དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-03 09:12:22   |   1564

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་འདེམ་སྒྲིག》དེབ་དང་པོ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་2025ལོའི་ཟླ3ཚེས4ཉིན(གཟའ་མིག་དམར)གྱི་ཆུ་ཚོད12པར་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་ཆེན་ལས་དོན་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད།

  • རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་གྲྭ་གལ་ཆེན102ཀྱི་རྣམ་གྲངས་98%ཡན་གྱི་འཆར་འགོད་དམིགས་ཚད་ལེགས་འགྲུབ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡི་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་དུས་ཡུན་ལོ་ལྔའི་ནང་། རྒྱལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན་གྱི་གྲངས་འབོར་ཁྲི78.5མང་དུ་ཕྱིན་པ་དང་22.7%འཕར་ཡོད།

  • 2025ལོའི་དམག་དཔུང་གི་ཞི་དོན་མི་སྣའི་ཡོངས་བསྒྲགས་རྒྱུགས་ལེན་གྱི་ཁ་རྒྱུགས་ལེན་པའི་ལས་དོན་རྒྱུན་མཐུད་ངང་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ཟླ3པའི་ཟླ་དཀྱིལ་དུ་འགྲུབ་རྒྱུ་རེད།

01.jpg

  • ཚེས2ཉིན། ཀྲུང་གོའི་མཁའ་དམག་གི་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གི་དམག་གྲུ7དང་འཁྲབ་སྟོན་གནམ་གྲུ7ཧྭ་བྱང་གི་གནམ་ཐང་ག་གེ་མོ་ནས་འཕུར་ནས། ཐེ་གོར་ཕྱིན་ནས་ཀྲུང་གོ་དང་ཐེ་གོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50འགོར་བ་དང་། ཐེ་གོའི་མཁའ་དམག་བཙུགས་ནས་ལོ88འགོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་མ་ཟད་འཕུར་སྐྱོད་འཁྲབ་སྟོན་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ3ཚེས1ཉིན། ཨ་རིའི་ཙུང་ཐུང་ཐེ་རམ་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས། དབྱིན་ཡིག་དེ་ཨ་རིའི་གཞུང་ཕྱོགས་ཀྱི་སྐད་ཡིག་ཏུ་གཏན་འཁེལ་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ3ཚེས1ཉིན། དབྱིན་ཇི་དང་ཡུག་རེན་བར་དབྱིན་སྒོར་དུང་ཕྱུར་22.6གི་དངུལ་བུན་གྱི་གྲོས་མཐུན་བཞག་ཡོད།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་སྔོན་མདོག་སྔོན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས2ཉིན་གྱི་ཆུ་ཚོད20ནས་ཚེས3ཉིན་གྱི་ཆུ་ཚོད་20བར། ཀུའེ་ཀྲོའུ་དང་། ཀོང་ཞི། ཧུའུ་ནན། ཨན་ཧུའེ། ཅང་ཞི། ཀྲེ་ཅང་སོགས་ས་ཁུལ་ཁ་ཤས་སུ་རིམ་པ8ཡན་གྱི་ཐོག་གློག་དྲག་རླུང་དང་། སེར་བ་འབབ་པའི་གནམ་གཤིས་ཐོན་རྒྱུ་དང་། ས་གནས་ཁག་གི་རླུང་ཤུགས་རིམ་པ10ལ་སླེབས་རྒྱུ་རེད།

  • རྒྱལ་ཁབ་པར་དབང་ཅུ་སོགས་སྡེ་ཁག་གིས་གློག་བརྙན་ཁང་གི་པར་དབང་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་གཞི་རེབ་དང་པོ་ཁྱབ་བསྒྲགས་བྱས།

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཏུའུ་ཡུས་པོས་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་འབུད་བྱས།

  • སི་ཁྲོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཚུའེ་པའོ་ཧྭ་ཡིས་སྒྲིག་ལམ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་འབུད་བྱས་པ་རེད།

  • 2024ལོ་ནས2025ལོའི་གངས་འཁྱགས་དུས་ཚིགས་སུ་ཧེ་ལུང་ཅང་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་སྡོམ་པས་མི་ཐེངས་ཁྲི13508.3སྣེ་ལེན་བྱས་པ་དང་། དུས་མཚུངས་ལས་18.5%འཕར་ཡོད།

  • ཆིང་ཧྭ་སློབ་ཆེན་གྱིས2025ལོར་དངོས་གཞིའི་ཚན་ཁག་གི་སློབ་མ150ཙམ་སློབ་བསྡུ་མི་གྲངས་མང་དུ་བཏང་སྟེ། “AI+”ཡི་རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་གཙོ་གནད་དུ་གསོ་སྐྱོང་བྱ་རྩིས་ཡོད་པ་རེད།

  • ཉེ་ཆར་པེ་ཅིང་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཅུ་ཡིས་ཆང་དམར་ལྐོག་འདྲེན་གྱི་མུ་འབྲེལ་གྱོད་གཞི་རྩད་གཅོད་ཐུབ་པ་དང་གྱོད་གཞིའི་རིན་ཐང་སྒོར་ཁྲི་སྟོང་ཟིན་ཡོད་པ་རེད།

03.jpg

  • ཉིན་ཤས་གོང་། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་ཡུན་ནན་ཡུས་ཤིས་ནས་ཟུར་གསུམ་ཡུན་ནན་ཁེའུ་མིག་(鳅)གསར་རྙེད་བྱུང་པ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《སྲོག་ཆགས་མ་ལག་རིག་པ་དང་རྒྱུད་འགྱུར》ཐོག་བཀོད་ཡོད་པ་རེད།

01.gif

  • ཉེ་ཆར། མེ་འཁོར་ཐེངསG2975ཐོག་ལོ2ཅན་གྱི་བྱིས་པ་ཞིག་གིས་ཀ་ར་ཟས་ནས་མིད་ཐག་ཏུ་ལུས་པ་དང་། མེ་འཁོར་གྱི་མྱུར་སྐྱོབ་མི་སྣ་ཀྲང་མེ་ན་ཡིས་མགྱོགས་མྱུར་ཧའེ་མུའུ་ལི་ཁེའི(海姆立克)མྱུར་སྐྱོབ་བྱེད་ཐབས་སྤྱད་དེ་སྐྱོབ་ཐུབ་བྱས་པས། མིག་སྔར་བྱིས་པ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཡོད།

སྲིད་ཇུས།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་དམག་འཁྱུར་དམག་མི་ལས་དོན་པུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམས་ནས། དམག་དོན་བྱས་རྗེས་ཀྱི་གཟི་བརྗིད་ཐོབ་པའི་དམག་འཁྱུར་དམག་མི་རྣམས་ལས་གཏོད་དངུལ་བུན་རེ་ཞུ་བྱེད་པར་མཁོ་མཁན་གྱི་ཆོག་འཐུས་དང་། དངུལ་བུན་གྱི་གྲངས་ཚད། དུས་བཀག་སོགས་ཐད་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

  • ཅང་སུའུ་ཡིས2025ལོའི་ཟླ5ཚེས1ཉིན་ནས་བཟུང་ཞིང་ཆེན་ནང་ཁུལ་གྱི་གྲུ་སྒོ101ལ་གྲོན་དངུལ་བསྡུ་རྒྱུ་མེད་པར་གཏོང་བ་དང་། གསར་དུ་བསྐྲུན་པའི་གྲུ་སྒོ་ལ་གྲོན་དངུལ་མི་བསྡུ་བའི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་རེད།

  • ཀན་སུའུ་ཡིས2025ལོར་སྤྱིར་བཏང་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་ཏུ་བསྡུ་ལེན་བྱས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཐེངས་གཅིག་གི་ཁ་གསབ་སྒོར10000སྤྲོད་རྒྱུའི་ཇུས་གཞི་དཔར་འགྲེམས་བྱས་པ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་བྱང་ཤར་རྒྱུད་། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་། ཧྭ་པེའི་དབུས་ལྷོ་རྒྱུད་། ཧོང་ཧོའེ། ཅང་ཧན་གྱི་བྱང་རྒྱུད་། ཁྲོན་ཞི་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆུང་བ་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད་དང་། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་ནུབ་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད། ཁྲུང་ཆིན། ཧྲའན་ཞིའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།