དེ་རིང་ནི2025ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-20 09:18:08   |   419

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《བཟའ་བཅའི་བདེ་འཇགས་ཀྱི་སྦྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་སྔར་བས་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས18ཉིན་བར། རང་རྒྱལ་གྱི་གློག་སྒུལ་ལྕགས་རྟ་རྙིང་བ་གསར་བརྗེ་ཡི་རྙིང་བ་ཕྱིར་འཚོང་དང་རྙིང་བ་བརྗེས་ནས་རླངས་འཁོར་གསར་བ་ཉོ་བ་སོ་སོར་སྡོམ་པས་རླངས་འཁོར་ཁྲི204.4ཡིན་པ་དང་། རླངས་འཁོར་གསར་བའི་ཉོ་འཚོང་སྒོར་དུང་ཕྱུར56.1ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་བྱས་པ་རེད།

  • འཕྲལ་སྡོམ་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ལོ་འཁོར་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་། སྐོར་ཞིབ་དུས་ཚིགས་དང་པོའི་བདེ་འཇགས་ཐོན་སྐྱེད་ཀྱི་ཡོངས་བསྒྲགས་སུ་ཞིབ་བཤེར་དང་ལྐོག་ནས་འདྲི་བཤེར་བྱེད་པའི་བྱེད་སྒོ་ཉིན་ཤས་གོང་དངོས་སུ་མགོ་བརྩམས་པ་རེད།

  • ཉེ་ཆར། ཀྲུང་དབྱང་དམག་དོན་ཨུ་ལྷན་ཆབ་སྲིད་ལས་དོན་པུ་ཡིས་2025ལོའི་དམག་དཔུང་ཁག་དང་པོའི་དམག་དཔོན་ཐད་ཀར་འདེམས་བསྐོ་དང་བསྡུ་ལེན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོར། རང་རྒྱལ་གྱི་དོས་སྒམ་ཐོན་ཚད་ཀྱི་སྡོམ་འབོར་ཚད་ལྡན་སྒམ་ཁྲི810ལས་བརྒལ་ནས2023ལོ་ལས268.2%འཕར་ཡོད་པ་དང་། ལོ་རྒྱུས་ཀྱི་ཚད་མང་ཤོས་སླར་ཡང་བཏོད་ཡོད་པ་རེད།

01.jpg

  • ཚེས19ཉིན། རྨ་ཆུའི་ནང་སོག་དུམ་བུ་ཧྲིལ་པོ་དལ་མོར་ངང་འཁྱག་བསྡམ་ལྷོད་ཅིང་། 2024ལོ་ནས་2025ལོ་བར་གྱི་རྨ་ཆུའི་གྲང་འགོག་ལས་དོན་བདེ་བླག་ངང་མཇུག་སྒྲིལ་བ་རེད།

  • གྲངས་གཞི་ལས་མངོན་པར། རང་རྒྱལ་གྱིས་ཆུ་ཚོད240རིང་རྒྱལ་མཚམས་སྒྲོལ་ནས་ཐོ་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས་ཟླ3ཚེས17ཉིན་བར། རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི880.5ཡིན་པ་དང་། དུས་མཚུངས་ལས་34.9%འཕར་ཡོད་པ་རེད།

  • ཉེ་ཆར། རང་རྒྱལ་གྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བསྐྱར་ཟློས་བེད་སྤྱོད་བྱས་ཏེ་རིམ་པ་གཉིས་པའི་སྒུལ་ཤུགས་མ་ལག་ཚོད་ལྟ་བྱས་ནས་ཚོད་ལྟ་ལེགས་འགྲུབ་བྱུང་།

  • ཚེས19ཉིན། ཕྱི་འབྲེལ་པུ་ཡིས་ཨ་རི་དང་ཨུ་རུ་སུའི་དབུ་འཛིན་གྱིས་ཕན་ཚུན་ཁ་པར་བཏང་བར་ལན་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དང་ཐོག་ནས་གླེང་མོལ་བརྒྱུད་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། དམག་མཚམས་འཇོག་རྒྱུའི་ཐད་འབད་བརྩོན་བྱེད་རྒྱུར་མོས་མཐུན་ཡོད་པ་དང་དེ་ནི་ཞི་བདེ་མངོན་འགྱུར་ཡོང་བའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • ཚེས19ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་གྱི་གནམ་གཤིས་སྙན་ཞུའི་ནང་། 2024ལོའི་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཟིན་ཐོ་བཀོད་ཚུན་ནས་བཟུང་གི་ཆུ་ཚད་མཐོ་ཤོས་ཡིན་པ་རེད།

  • སློབ་གསོ་པུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་སྤེལ་ནས་སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་ཆེད་ལས་ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་བྱེད་པ་བཀོད་སྒྲིག་བྱ་རྒྱུ་རེད།

  • ཚེས19ཉིན་གྱི་དུས་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར280དང་སྒོར270མར་ཆག་རྒྱུ་རེད།

  • ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའུ་ཡི་ཁོངས་མིའམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་ཞིན་ཤིན་འཛིན་བཟུང་བྱ་རྒྱུ་གཏན་འབེབས་བྱས་པ་རེད།

  • 2024ལོར། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་གིས་ཁྱོན་སྡོམ་ཁེ་ལས་424ཡིས་ཚན་རྩལ་གསར་གཏོད་དངུལ་བུན་འགྲེམས་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། གཞི་ཁྱོན་སྡོམ་འབོར་སྒོར་དུང་ཕྱུར5105ཟིན་པ་དང་། དུས་མཚུངས་ལས་68%འཕར་ཡོད།

02.jpg

  • ཚེས19ཉིན། པེ་ཅིང་གི་ཀྲུང་ཡ(中亚)འགྲུལ་སྐྱོད་མེ་འཁོར་ཐོག་མ་རྒྱུག་མགོ་བརྩམས་པ་དང་། ཚད་ལྡན་སྒམ90བཞག་ཡོད་ཅིང་དངོས་ཟོག་རིན་ཐང་སྒོར་ཁྲི1600ལྷག་ཙམ་རེད།

  • ཉེ་ཆར། སི་ཁྲོན་ཆིང་ཁྲོན་མའོ་ཝན་ལིའི་མཱན་གཏེར་ཁུངས་ཡོངས་ཁྱབ་ཞིབ་བཤེར་རྣམ་གྲངས་ལ་ཚད་བརྒལ་ཆེན་པོ་ཐོབ་ནས་མཱན་གཏེར་གྱི་ཐོན་ཁུངས་ཏུན་ཁྲི་606.7འཚོལ་ཞིབ་བྱས་པ་རེད།

  • མགོ་སྐོར་དང་འབྲེལ་བ་ཡོད་པའི་དྲིལ་སྒྲོག་དངོས་རྫས་བརྒྱུད་བསྐུར་ཐབས་ལམ་དུ་ཐོན་པས། རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་ཁྲིམས་ལྟར་ཧྲང་ཧའེ་ཡུན་ཏ་ཟོག་འདྲེན་ཚད་ཡོད་སྤྱི་གཉེར་ལ་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱས་པ་རེད།

  • ཧུའུ་ལུའུ་གླིང་ཕྲན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཉེན་བརྡ་བཏང་སྟེ། ཚེས19ཉིན་གྱི་ཆུ་ཚོད17ནས་ཚེས20ཉིན་གྱི་ཆུ་ཚོད17བར། པོ་ཧའེ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ནང་སྦྱོང་བྱེད་རྒྱུ་དང་གཞན་དེར་བསྐྱོད་མི་ཆོག་པ་ཁྱབ་སྒྲོག་བྱས།

01.gif

  • ཧུའུ་ནན་ལིའུ་དབྱང་གི་བུད་མེད་ཅིག་སེམས་ཆུང་མ་བྱས་པར་ཆུའི་ནང་དུ་ལྷུང་བ་དང་། ལམ་འགྲོ་བ་སུན་ཅ་ཡིས་སྲོག་ལ་མ་འཛེམ་པར་ཆུའི་ནང་དུ་མཆོང་ནས་རོགས་སྐྱོབ་བྱས་པ་དང་། ཉེ་འཁོར་གྱི་མང་ཚོགས་ཀྱི་རོགས་རམ་ཐོབ་པས་མཉམ་དུ་བུད་མེད་དེ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས་ཏེན་ཧྲན་མཚེའུ་ཡི་མཚོ་འགྲམ་དང་མཚོ་འགྲམ་མཐའ་འཁོར་གྱི་སྨི་2000ཀྱི་ཁྱབ་ཁོངས་དང་། ཐའེ་ཕུའུ་གཙང་འགྲམ་དང་ཆུ་འགྲམ་ཕྱོགས་གཉིས་ཀྱི་སྨི1000གི་ཁྱབ་ཁོངས་སོགས་སུ་གཞི་ཁྱོན་ཆེ་བའི་ཕྱུགས་རིགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་མི་ཆོག་པ་ཁྱབ་སྒྲོག་བྱས་པ་རེད།

  • ཅི་ལིན་གྱིས་ལོ་ན་མཐོ་བའི་ཕོགས་སྣོན་སྤྲོད་རྒྱུའི་ཚད་གཞི་ལེགས་སྒྲིག་བྱས་ནས་ལོ་80ཡན་གྱི་རྒན་པ་མི་རེར་ཟླ་རེར་མཐོ་ཤོས་སུ་ལོ་ན་མཐོ་བའི་ཕོགས་སྣོན་སྒོར600བླངས་ཆོག

  • ཅང་ཞི་ཡིས་ཞིང་ལས་འཕྲུལ་འཁོར་བེད་མེད་དུ་གཏོང་བའི་ཁ་གསབ་སྲིད་ཇུས་གསར་སྒྱུར་བྱས་ཏེ། ཞིང་ལས་འཕྲུལ་འཁོར་བེད་མེད་དུ་གཏོང་བའི་འཕྲུལ་ཆས་རིགས15ནས་རིགས27བར་རྒྱ་སྐྱེད་བཏང་སྟེ། 2025ལོར་ཞིང་ལས་འཕྲུལ་འཁོར་བེད་མེད་དུ་གཏོང་བའི་འཕྲུལ་ཆས་ཁྲི1གསར་སྒྱུར་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱས་ཡོད།

དེ་རིང་གི་གནམ་གཤིས།

03.jpg

  • བོད་ལྗོངས་ཀྱི་ནུབ་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།