དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-27 09:16:42   |   1064

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྙན་སེང་ཞུ་བཞིན་ཡོད། ཉེ་ཆར་འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར2024ལོའི་ལོ་འཁོར་གྱི་ལས་དོན་སྐོར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྙན་ཞུ་གནང་།

  • མིག་སྔའི་བར་ཞིང་ལས་འགྲེམས་སྤེལ་དངུལ་ཁང་གིས་ཁྱོན་དངུལ་བུན་སྒོར་དུང་ཕྱུར1048བཏང་ནས་དཔྱིད་འདེབས་གྲ་སྒྲིག་ལ་རྒྱབ་སྐྱོར་བྱས།

  • མི་དམངས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་སློབ་གསོ་པུ་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་ཡིག་ཆ་བཏོན་ནས་མཐོ་སློབ་མཐར་ཕྱིན་སློབ་མ་དང་། ཞིང་པ་ལས་མི། རུ་འཁྱུར་དམག་མི། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་རིགས་དབྱེ་ནས་ལས་གཏོད་ལ་རྒྱབ་སྐྱོར་དང་འགན་སྲུང་མཁོ་འདོན་བྱས་ཏེ་ལས་གཏོད་ལས་ཞུགས་ལ་སྐུལ་ཁྲིད་བྱེད་རྒྱུ་རེད།

  • བཟོ་ལས་ཆ་འཕྲིན་པུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུ་སོགས་སྡེ་ཚན་བརྒྱད་ཀྱིས་ཉེ་ཆར་སྤྱི་པའི་ཁྱབ་ཁོངས་ཀྱི་རླངས་འཁོར་ཁྱོན་ཡོངས་ནས་གློག་སྒུལ་ཅན་དུ་སྒྱུར་བའི་སྔོན་སྐྱོད་ཚོད་ལྟ་ཁུལ་ཁག་གཉིས་པ་མགོ་བརྩམས་པ་དང་། ཐེན་ཅིན་དང་ཁྲང་ཀྲོའུ་སོགས་ས་གནས10ལ་རླངས་འཁོར་དང་དྲ་རྒྱ་མཉམ་འགུལ་དང་། འོད་གསོག རིག་ནུས་དྲ་སྦྲེལ་སོགས་ལག་རྩལ་གསར་པ་དང་རྣམ་པ་གསར་པ་གསར་གཏོད་དང་བཀོལ་སྤྱོད་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་བྱས།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་རྒྱལ་ཁབ་མཐོ་གསར་ལག་རྩལ་གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི19ལས་བརྒལ་ཞིང་རྒྱལ་ཡོངས་སྡུར་ཚད་ཀྱི14%ལས་བརྒལ་ཡོད།

  • 2025ལོའི་ཟླ1པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་བསམ་དོན་དང་འགལ་བའི་གནད་དོན16430ལ་ཞིབ་བཤེར་ཐག་གཅོད་བྱས།

  • 2024ལོར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་རིམ་པ་ཁག་གིས་ཁྱོན་ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྲོན་བསྡུའི་གྱོད་གཞི3042ཐོ་འགོད་ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྒྲིག་འགལ་གྲོན་བསྡུའི་སྒོར་དུང་ཕྱུར13.62ཕྱིར་སློག་བྱས།

  • ཉེ་ཆར་འགག་སྒོའི་སྤྱི་ཁྱབ་ཧྲུའུ་དང་། རྒྱལ་ཁབ་གནས་སྤོས་ཅུ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུ་བཅས་ཀྱིས་ཡིག་ཆ་བཏོན་ཏེ། མཁའ་འགྲུལ་འགག་སྒོའི་འགྲོ་སྐྱོད་བརྒྱུད་རིམ་ལེགས་སུ་གཏོང་བ་དང་རྒྱལ་སྤྱིའི་དངོས་ཟོག་བརྒྱུད་སྤྲོད་ཀྱི་ལས་ཆོད་ཆེ་རུ་གཏོང་བའི་བྱ་ཐབས་མང་པོ་བཏོན།

1.jpg

  • ཉིན་ཤས་གོང་ཁྲོམ་ཕུ་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར8.7བཀག་གཏོང་བྱས་ཏེ་ཐེ་ཝན་ལ་དམག་དོན་རོགས་སྐྱོར་བྱས་པའི་ཐད་རང་རྒྱལ་གྱི་ཕྱི་འབྲེལ་པུས་བསྟན་དོན། ཨ་རི་ཕྱོགས་ཀྱིས་ཐེ་ཝན་ལ་དྲག་ཆས་གཏོང་མཚམས་འཇོག་པ་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་ཡིན་ཞེས་བཤད།

    སྤྱི་ཚོགས།

  • ཟླ3པའི་ཚེས1ཉིན་ནས་ཚེས3ཉིན་བར། མཁའ་དབུགས་འཁྱག་པའི་ཤུགས་རྐྱེན་དབང་གིས་རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་དྲོད་ཚད6ནས10བར་མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད12ནས16བར་ཆག་རྒྱུ་རེད།

  • ཟླ3པའི་ཚེས1ཉིན། 2024ལོའི་མི་སྒེར་གྱི་དཔྱ་ཁྲལ་སྡོམ་རྩིས་དངོས་སུ་མགོ་ཚུགས།

  • 2024ལོར་རྒྱལ་ཡོངས་ཀྱི་དྲ་འཕྲིན་མ་ལག་གིས་དྲ་རྒྱའི་ཁྲིམས་འགལ་དང་སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་བ་དང་། ཁྲིམས་ལྟར་དྲ་ཚིགས་ལས་སྟེགས11159ལ་བཅར་འདྲི་བྱས།

  • 2024ལོར་“སློབ་གྲྭའི་ཟ་མར”ཆེད་དོན་བཅོས་སྒྲིག་བྱས་པ་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་གིས་ཁྱོན་སྒོར་དུང་ཕྱུར103བཏང་ནས་སློབ་གྲྭའི་ཟ་ཁང་ལེགས་བཅོས་བཏང་ཞིང་ཁྱབ་ཚད98.5%ཟིན་ཡོད།

  • ཚེས25ཉིན་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་ལས་བྱས་ནས་ཧྥི་ལི་ཕིན་དུ་རྒྱན་འཇོག་བྱེད་མཁན་ཀྲུང་གོའི་སྤྱི་དམངས་བརྒྱ་ཙམ་ཕྱིར་སྐྱེལ།

  • བོད་ལྗོངས་དིང་རི་རིག་གནས་གནས་སྐོར་གྱིས་སྤྱི་བསྒྲགས་སྤེལ་ནས་ཇོ་མོ་གླིང་མ་མཛེས་ལྗོངས་ཁུལ་ཟླ3པ་ནས་བཟུང་དངོས་སུ་སྒོ་འབྱེད་སླར་གསོ་བྱ་རྒྱུ་རེད།

  • ཚེས26ཉིན་གོ་ལ་ཧྲིལ་པོའི་གནམ་ཐང་རྟེན་མཛོད་ཁང་དང་པོ་སྟེ་ཞི་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐང་ནུབ་རྒྱུད་གནམ་ཐང་རྟེན་མཛོད་ཁང་དངོས་སུ་སྒོ་ཕྱེས།

2.jpg

  • ཚེས26ཉིན་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་ཚོང་པས་མ་དངུལ་ཁེར་འཇོག་བྱས་པའི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དང་པོ་སྟེ་ཐེན་ཅིན་ཕེང་རུའེ་ལི་སྨན་ཁང་གིས་དངོས་སུ་སྨན་བཅོས་བྱེད་མགོ་ཚུགས།

3.jpg

  • ཀྲེ་ཅང་ཉིང་པའོ་ཡི་ལྗིད་ཐེག་རླངས་འཁོར་ཞིག་གློ་བུར་དུ་ལོག་ནས་ཁ་ལོ་བ་རླངས་འཁོར་ནང་བཅུག ཀྲེ་ཅང་གི་རླངས་འཁོར་ཨང་རྟགསBH8J99དངGDG8111ཅན་གྱི་ཁ་ལོ་བས་རླངས་འཁོར་ནང་དུ་ལུས་པའི་ཁ་ལོ་བ་དེ་བསྐྱབས།

    སྲིད་ཇུས།

  • ནང་སོག་གིས་བཟའ་བཅའ་ལས་སྣོན་ཁྱབ་ཁོངས་ཀྱི་ལྗང་མདོག་གླིང་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། གསར་དུ་གཏན་འཁེལ་བྱས་པའི་རྒྱལ་ཁབ་རིམ་པའི་ལྗང་མདོག་གླིང་ཁུལ་དང་། ལྗང་མདོག་བཟོ་གྲྭ ལྗང་མདོག་མཁོ་སྤྲོད་འབྲེལ་ཐག་བཅས་ལ་བྱ་དགའ་སྒོར་ཁྲི100སྤྲོད་རྒྱུ་རེད།

  • ཀོང་ཞིའི་གཏན་འབེབས་ལྟར་ན། དམངས་གཉེར་རྒན་གསོའི་སྒྲིག་གཞིའི་གསར་དུ་བསྣན་པའི་ཉལ་ཁྲི་ནི་རང་གིས་ལས་པའམ་ཡང་ན་ཉོ་སྒྲུབ་བྱས་པ་མ་ཟད་བདག་དབང་ལག་ཁྱེར་ཐོབ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ལ་གཏོགས་ཚེ། ཞིབ་བཤེར་གཏན་འབེབས་བྱས་པའི་གསར་དུ་བསྣན་པའི་ཉལ་ཁྲིའི་ཁ་གྲངས་གཞིར་བཟུང་ཉལ་ཁྲི་རེར་སྒོར5000རེའི་ཁ་གསབ་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཤིན་ཅང་དབྱི་ལི་ལུང་གཞུང་དང་། ཤིན་ཅང་ལྷོ་མའི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་སུ་ཁ་བ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད། ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆེན་པོ་ནས་ཁངས་ཆག་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ་དང་ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།