དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-06 09:24:14   |   631

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

fd520f978248b577f45b9cfc88b80c0.jpg

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་རྩོམ་ཚོགས་འདུ་ཚེས5ཉིན་གྱི་ཆུ་ཚོད9པར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་ཆེན་དུ་ཞུགས། 

a04c70ef0118afe786d2852d50dd2f8.jpg

  • ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་བྱེད་པར་ཞུགས། 

  • ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་དེའི་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར5%ཡས་མས་འཕར་དགོས་པ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས《དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔ”ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དཔར་འགྲེམ་བྱས། 

  • དངུལ་རྩའི་རྟོག་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་ལས་དོན་ཇུས་གཞི་དཔར་འགྲེམ་བྱས་ནས། པེ་ཅིང་དང་ཧྲང་ཧའེ། ཅང་སུའུ་། ཀྲེ་ཅང་། ཀོང་ཏུང་། སི་ཁྲོན་། ཧྲེན་ཀྲེན། ཉིང་པའོ་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་ཤེས་བྱའི་ཐོན་དབང་གི་དངུལ་རྩའི་སྐྱེ་ཁམས་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་སྤེལ་བ་རེད། 

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ2པར་ཀྲུང་གོའི་ཚོང་ཟོག་འབོར་ཆེན་གྱི་རིན་གོང་སྟོན་གྲངས112.6ཡིན་པ་དེ་ཟླ་བ་གོང་མའི་བསྡུར་ཚད་ལས1.3%འཕར་ཡོད། 

  • ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུའི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན་གྱིས་ཁྲིམས་འགལ་དུ“གྲམ་ཐང་དུ་སྡོད་པའི”རེན་ཨའེ་བྲག་རྡོའི་དམག་གྲུ་སྐྱེལ་འདྲེན་ཁ་གསབ་བྱ་རྒྱུའི་སྐོར་ལ་གཏམ་བཤད་སྤེལ་བ་རེད།

  • ཚེས4ཉིན་ཨ་རབ་རྒྱལ་ཁབ་ཀྱི་ཛ་དྲག་དབུ་ཚོགས་ཨེ་ཅིབ་ཀྱི་ཁེ་རོ་རུ་མཇུག་སྒྲིལ་ཡོད། ཚོགས་འདུའི་ཐོག་སྤེལ་བའི་བསྒྲགས་གཏམ་ནང་རྣམ་པ་གང་རུང་གི་ཐོག་ནས་ཕ་ལེ་སི་ཐན་མི་དམངས་ཕྱིར་འབུད་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། ཨེ་ཅིབ་ཀྱིས་བཏོན་པའི་ཅ་ཧྲ་ས་ཁུལ་བསྐྱར་སྐྲུན་འཆར་གཞིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད། 

  • ཚེས4ཉིན་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་ཨ་རིའི་ཚོང་ཟོག་ལ་འཁོན་ལན་སློག་པའི་རང་བཞིན་གྱི་སྒོ་ཁྲལ་བསྡུ་བའི་བྱེད་ཐབས་བསྐྱར་བསྒྲགས་བྱས་པ་དང་། ཁ་ན་ཏས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུ་གཏུག་བྱ་རྒྱུ་ཡིན་པ་རེད། 

    སྤྱི་ཚོགས།  

  • མ་འོངས་པའི་ཉིན་གསུམ་ནང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་སོགས་སུ་མུ་མཐུད་ཆར་འབབ་པ་དང་། དེའི་ནང་ཀོང་ཞིའི་ཤར་རྒྱུད་དང་ཀོང་ཏུང་། ཧྥུ་ཅན། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་ཆེན་དང་། ས་གནས་ཁག་ཅིག་ཏུ་དྲག་ཆར་འབབ་པ་རེད། 

417658acef0ac6d7145e0980c79feb8.jpg

  • 2025ལོའི་ཟླ3ཚེས5ཉིན་ནི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ62པ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

  • ཉེ་ཆར“རྒྱལ་སྲུང་མཐའ་སྲུང་དཔའ་བོའི་ཚོགས་གཙོ”ཆི་ཧྥ་པའོ་ལ2024ལོའི“རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཕུལ་བྱུང་ལས་འགན་སྒྲུབ་པའི་བྱ་དགའ”ཐོབ་པ་རེད། 

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས5ཉིན་གྱི་ཆུ་ཚོད18དང་སྐར་མ25པར། གློག་བརྙན《བདུད་ཕྲུག་ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར3ལས་བརྒལ་བ་དེ། ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་གློག་བརྙན་ལྟ་མཁན་མི་གྲངས་དུང་ཕྱུར3ལས་བརྒལ་བའི་གློག་བརྙན་ཐོག་མ་རུ་གྱུར་ཡོད། 

  • རེས་སྐོར་གསར་པའི་ཐོན་རྫས་སྣུམ་གྱི་རིན་གོང་སྙོམ་སྒྲིག་སྒེའུ་ཁུང་དེ་རིང་ཆུ་ཚོད0ཐོག་སྒོ་ཕྱེ་ནས། 50Lབླུགས་པའི་རླངས་སྣུམ92པ་སྒམ་གཅིག་ནང་སྒོར5.5ཡས་མས་ཉུང་དུ་གཏོང་རྒྱུ་ཡིན་པ་རེད།

75752b979e2937c48514eef1e34fc1e.jpg

  • ཚེས5ཉིན་དིང་རིར་རིམ་པ6.8ཀྱི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གནོད་འཚེ་ཕོག་པའི་སློབ་གྲྭ243དུས་ལྟར་སློབ་མགོ་བརྩམས་པ་རེད། 

  • གོ་ལ་ཧྲིལ་པོའི་མི་དབྱིབས་འཕྲུལ་ཆས་མི་ཐོག་མ་རྟ་ཕྱེད་མ་སྟེ། 2025ལོའི་པེ་ཅིང་དབྱི་ཀྲོང་གི་ལམ་ཐག་ཕྱེད་ཀྱི་མ་ལ་སུང་དང་མི་དབྱིབས་འཕྲུལ་ཆས་མིའི་ལམ་ཐག་ཕྱེད་ཀྱི་མ་ལ་སུང་འགྲན་རྒྱུག་དེ། ཟླ4ཚེས13ཉིན་མགོ་རྩོམ་རྒྱུ་ཡིན་པ་དང་། མི་དབྱིབས་འཕྲུལ་ཆས་ཀྱི་མི་དེ་མིའི་རིགས་ཀྱི་བདམས་ཐོན་པ་དང་མཉམ་དུ་ལམ་ལ་ཆས་ནས་ལམ་ཐིག་གཅིག་གི་ཐོག་ནས་འགྲན་བསྡུར་མཇུག་རྫོགས་རྒྱུ་ཡིན་པ་རེད།

25bfd4fcb7be4dd3c0ee0f89724683f.jpg 

  • ཀྲུང་གོ་ཚན་རིག་ཁང་ཀོང་ཞིའི་རྩི་ཤིང་ཞིབ་འཇུག་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་ཚོགས་པས་ཧྥང་ཁྲེང་གྲུ་ཁ་ནས་རྩི་ཤིང་གི་རིགས་གསར་པ་ཞིག་སྟེ། ཀོང་ཞིའི་སྲོ་ལོ(广西景天)རྙེད་པ་རེད། 

    སྲིད་ཇུས།

  • ཀན་སུའུ་ཡིས་བྱ་སྤྱོད་ཇུས་གཞི་དཔར་འགྲེམ་བྱས་ནས། 2025ལོའི་ལོ་མཇུག་ཏུ་སླེབས་ན། “ནོར་ལུག་ཚལ་སྨན”སྒོར་དུང་ཕྱུར་སྟོང་ཅན4དང་། “ཤིང་འབྲས་དང་ཞོག་ཁོག་འབྲུ་རིགས”སྒོར་དུང་ཕྱུར་ལྔ་བརྒྱ་ཅན3། “འདེབས་འཛུགས”སྒོར་དུང་ཕྱུར་སུམ་བརྒྱ་ཅན་བཅས་ཀྱི་ཐོན་ལས་ཁྱུ་ཚོགས་བསྐྲུན་རྒྱུ་ཡིན་པ་རེད། 

  • ཧྲའན་ཞིས་སྨན་བཅོས་མཛེས་བཟོ་ལས་རིགས་ཀྱི་བརྡ་ཁྱབ་དྲིལ་སྒྲོག་སྒྲིག་སྲོལ་དང་མཐུན་པའི་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ཏེ། “རིན་མེད་སྨན་བཅོས་དང་རིན་མེད་སྤྲོད་པ”སོགས་རྟོག་བཟོ་བྱས་པའི་གཟིགས་སྐྱོང་ལ་བརྟེན་ནས་འཇམ་ཁྲིད་བྱས་མི་ཆོག་པའི་བླང་བྱ་བཏོན་པ་རེད། 

  • ལེའོ་ཉིང་ཧྲེན་དབྱང་གིས2025ལོར་ས་ཆ་གཞན་གྱི་གནས་སྐོར་བར་རིན་མེད་ཀྱི་སྤ་སེ་ཁྲི100མཁོ་འདོན་བྱས་ཏེ། ཧྲེན་དབྱང་གནའ་བོའི་ཕོ་བྲང་དང་པེ་ལིན་སྤྱི་གླིང(ཆིང་ཀྲའོ་བང་སོ)སོགས་མཛེས་ལྗོངས་ཁུལ་དྲུག་ལ་ལྟ་སྐོར་བྱ་ཆོག་པ་ཁྱབ་བསྒྲགས་བྱས། 

    དེ་རིང་གི་གནམ་གཤིས། 

60583e3d526d17a16daba27d2891b3e.jpg

  • བོད་ལྗོངས་ཤར་རྒྱུད་དང་། མཚོ་སྔོན་དབུས་ཤར་རྒྱུད་། ཀན་སུའུ་ནུབ་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་དབུས་བྱང་རྒྱུད། ཧྲན་ཞིའི་ཤར་རྒྱུད། ནང་སོག་ཤར་བྱང་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཅི་ལིན་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་བོད་ལྗོངས་ཤར་རྒྱུད་དང་མཚོ་སྔོན་བྱང་རྒྱུད། ཀན་སུའུ་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་པ་དང་། ས་གནས་ཁག་ཅིག་ཏུ་ཁངས་དྲག་པོ་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་དང་ལྷོ་ནུབ་ས་ཁུལ་མང་ཆེ་བ། ཧྭ་ནན་དང་ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། དེའི་ནང་ཀོང་ཞིའི་ཤར་ལྷོའི་མཚོ་རྒྱུད་དང་། ཀོང་ཏུང་དབུས་ནུབ་རྒྱུད་། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད།    


མཉམ་སྤྱོད།