དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-21 09:29:24   |   734

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་གཏོད། ཧུར་བརྩོན་ཡར་སྤེལ། དམ་འཛིན་དངོས་བསྒྲུབ་བཅས་བྱས་ཏེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཟེར།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།

  • ཞིང་ལས་གྲོང་གསེབ་པུ་ཡིས2025ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་ལས་ཀྱི་ཕན་བདེ་བསྐྲུན་པ། ཞིང་བ་ཕྱུག་འགྱུར་གཏོང་པའི་སྲིད་ཇུས་ཀྱི་ཞིབ་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ཁ་གསབ་སོགས་མི་སྒེར་དང་ཁྱིམ་ཚང་ལ་ཕན་པའི་ཁ་གསབ་སྲིད་ཇུས་ཁག་9ཚུད་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱོད་ནས་འགྲན་རྩོད་མེད་པར་བཟོ་བ་དང་ཚོད་འཛིན་བྱེད་པར་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།

  • ཟླ3ཚེས18ཉིན་བར། རྙིང་བ་གསར་བརྗེ་ཡིས་རྒྱལ་ཡོངས་ཀྱི་ལག་ཁྱེར་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཕྱིར་འཚོང་གི་སྒོར་དུང་ཕྱུར་669.5ལ་སྐུལ་ཁྲིད་བྱས་པ་དང་། མི་ཁྲི4220ཙམ་གྱིས་རེ་ཞུ་བྱས་ཡོད་པ་རེད།

  • ཀྲུང་གོའི་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུ་ཡིས་ཐག་གཅོད་བྱས་པ་ལྟར་ན། དེ་རིང་ནས་བཟུང་དགོས་མཁོ་ཡོད་པའི་ཤང་ཀང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་ནང་ལོག་ཏུ་འགྲོ་འོང་བྱེད་པའི་གནས་སྐབས་ཀྱི་ལམ་ཡིག་སྤྲོད་རྒྱུ་མ་ཟད། ནང་ལོག་ཏུ་འགྲོ་འོང་བྱེད་པའི་ལམ་ཡིག་དང་སྡོད་གནས་ལག་ཁྱེར་གྱི“འཛིན་གཉིས་མཉམ་སྦྲེལ”ཞིབ་བཤེར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་གཏན་འབེབས་བྱས་པ་རེད།

  • ཧྲིན་ཀྲོའུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་པས་ཉེ་ཆར་གནས་ཚུལ་ལ་གཞིགས་ནས་གྲུ་ཁང་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གསུམ་པ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

01.jpg

  • ཉེ་ཆར་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཚན་ཞིབ་ཚོགས་པས་བར་ཐག་སྤྱི་ལེ་12900ལྷག་ཙམ་ཡོད་པའི་གླིང་ཆེན་བར་གྱི་ཚད་རྡུལ་འཕྲིན་གཏོང་གྲུབ་འབྲས་ཐོབ་པ་མངོན་འགྱུར་བྱུང་སྟེ། དངོས་སྤྱོད་ཅན་གྱི་འཁོར་སྐར་ཚད་རྡུལ་འཕྲིན་གཏོང་གི་དྲ་རྒྱ་སྒྲིག་འཛུགས་བྱ་རྒྱུར་རྨང་གཞི་བཏང་བ་རེད།

  • ཚེས20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཀྲུང་གོའི་རྒྱལ་ཕྱིའི་སློབ་གཉེར་སློབ་མའི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཁེ་དབང་འགན་ལེན་བྱེད་དགོས་པ་དང་། ཀྲུང་གོའི་རྒྱལ་ཕྱིའི་སློབ་གཉེར་སློབ་མར་མཐོང་ཆུང་རང་བཞིན་དང་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་སྤྱད་མི་ཆོག་པའི་ལྕག་སྐུལ་བྱས་པ་རེད།

  • རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས2028ལོའི་ལུའོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་ནང་འཇོག་རྒྱུར་ཆོག་མཆན་གནང་བ་རེད།

སྤྱི་ཚོགས།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་དུང་ཕྱུར34ཡིན་པ་དང་། དུས་མཚུངས་ལས14.5%འཕར་ཡོད་པ་རེད།

02.jpg

  • རྒྱལ་ཁབ་ངོས་འཛིན་ལྟ་སྐུལ་ཨུ་ལྷན་གྱིས་ཉེ་ཆར་ཀྲུང་གོའི་ཐོན་རྫས་ཀྱི་ཐཱན་གྱི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་དབྱིན་ཅེས་ལྐོག་རྔན་བླངས་པའི་གྱོད་དོན་གྱི་འདྲི་གཅོད་དང་པོའི་ཁྲིམས་རའི་མགོ་བརྩམས་ཤིང་། ཝུའུ་དབྱིན་ཅེ་ལ་མི་དམངས་ཤོག་སྒོར་དུང་ཕྱུར3.43ལྷག་ཙམ་ལྐོག་རྔན་བླངས་པའི་ཞུ་གཏུག་བྱས་པ་རེད།

03.jpg

  • རང་རྒྱལ་གྱིས་རང་བདག་ཞིབ་འཇུག་དང་གསར་བཟོ་བྱས་པའི་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས8600དངོས་སུ་རྩིས་སྤྲོད་བྱས་ནས། གྲུ་གཟིངས་རིགས་གཅིག་པའི་གྲུ་གཟིངས་སྙོམས་སྒྲིག་བྱེད་པའི་དུས་འཁོར་མགྱོགས་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད།

  • ཧྭ་ཝེ(华为སྤྱི་གཉེར་གྱིས་ཧུང་མེང་བཀོལ་སྤྱོད་མ་ལག་བཞག་པའི་ཧུང་མེང་གློག་ཀླད་ད་ལོའི་ཟླ5པར་འགྲེམས་སྟོན་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

  • 2025ལོའི་དམག་དཔུང་ཁག་དང་པོའི་དམག་དཔོན(ཉེན་རྟོག་པ)ཐད་ཀར་གདམ་གསེས་བྱས་ནས་བསྡུ་བའི་ལས་དོན་ཟླ3ཚེས20ཉིན་ནས་ཚེས30ཉིན་བར་དྲ་ཐོག་ནས་མིང་ཐོ་འགོད་འགོ་ཚུགས་པ་རེད།

  • ཀྲུང་གོའི་སྦྲག་སྲིད་ཀྱིས་ཧྲའན་ཤིས་ཧྲང་ལུའོ་ནས་རྒྱུན་ལྡན་ཅན་གྱི་མི་མེད་གནམ་གྲུའི་སྦྲག་ལམ་ཚོད་ལྟ་བྱེད་འགོ་ཚུགས་ནས། ཚན་རྩལ་གྱི་ནུས་པ་འདོན་སྤྲོད་བྱས་པ་བརྒྱུད་ནས་རི་ཁུལ་དུ་སྐྱེལ་དཀའ་བའི“སྤྱི་ལེ་མཐའ་མའི”དཀའ་གནད་ཐག་གཅོད་བྱས་པ་རེད།

05.jpg

  • ཚེས20ཉིན། ཞི་ཧུའུ་ལུང་ཅིང(西湖龙井)ཇ་ལོ་དངོས་སུ་བཏོག་མགོ་བརྩམས་པ་དང་། ད་ལོའི་ཇ་ལོ་བཏོག་པ་དང་ཁྲོམ་རར་ཐོན་པའི་དུས་ཚོད་རྒྱུན་ལོ་དང་བསྡུར་ན་ཅུང་འཕྱི་བས། སྔོན་དཔག་བྱས་ན་ད་ལོའི་དཔྱིད་ཇའི་སྔར་ལས་ཞིམ་རྒྱུ་རེད།

06.jpg

  • ཅང་ཞིའི་ཞིང་ལས་སློབ་ཆེན་གྱི་ཧྥུ་ཏུང་ཧུའེ་ཚོགས་པས་ལོ11རིང་འགག་སྒྲོལ་བྱས་ཏེ་རྒྱུད་འདྲེས་སོན་གསོ་བྱས་པ་བརྒྱུད་པད་ཁ་མེ་ཏོག་གི་ཁ་དོག་སེར་པོ་དང་། གློ་ཁ། ལི་ཁྲི་སོགས་སྣ་ཁ75བར་རྒྱ་སྐྱེད་བཏང་ཡོད།

སྲིད་ཇུས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་སོགས་སྡེ་ཚན་བཞིས2026ལོའི་ཟླ1ཚེས1ཉིན་ནས་བཟུང་། སྨན་རྫས་སྒྲིག་གཞི་ཚང་མས་སྨན་རྫས་ཀྱི་རྗེས་འདེད་ཨང་རྟགས་ཡོངས་རྫོགས་འཚོལ་བསྡུ་བྱས་ནས་བསྐུར་དགོས་པའི་བརྡ་ཐོ་བཏང་བ་རེད།

  • ཧྲང་ཧའེ་སྤྱི་བདེ་ཡིས་དམངས་བདེ་བྱེད་ཐབས་ཁྱབ་སྤེལ་བཏང་ནས། ཁྱིམ་ཐོ་གནས་སྤོ་དང་། ཁྱིམ་ཐོ་མེད་པར་བཟོ་བ། ཁྱིམ་ཐོ་ཐོ་འགོད་རྣམ་གྲངས་བསྒྱུར་བཅོས་བཅས་རིགས་ཆེན་པོ་གསུམ་གྱི་ཁྱིམ་ཐོ་ལས་སྒོ་མང་བའི“གྲོང་ཁྱེར་ཡོངས་ཀྱིས་ཀུན་གྱིས་སྒྲུབ་པའི”བྱེད་ཐབས་ལག་བསྟར་བྱས་པ་རེད།

  • ཡུན་ནན་གྱིས་སྲིད་ཇུས་བཏོན་ནས་སློབ་འབྲིང་ཁག་གིས་རུ་ཁག་དང་སྒྲིག་གཞི་བཙུགས་ནས“སྤོ་ལོ་ཆེན་པོ་གསུམ”གྱི་རྣམ་གྲངས་ཀྱི་དམིགས་བསལ་སློབ་མ་བསྡུ་ལེན་བྱས་ནས་ཁྱད་ཆོས་ལྡན་པའི་འཛིན་གྲྭ་འཛུགས་རྒྱུར་སྐུལ་མ་བཏང་ནས། ལོ12ལ་སླེབས་རྗེས་སློབ་ར་ནས་ཕྱིར་འབུད་པའི་སྣང་ཚུལ་ཐག་གཅོད་བྱེད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

07.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་ནུབ་བྱང་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་ཤར་རྒྱུད་དང་སི་ཁྲོན་གཤོང་སའི་ནུབ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།