དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-05 09:26:43   |   616

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

334abf46271aba60af848805b02b1ce.jpg

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་རྩོམ་ཚོགས་འདུ་ཚེས4ཉིན་གྱི་དུས་ཚོད15པར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་ཆེན་དུ་ཞུགས། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ནས་བཟུང་། གྲོས་གཞི་ཁྱོན6019བཏོན་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི5091ཐོ་འགོད་བྱས་ཡོད་ལ། གྲོས་གཞི99.9%བསྒྲུབས་ཡོད། 

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་རིང་སྔ་དྲོར་མགོ་རྩོམ་པ་དང་། ཚེས11ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན7ཡིན། 

  • ཉེ་ཆར་ཀྲུང་དབྱང་དྲིལ་སྒྲོག་པུས་རྒྱལ་ཡོངས་ཀྱི་ལས་གནས་སུ་ལེ་ཧྥུང་ལ་སློབ་སྦྱོང་གི་དཔེ་མཚོན་དམག་ཁག་བཅུ་པའི་མིང་བཏགས་པ་རེད། 

  • ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཀྲུང་གོའི་ཧྥན་ཐའེ་ཉི་རིགས་ཀྱི་དངོས་རྫས་དོ་དམ་ཚོད་འཛིན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས། 

  • རྒྱལ་ཁབ་སྡོམ་རྩིས་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་རྩིས་རགས་ཙམ་བྱས་པ་བརྒྱུད། 2024ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་འགྲོ་གྲོན་སྒོར་དུང་ཕྱུར36130ལ་སླེབས་ཡོད་ལ། ལོ་གོང་མ་ལས8.3%འཕར་ཞིང་། མ་དངུལ་བཏང་བའི་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད། 

0fdf11cc5a4dfc8c56dbe2c3d346f9b.jpg

  • པེ་ཅིང་དུས་ཚོད་ཚེས4ཉིན་གྱི་ཐོ་རེངས་སུ། རྒྱལ་ཁབ་རིག་གནས་ཤུལ་བཞག་ཅུས་ཨ་རིའི་ཉིའུ་གཡོད་མན་ཧ་ཏུན་ཞིབ་དཔྱོད་དཔོན་གཞུང་ལས་ཁང་དུ་རང་རྒྱལ་ལ་ཕྱིར་སྤྲོད་བྱས་པའི་རིག་དངོས་དང་སྒྱུ་རྩལ་ཐོན་རྫས41དང་ལེན་བྱས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་གྱིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཚེས10ཉིན་ནས་བཟུང་། ཨ་རི་ནས་ཐོན་པའི་ཚོང་ཟོག་ཁག་གཅིག་ལ་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ་ཡིན་པ་རེད། 

  • ཚེས3ཉིན་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཡིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་བཀའ་བཏང་བ་རེད། 

    སྤྱི་ཚོགས།

  • ཆུ་བེད་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་རིམ་རྩིས་ཐོག་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི2600ལྷག་ལ་སླེབས་ཤིང་། དེའི་ནང་ཆུ་འདྲེན་ཁུལ་ཆེ་འབྲིང428ལ་ཆུ་འདྲེན་བྱེད་མགོ་བརྩམས་པ་དང་། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི2400ལྷག་ཡོད། 

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཉེ་དུས་ཀྱི་ཞུ་གཏུག་བྱ་ཡུལ་དང་ཟུང་འབྲེལ་བྱས་ནས་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ཆེའི་འཛད་སྤྱོད་པས་དྲིལ་སྒྲོག་ལ་སྟབས་བདེའི་ཡིད་ཆེས་མི་བྱེད་པ་དང་། གསལ་པོ་མེད་པའི་སྦྲེལ་མཐུད་མི་གནོན་པ། སྟེགས་བུའི་ཉོ་ཚོང་དང་ཁ་བྲལ་མི་བྱེད་པའི་དྲན་སྐུལ་བྱས་ཡོད། 

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ2པའི་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་ཁྱབ་བསྒྲགས་བྱས་པ་དང་། དཔྱིད་གསར་དུས་ཆེན་རྗེས་ཟོག་འགྲེམས་ཀྱི་དགོས་མཁོ་གོ་རིམ་ལྡན་པའི་ངང་གློད་གཏོང་བྱས་ཡོད་ལ། ཟོག་འགྲེམས་དངོས་པོའི་ཚད་ཀྱི་དམིགས་ཚད་མངོན་གསལ་གྱིས་འཕར་ཡོད། 

  • 2025ལོའི་རྒྱལ་ཡོངས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་མཉམ་འབྲེལ་གདན་ཞུའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ་ཉེ་དུས་སྤེལ་མགོ་བརྩམས་པ་དང་། དུས་ཐེངས་དང་པོར་ཁྱད་ཆོས་ལྡན་པའི་ཞབས་ཞུའི་བྱེད་སྒོ་ཐེངས85སྤེལ་བ་རེད། 

  • ཚེས4ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའི་ཁེ་ལས་ཐོ་འགོད་དང་ཐོ་ཞུགས་ཀྱི་རྣམ་པ་དེDeepSeekདཔེ་དབྱིབས་ཆེ་བའི་ལག་རྩལ་དང་འབྲེལ་མཐུད་བྱས་ནས། ཁེ་ལས་ཐོ་འགོད་དང་ཐོ་ཞུགས་ལས་སྒོའི་ཆུ་ཚོད24ཡི་དྲ་ཐོག་ཀྱི“རིག་ནུས་བློ་འདྲིའི”ཞབས་ཞུ་མངོན་འགྱུར་བྱུང་ཡོད། 

274650a0ec1138db14d43411002592f.jpg

  • ཀྲུང་གོའི་རྡོ་འགྱུར་གྱི་གནས་ཚུལ་ལ་གཞིགས་ན། རང་རྒྱལ་ཤར་རྒྱུད་དུ་གནས་པའི་གསར་དར་དང་ཆིན་ཐུང་སྣུམ་ཞིང་དུ་རྡོ་གཡེང་སྣུམ་གསོག་ཚད་དུང་ཕྱུར1.8ལྷག་གསར་དུ་འཕར་བ་རེད། 

  • ཉེ་ཆར་ཧྲང་ཧའེ་མིས་བཟོས་རིག་ནུས་ཚོད་ལྟ་ཁང་གིས“གོ་ལ་ཧྲིལ་པོའི་མི་དབྱིབས་འཕྲུལ་ཆས་ཀྱི་མི་རང་བདག་ཡར་ལངས་པའི་ཚོད་འཛིན་རྩི་ཐབས་ཐོག་མ”ཁྱབ་བསྒྲགས་བྱས་ནས། འཕྲུལ་ཆས་ཀྱི་མི་ས་དབྱིབས་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བར་རང་བདག་དང་བརྟན་བརླིང་ངང་ཡར་ལངས་ཐུབ་པ་བྱུང་ཡོད། 

  • ཀྲུང་གོའི་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་གིས་མཚོ་བོད་ས་མཐོའི་ཐོག་སྨར་སྲིན་གྱི་སྐྱེ་དངོས་རིགས་གསར་པ་གཉིས་ཏེ་མེ་ཏོག་ཚེར་དཀར(墨脱刺银耳)དང་དཀར་གཙང་ཚེར་དཀར(洁白刺银耳)རྙེད་པ་རེད། 

23f5757edbb90443a5e5dde6102ddab.jpg

  • ཉེ་ཆར་ཏུང་ནན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ལིའུ་ཅན་ཤིན་གྱིས་ཁྲག་བཟོ་ཕྲ་ཕུང་གཞུང་རྐང་ཧའོ་ཧྲེང306ལེགས་གྲུབ་ངང་ཞལ་འདེབས་བརྒྱབ་སྟེ། ཁྲག་ནད་ངན་པའི་ནད་པ་ཞིག་ལ“གསོན་པའི་རེ་བ”གནང་བ་རེད། 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་དཔར་འགྲེམ་བྱས་ནས་ལོ80ཡན་གྱི་གན་རྒྱ་བཞག་པའི་རྒན་པར་ཁྱིམ་ཚང་གི་ནད་གཡོག་དང་ཁྱིམ་དུ་བདག་སྐྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཁ་གསལ་བཟོས་ཡོད། 

  • ཧྲན་ཏུང་གིས་ཐལ་རྡུལ་འགོག་བཅོས་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། ཨར་ལས་བྱ་ཡུལ་དུ་བསྟུད་མར་བཀག་སྡོམ་ཅན་གྱི་བསྐོར་བཀག་མཁྲེགས་པོ་འཛུགས་དགོས་པ་དང་། བསྐོར་བཀག་གི་རྩེ་མོར་རླངས་གཏོར་མ་ལག་འཛུགས་དགོས་པ་ཁ་གསལ་བྱས། 

  • ཧའེ་ནན་གྱིས་ཇུས་གཞི་དཔར་འགྲེམ་བྱས་ནས་ཁམས་གསོ་ཐོན་ལས་ཀྱི་འབྲེལ་ཡོད་འགྲེམ་ཚོགས་ཀྱིས་ཞིང་ཆེན་རིམ་པའི་འགྲེམ་ཚོགས་རྣམ་གྲངས་ལ་རྒྱབ་སྐྱོར་འཆར་གཞི་རེ་ཞུ་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ཁམས་གསོ་རྟེན་གཞི་འགྲེམ་ཚོགས་བྱེད་སྒོ་སྣ་ཚོགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

a0bccfacb16e5c591b72115e597b8db.jpg

  • ཅི་ལིན་ཤར་རྒྱུད་དང་ཞིན་ཅང་བྱང་རྒྱུད། བོད་ལྗོངས་ཤར་རྒྱུད། མཚོ་སྔོན་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད། ཧྲན་ཞི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།