཉེ་ཆར་དུས་ཚོད་རེའི་འཁོར་སྐྱོད་མྱུར་ཚད་སྤྱི་ལེ400ཡིན་པའི་མྱུར་བགྲོད་མེ་འཁོརCR450ཡི་སྒུལ་འཁོར་ཚོགས་ཆུང་གི་མ་དཔེ་ཁྱབ་བསྒྲགས་བྱས།

  • འགག་སྒོའི་སྡོམ་རྩིས་ལྟར་ན།《ས་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལག་བསྟར་བྱས་ནས་ལོ་གསུམ་འགོར་བའི་རིང་། རང་རྒྱལ་གྱིས་ཁོངས་མིའི་རྒྱལ་ཁབ་གཞན་དག་ལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི38.57ཕྱིར་གཏོང་ནང་འདྲེན་བྱས་པ་དང་། དངོས་ཟོག་ཉོ་ཚོང་གི་གཞི་ཁྱོན་གྱིས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་གྱི30%ཡན་ཟིན་པ་རྒྱུན་འཁྱོངས་བྱས་ཡོད།

  • ཁ་ན་ཏས་ཀྲུང་གོའི་དངོས་ཚན་ལ་བཀག་སྡོམ་ཚོད་འཛིན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཀྲུང་གོའི་ཕྱི་འབྲེལ་པུས་བསྟན་དོན། ཁ་ན་ཏ་ཕྱོགས་ཀྱིས་ནོར་འཁྲུལ་གྱི་གཏན་འབེབས་འཕྲལ་མར་ཕྱིར་འཐེན་བྱེད་པའི་སྐུལ་མ་བཏང་བ་དང་། དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

  • ས་གནས་དེ་གའི་ཚེས24ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རིས་བཏོན་པའི་ཡུག་རེན་གནད་དོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད། ཀྲུང་གོ་དང་ཨ་རི། ཨུ་རུ་སུ་བཅས་ཚུད་པའི་རྒྱལ་ཁབ10ཡིས་མོས་མཐུན་འདེམས་ཤོག་འཕངས་པ་དང་འདེམས་ཤོག5ཡིས་དབང་ཆ་དོར་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆེད་དོན་སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོའི་དཔྱིད་འདེབས་རིང་གནམ་གཤིས་ཆ་རྐྱེན་སྤྱིའི་ཆ་ནས་ཅུང་ལེགས་པོ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་ལྡན་གྱི་དུས་མཉམ་དང་གཅིག་མཚུངས་སམ་དེ་ལས་ཅུང་མཐོ། དབུས་ཤར་རྒྱུད་ས་ཁུལ་དུ་ཆར་ཆུ་འབབ་ཚད“བྱང་དུ་མང་ཞིང་ལྷོ་ཕྱོགས་སུ་ཉུང་བ”ཡོད།

  • དེ་རིང་། 2024ལོའི་ལོ་སྨད་ཀྱི་རྒྱལ་ཡོངས་སློབ་ཆེན་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཡིག་རྒྱུགས(CET)ཀྱི་རྒྱུགས་འབྲས་འདྲི་རྩད་ཞབས་ཞུ་དངོས་སུ་མགོ་ཚུགས་རྒྱུ་རེད།

2.jpg

  • རྒྱལ་ཁབ་ནད་རིགས་ཚོད་འཛིན་ཅུས་དྲན་སྐུལ་ཁྱབ་བསྒྲགས་བྱས་ཏེ། འཕྱི་བས་ཀྱང་བྱི་བའི་རིམས་ནད་ཁྱབ་སྤེལ་བྱེད་ཐུབ་པས།  འཕྱི་བར་ཉེ་ས་ནས་ལྟད་མོ་ལྟ་བ་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ལ།    འཕྱི་བ་འཛིན་པ་དང་གསོ་སྐྱོང་ལྷག་ཏུ་བྱེད་མི་རུང་ཞེས་བཤད།

  • འགག་གསུམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་འགག་གསུམ་ལྟེ་གནས་ཀྱི་ཟོག་འདྲེན་བྱེད་ཚད་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་གཉིས་ཀ་དུས་མཚུངས་ལས་འཕར་ཡོད།

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་2025ལོའི་གཟའ་འཁོར9པའི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས། ལིན་ཧྲི་ཏུང་དང་སུན་དབྱིན་ཧྲ་སོ་སོར་སྐྱེས་པ་རྐྱང་མ་དང་བུད་མེད་རྐྱང་མའི་ཨང་དང་པོར་སླེབས་ཡོད།

  • ཉེ་ཆར་དུས་ཡུན་ལོ་གསུམ་ལྷག་ཙམ་གྱི་ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་ཐོན་ཁུངས་ཀྱི་གཞི་རྩའི་བརྟག་དཔྱད་མཇུག་གྲིལ། རྩི་ཤིང་དང་། འབུ་རིགས། སྨར་སྲིན་ཆེ་གྲས་སོགས་རིགས་མང་པོའི་སྐྱེ་དངོས་གསར་པ34ཤེས་རྟོགས་བྱུང་བ་མ་ཟད། ད་དུང་ཀྲུང་གོའི་ཟིན་ཐོ་གསར་པ10ལ་བརྟག་དཔྱད་བྱས།

  • ཉིན་ཤས་གོང་ཞིན་ཅང་ནས་མ་ལེ་ཞི་ཡའི་ཅི་ལུང་ཕོ་བར་གྱི་དུས་བཀག་འགྲུལ་སྐྱེལ་མཁའ་ལམ་དང་པོ་ཤར་གཏོང་བྱས་པ་དང། ཝུའུ་ལུའུ་མུའུ་ཆི་ནས་ཅི་ལུང་ཕོ་བར་གྱི་ལམ་ཐག་ཆུ་ཚོད8ཀྱིས་ཐུང་དུ་ཕྱིན་ཡོད།

333.jpg

  • ཉེ་ཆར་ཀོང་ཏུང་གི་བུ་མོ་ཞའོ་ཞའོ་(མིང་ཚབ་མ)ཡིས་ཧུར་ཐག་གིས་ལུས་རྩལ་སྦྱོང་བརྡར་དང་བཟའ་བཏུང་ཚོད་འཛིན་བྱས་ནས་ཟླ་བ་གསུམ་འགོར་རྗེས། ངོ་མི་ཤེས་པའི་མི་ལ་ཁྲག་བཟོ་ཕྲ་ཕུང་མཉམ་བསྲེས་གཤེར་ཁུ་ཧའོ་ཧྲེང156ཞལ་འདེབས་ཕུལ།

    སྲིད་ཇུས།

  • ཧོ་པེ་ཡིས2025ལོར་“མཐོ་འབྲིང་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཚོད་ལྟའི་འཛིན་གྲྭ”དང་།“མཐོ་འབྲིང་བུད་མེད་རྐང་རྩེད་སྤོ་ལོའི་ཚོད་ལྟའི་འཛིན་གྲྭ” “མཐོ་འབྲིང་སྐྱེས་པའི་ལག་རྩེད་སྤོ་ལོའི་ཚོད་ལྟའི་འཛིན་གྲྭ” “མཐོ་འབྲིང་སྐྱེས་པའི་ཕའེ་ཆིའུ་སྤོ་ལོའི་ཚོད་ལྟའི་འཛིན་གྲྭ” “མཐོ་འབྲིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་ཚོད་ལྟའི་འཛིན་གྲྭ”བཅས་སོ་སོ1རེ་གསར་དུ་འཛུགས་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས།

  • ཨན་ཧུའེ་ཡིས་སྒྲིག་སྲོལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས་ཏེ། མི་སྒེར་གྱི་འཛད་སྤྱོད་པས་བེད་མེད་ཀྱི་གློག་སྒུལ་ལྕགས་རྟ་རྙིང་པ་རྩིས་སྤྲོད་ཕྱིར་ཚོང་བྱེད་པ་དང་འབྲེལ་ཚད་ལྡན་གྱི་རླངས་འཁོར་གསར་པ་བརྗེ་ཉོ་བྱེད་པར་དམིགས་ནས། རླངས་འཁོར་གསར་པའི་ཕྱིར་ཚོང་རིན་གོང་གི30%གཞིར་བཟུང་སྟེ“འཕྲལ་ཉོ་འཕྲལ་འཕྲིའི”ཁ་གསབ་སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། དབང་པོ་སྐྱོན་ཅན་དང་རྒན་པ་ཁེར་འདུག དཔའ་བོའི་ཁྱིམ་མིའི་མི་སྒེར་གྱི་ཕྱོགས་བསྡུས་ཡོང་འབབ་དང་གཉེར་སྐྱོང་ཡོང་འབབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་དངུལ་གྲངས་དེ་མི་རེར་ལོ་རེར་སྒོར12000ཡི་བཅད་གྲངས་ནང་དོན་དངོས་གཞིར་བཟུང་དཔྱ་ཁྲལ་ཉུང་དུ་གཏོང་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། ཞིན་ཅང་གི་ལྷོ་རྒྱུད་གཤོང་ས་དང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧུའུ་ནན་གྱི་དབུས་ལྷོ་རྒྱུད་དང་། ཅང་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད། ཡུན་ནན། ཀོང་ཞི། ཀོང་ཏུང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།