དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-07 09:23:17   |   822

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

f029ac057e14b5e6b6f510a724a5a01.jpg

  • ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དམངས་གཙོ་མནའ་འབྲེལ་དང་། དམངས་གཙོ་སྐུལ་འདེད། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམ་འདྲི་གནང་བ་མ་ཟད། མཉམ་འབྲེལ་ཚོ་ཆུང་ཚོགས་འདུའི་ནང་ཞུགས་ནས་བསམ་འཆར་དང་གྲོས་གཞིར་གསན། 

  • “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་གྱི་སྤུན་ཟླ་བུད་མེད་དང་ཕྱིར་སྡོད་སྤུན་ཟླ་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་ཞུས། 

  • རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཞིང་། ད་ལོའི་ཟླ1པའི་ཟླ་མཇུག་བར། དམངས་གཉེར་ཁེ་ལས་ཁྱོན་སྡོམ་དུད་ཚང་ཁྲི5670.7ཡོད།

  • ཟླ3པར་ཀྲུང་གོའི་སིལ་ཚོང་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས50.2ཡིན་ཞིང་། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། 

  • རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་ཡིས་ད་ལོ“རྩེ་གྲ་གཉིས”ཀྱི་མཐོ་སློབ་དངོས་གཞིའི་ཚན་ཁག་ལ་སླར་ཡང་མི་ཁྲི2མང་དུ་གཏོང་བ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་། 

  • ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཕན་ཀུང་ཧྲེང་གིས་ད་ལོའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དང་དངུལ་རྩའི་གནས་བབ་དང་དངུལ་རྩའི་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་ལ་གཞིགས་ན། གོ་སྐབས་བདམས་ནས་དམིགས་ཚད་དང་སྐྱེད་ཀ་དམའ་རུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་།

7a223fd13b1b617b380e46f6da4f397.jpg

  •  རང་རྒྱལ་གྱིས་རང་བདག་ཞིབ་འཇུག་གསར་སྤེལ“ཆིང་ཐེན(氢腾)”འབར་རྫས་གློག་སྨན་གྱིས་ལྷོ་སྣེ་ཆིན་ལིང་ཚན་རིག་རྟོག་ཞིབ་ས་ཚིགས་སུ་བདེ་བླག་ངང་གློག་འདོན་བྱས་པ་དེའི་ཐོག་ནས་གོ་ལ་ཧྲིལ་པོར་ཆིང་ནུས་ལག་རྩལ་ལྷོ་སྣེ་རུ་བཀོལ་སྤྱོད་ཐེངས་དང་པོ་མངོན་འགྱུར་བྱུང་བ་མཚོན་ཡོད། 

5e578fdfb66a6cc8e9f597f80fb3fc5.jpg

  • གདན་ཞུས་ལྟར་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང་ཐེ་ལན་མཁའ་དམག་བཙུགས་ནས་ལོ88འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་ཀྲུང་གོའི་མཁའ་དམག་གི་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གིས་ཐེ་ལན་དུ་འཚམ་པའི་རང་བཞིན་གྱི་སྦྱོང་བརྡར་ལེགས་གྲུབ་བྱས། 

  • ཨ་རིས་མགྲོན་ནག་ཕར་རྒོལ་ལ་ཁ་གཡར་ནས་རང་རྒྱལ་གྱི་སྤྱི་དམངས་ཞུ་གཏུག་བྱས་པ་དང་། ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་ནི་རྫུན་བཟོའི་ཚད་གཞི་ཉིས་བརྩེགས་ཡིན་པ་མ་ཟད། དེ་བས་ཀྱང་དཔེ་མཚོན་གྱི་རྐུན་མས་རྐུན་མ་འཛིན་པའི་སྐད་བསྒྲགས་པ་ཞིག་རེད་ཅེས་ལན་བཏབ། 

  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་རི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཕྱིར་འཐེན་བྱེད་པ་དང་འབྲེལ་མ་དངུལ་མཁོ་འདོན་བྱེད་མཚམས་འཇོག་པའི་བྱེད་སྟངས་ཀྱིས་འདུས་འདྲིལ་ནད་འགོག་བཅོས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བ་དང་མི་ཁྲི་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ལ་ཉེན་ཁ་བཟོ་གི་ཡོད་ཅེས་བཤད།

    སྤྱི་ཚོགས།

  • “3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོར་སླེབས་སྐབས། པེ་ཅིང་དང་ཐེན་ཅིན། ཧོ་པེ་ས་ཁུལ་གསུམ་གྱི་ཁྲོམ་ར་རྟོག་དམ་སྡེ་ཁག་གིས་མཉམ་འབྲེལ་ཐོག་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། འཛད་སྤྱོད་པར་ཁེ་དབང་སྲུང་སྐྱོང་དུས་ཚད་ལ་དོ་ཁུར་བྱེད་པ་དང་ཚབ་གཏུག་གི་གཡོ་རྙི་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས། 

  • ཁྲུང་ཆིང་ཞ་མོན་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་དུམ་བུ་དེ་རྒྱལ་ཁབ་ཀྱི“གཞུང་བརྒྱད་འཕྲེད་བརྒྱད་ཀྱི”ལྕགས་ལམ་དྲ་བ་དང་འབྲེལ་མཐུད་བྱས་པས། དངོས་སུ་ཤར་གཏོང་ཐུབ་པར་གོམ་པ་གཅིག་ཐག་ཉེ་རུ་ཕྱིན་ཡོད། 

  • ཁྲེང་ཏུའུ་འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། 2024ལོར་རང་རྒྱལ་ནུབ་རྒྱུད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི4ཐོག་མར་བརྒལ་ནས། དུས་མཚུངས་ལས8.3%འཕར་ཡོད། 

  • ཀན་སུའུ་ནས་ཀྲེ་ཅང་བར་གྱི་ཆེས་མཐོ་གནོན་ལས་གྲྭའི་ཀྲེ་ཅང་དུམ་བུའི་ལམ་ཐིག་ཁྱོན་ཡོངས་ནས་འཛུགས་སྐྲུན་དུས་མཚམས་སུ་སླེབས་པ་དང་། ལས་གྲྭ་བཀོལ་སྤྱོད་བྱེད་མགོ་བརྩམས་རྗེས། ལོ་རེར་གློག་ནུས་ཆུ་ཚོད་སྟོང་ཝ་དུང་ཕྱུར360ཙམ་སྐྱེལ་འདྲེན་བྱ་ཐུབ་པ་རེད། 

d551a03981fd8372d917b71f36bbe99.jpg

  • རང་རྒྱལ་བྱང་རྒྱུད་མཚོ་ཁུག་མཚོ་ཁོངས་ཀྱི་སྣུམ་རླངས་རྩད་ཞིབ་ཐད་ཚད་བརྒལ་ཆེན་པོ་ཐོབ་པ་དང་། ཝུའེ་ཀྲོའུ་ཡི་སྣུམ་རླངས་ཞིང10-5ཐོན་ཚད་མཐོ་བའི་སྣུམ་རླངས་ཐོན་ཡོད། 

  • གློག་བརྙན《བདུད་ཕྲུག་ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པ་སིང་ཀ་ཕོར་དུ་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་པ་དང་། གློག་བརྙན་སྒྲིག་ཚད་ནི་སིང་ཀ་ཕོར་དུ་སྟོན་བཞིན་པའི་གློག་བརྙན་ཚང་མའི་ཁྲོད་ཨང་དང་པོར་སླེབས་ཡོད་པ་རེད། 

  • རང་རྒྱལ་གྱི་རང་བྱུང་དུ་ཕྱིར་གཏོང་བྱས་པའི་ཨེ་ཤེ་ཡའི་རོགས་སྐྱོབ་གླང་ཆེན་ཐོག་མ“ཨ་པའོ”བདེ་བླག་ངང་རི་སྐྱེས་ཁོར་ཡུག་ནང་འདྲེས་ཡོད།

  • མཚོ་སྔོན་གྱིས་སྨར་སྲིན་ཐོན་ཁུངས་ཆེ་གྲས་ལ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཆེད་དོན་བརྟག་དཔྱད་ཐེངས་དང་པོ་ལེགས་སྒྲུབ་བྱས་ནས། བཟའ་ཆོག་པའི་སྲིན་རིགས109དང་སྨན་སྤྱོད་སྲིན་རིགས77གདམ་གསེས་བྱས་ཡོད། 

640.gif

  • ཉེ་ཆར། ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོའི་ཁུལ་དུ་གནས་པའི་ཧོང་མའོ་རྒྱ་མཚོ་བརྒལ་བའི་བགྲོད་ལམ་དུ་གཡོ་འགུལ་ཐེབས་པའི་སྙོམས་རྒྱུག་སྨུག་པའི་མཛེས་ལྗོངས་ཐོན་ཡོད། སྨུག་རླབས་རྒྱུ་བ་ལྷ་ཡུལ་དང་གཉིས་སུ་མ་མཆིས། 

    སྲིད་ཇུས།

  • ཁྲོམ་རའི་རྟོག་དམ་སྤྱི་ཁྱབ་ཅུ(རྒྱལ་ཁབ་ཀྱི་ཚད་གཞི་ཨུ་ལྷན)ཡིས་ཉེ་ཆར《གཞུང་དོན་རླངས་འཁོར་དོ་དམ་ལས་སྟེགས་ཀྱི་གཞི་གྲངས་ཚད་གཞིའི》རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱ་རྒྱུར་ཆོག་མཆན་སྤྲད་ཅིང་། འདི་ནི་རང་རྒྱལ་གྱི་གཞུང་དོན་རླངས་འཁོར་དོ་དམ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་ཡིན། 

  • ཧྥུ་ཅན་གྱིས“བརྡ་རྟགས་རིམ་འཕེལ”དང“དྲ་ཆེན་མཐའ་མཚམས”ཀྱི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་། 2026ལོར་སླེབས་སྐབས་ལོ་རེར5Gསྦྲེལ་ཚུགས་ཁྲི1ཡན་གསར་དུ་འཛུགས་རྩིས་ཡོད་པ་རེད། 

  • ཀན་སུའུ་ཡིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་ཐབས་ལེགས་སུ་བཏང་ནས། དངུལ་བཅོལ་བྱེད་མཁན་གྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ནས་ཁང་གླ་བྱས་ནས་བདེ་སྡོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། 

    དེ་རིང་གི་གནམ་གཤིས། 

4b92c0fba7000bde6d1e913f5060362.jpg

  • བོད་ལྗོངས་ཤར་རྒྱུད་དང་བྱང་རྒྱུད་དང་། མཚོ་སྔོན་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་དབུས་རྒྱུད་བྱང་རྒྱུད། ཧྲན་ཞིའི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་ཡོད་པ་དང་། བོད་ལྗོངས་ཤར་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།