དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-24 09:31:23   |   717

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཆེད་དོན་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་ཀློག་འདོན》ཟླ3ཚེས24ཉིན་གཏོང་རྒྱུ་ཡིན་པ་དང་། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱེད་པའི་བརྙན་འཕྲིན་ཆེད་དོན་བརྙན་ཚན་ཐོག་མ་རེད།

  • ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2024ལོའི་ཟླ8པ་ནས་ད་བར་འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་གསར་པའི་ཐོན་རྫས་ཁྲི9000ཙམ་ཉོས་པ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་སྒྲིག་གཞིའི་མ་རྩ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི495.59ཟིན་པ་དེ་དུས་མཚུངས་ལས7.5%འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱིས་མགོ་སྐོར་བཏང་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པ་ལ་ཐེར་འདོན་བྱས་པའི་བྱ་དགའ་མི་ཐེངས754སྤྲད་པ་དང་། བྱ་དགའི་དངུལ་གྲངས་སྒོར་ཁྲི186.6ཟིན་ཡོད།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཕྱིར་གྱར་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས2156མེས་རྒྱལ་དུ་ཕྱིར་ལོག

  • གྲངས་གཞི་ལས་མངོན་པར། 2024ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ལུས་རྩལ་ར་བ་ཁྱོན་ཁྲི484.2ཡོད་པ་དང་མི་རེའི་ཆ་སྙོམས་ལུས་རྩལ་ར་བའི་རྒྱ་ཁྱོན་ཁ་སྨི3ཟིན་ཡོད།

  • རྒྱལ་ཁབ་གྲངས་གཞི་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ད་ལོ་གྲངས་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚད་གཞི་ཁག41བཟོ་བཅོས་རྒྱག་རྩིས་ཡོད་པ་དེ་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། རིག་ལྡན་གྲོང་ཁྱེར་སོགས་ཐོན་ལས་ལས་རིགས་དང་འབྲེལ་བ་ཡོད་པ་རེད།

01.jpg

  • ཉེ་ཆར་མཚོ་དམག་མཁའ་འགྲུལ་སློབ་ཆེན་གྱི་མདའ་ཤོག་ཅིག་གིས་མཚོ་ཐོག་གི་མཁའ་དབྱིངས་དམའ་བའི་དཔུང་རུའི་སྦྱོང་བརྡར་བྱས་པ་རེད།

  • ཉེ་ཆར་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས41པའི་ལྷོ་སྣེའི་ལུའོ་སི་མཚོ་ཐོག་མཉམ་འབྲེལ་གྲུ་གཟིངས་གཏོང་མགོ་ཚུགས་ཤིང་། རང་རྒྱལ་གྱིས་ལྷོ་སྣེའི་སྟོན་དུས་སུ་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱ་རྒྱུ་རེད།

  • ཚོགས་མིའི་རྒྱལ་ཁབ་ཁག་གཅིག་གིས་ཚོགས་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་མ་ཐུབ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནོར་སྲིད་གནས་ཚུལ་ཛ་དྲག་ཏུ་སོང་བ་དང་། ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་ཡིས་གཟའ་འཁོར་འདིའི་གཟའ་ཟླ་བ་ནས་བཟུང་ལས་བཟོའི་འཇུག་སྒོ་ཞིག་སྒོ་བརྒྱབ་ནས་འགྲོ་སོང་གྲོན་ཆུང་བྱ་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས25ནས་ཚེས29ཉིན་བར་གྲང་རླབས་ཀྱིས་ཤུགས་རྐྱེན་ཐེབས་ནས་ཞིན་ཅང་བྱང་རྒྱུད་དང་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་སྔ་རྗེས་སུ8-12℃བར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད14-18℃བར་ཆག་རྒྱུ་རེད།

  • ཚེས23ཉིན། ཀྲུང་གོའི་ཧྥུའུ་ཚའེ(福彩)ཡིས་AIསྔོན་དཔག་རྒྱན་ཤོག་གི་ཨང་གྲངས་ཟེར་བ་དེ100%ནི་གཡོ་ཐབས་ཤིག་ཡིན་པ་དྲན་སྐུལ་བྱས།

02.jpg

  • ཚེས23ཉིན། 2025ལོའི་བུད་མེད་འཁྱག་ལྟིར་འཛམ་གླིང་སྐྱེས་འབུལ་འགྲན་བསྡུར་ཁྲོད་ཀྲུང་གོའི་བུད་མེད་འཁྱག་ལྟིར་རུ་ཁག་ལ་ཟངས་ཀྱི་རྟགས་མ་ཐོབ་པ་དང་ཆབས་ཅིག་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་ཡང་ཐོབ་པ་རེད།

  • ཚེས23ཉིན། 2025ལོའི་ནན་ཅིང་ཁང་པའི་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་སྐྱེས་འབུལ་འགྲན་བསྡུར་བུད་མེད་ཀྱི་སྨི60ཡི་རྒྱུག་འགྲན་ཕྱེད་ཀའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཝུའུ་ཡན་ཉི་ཡིས་སྐར་ཆ8དང01གི་ཐོག་ནས་ཨང་གསུམ་པར་སླེབས་ནས་རྣམ་གྲངས་དེའི་རྒྱལ་ཡོངས་ཀྱི་ཟིན་ཐོ་ལས་བརྒལ་བ་རེད།

  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པས་ཚེས23ཉིན་བྱང་རྒྱུད་མཚོ་ཁུག་གཤོང་སའི་མཚོ་དབུས་སུ་གནས་པའི་མཚོ་ཐོག301ཁྲོམ་པར་ཐོན་མཐོའི་སྣུམ་རླངས་ཀྱི་རླུང་རྒྱུན་བྱུང་ནས་བྱང་རྒྱུད་མཚོ་ཁུག་གི་མཚོ་ནང་གི་སྣུམ་རླངས་ཉིན་རེའི་ཐོན་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་ཁྱབ་བསྒྲགས་བྱས།

  • ཚེས23ཉིན། ཧོ་ཧྥེ་གྲོང་ཁྱེར་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ལུག་གསུམ་གྱི་སྤྱི་གཉེར་དག་ཐེར་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ལུག་གསུམ་སྤྱི་གཉེར་གྱིས་དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་སྒོར་ཁྲི6894.95སྤྲད་པ་དང་རིམ་རྩིས་བྱས་ན་སྐྱིན་ཚབ་སྒོར་ཁྲི2777.85སྤྲད་པ་རེད།

03.jpg

  • ཁྲུང་ཆིང་དབྱིན་ཐིའོ་ལིང(阴条岭)རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པ་ཧྲན་ཁྲུང་ལོའུ(巴山重楼)དང་ཆིའུ་ཡའོ་ཀོ་ཁྲུང་ལོའུ(球药隔重楼)སོགས་རྩ་ཆེའི་ཁྲུང་ལོའུ་ཁོངས་སུ་གཏོགས་པའི་རྩི་ཤིང་སྣ་ཚོགས་ཤེས་རྟོགས་བྱུང་།

  • ཚེས24ཉིན་གྱི་ཐོ་རེངས་ནས་བཟུང་སྤེན་སྐར་འོད་གདུབ་དེ་ཉིན་ཤས་བསྟུད་མར་མེད་པར་གྱུར་པའི་ངོ་མཚར་གྱི་ལྟད་མོ་ཞིག་འཁྲབ་རྒྱུ་རེད།

05.jpg

  • པེ་ཅིང་ཧྲུན་དབྱི་ཡི་གཞོན་ནུ་ཞིག་ལྗོངས་རྒྱུ་བྱེད་དུས་སེམས་ཆུང་མ་བྱས་པར་ཆུར་ལྷུང་བ་དང་། ལོ55ལ་སླེབས་པའི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཝང་ཡུས་མིང་གིས་མཐོང་རྗེས་གཙང་པོའི་ནང་དུ་མཆོངས་ཏེ་ཆུར་ལྷུང་བའི་གཞོན་ནུ་རྣམས་སྐམ་སར་བསྐྱབས།

སྲིད་ཇུས།

  • ཁྲུང་ཆིང་གིས་སློབ་གྲྭ་འབྲིང་ཆུང་གིས་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་དེ་སློབ་དུས་ཀྱི་སློབ་གསོ་སློབ་ཁྲིད་འཆར་གཞིའི་ནང་བཅུག་ནས་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་དེ་རང་མོས་ངང་ཞུགས་པའི་བྱེད་ཐབས་ལྟར་སྒྲིག་འཛུགས་བྱེད་དགོས་པ་གཏན་འཁེལ་བྱས།

  • སི་ཁྲོན་གྱིས་སྲིད་ཇུས25ཁྱབ་བསྒྲགས་བྱས་ནས་མི་ཐབས་རིག་ནུས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནང་རྩིས་རྒྱག་ཉིང་ལྷེབ་དང་འཕྲུལ་མི་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་ལག་རྩལ་འགག་སྒྲོལ་སྒྲིག་འཛུགས་བྱེད་པ་དང་རྣམ་གྲངས་རྐྱང་པར་རྒྱབ་སྐྱོར་མཐོ་ཤོས་སྒོར་ཁྲི2000སྤྲོད་རྒྱུ་རེད།

  • ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡིས་ཡིག་ཆ་བཀྲམ་ནས་སྡེ་ལས་ཞབས་ཞུའི་ཁེ་ལས་དང་སྡེ་བདག་ཨུ་ཡོན་ལྷན་ཁང་གིས་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ལས་སྒྲུབ་སྐར་ཁུང་བཙུགས་ནས་གྲོང་མིར་སྡེ་ལས་ཀྱི་གྲོན་དངུལ་སྤྲོད་པ་དང་། རེ་ཞུ་སྒྲུབ་གཉེར། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

06.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ཐེན་ཧྲན་རི་བོའི་ས་ཁུལ་དང་། ནང་སོག་གི་བྱང་ཤར་རྒྱུད་དང་དབུས་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད།  བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཞིན་ཅང་ཨ་ལི་ཐའེ་དང་།  དབྱི་ལི་ལུང་གཞུང་། ཐེན་ཧྲན་རྒྱུད་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད།  ནང་སོག་གི་དབུས་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་། དེའི་ནང་ཞིན་ཅང་ཐེན་ཧྲན་ས་ཁུལ་དང་དབྱི་ལི་ལུང་གཞུང་། སི་ཁྲོན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།