དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-26 09:23:31   |   963

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་དཔྱིད་ཀར་ཞིང་ཁར་ཆུ་གཏོང་བའི་ལས་དོན་སྤེལ་ཏེ། དཔྱིད་རྨོད་དཔྱིད་འདེབས་ཀྱི་དོ་དམ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་འགན་ལེན་བྱེད་བཞིན་ཡོད།

  • ཚེས25ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཡིད་རྟོན་སླར་གསོའི་རྒྱལ་ཡོངས་གཅིག་གྱུར་ལས་སྟེགས་དངོས་སུ་སྤྱོད་མགོ་ཚུགས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་ཡོ་ཆས་ཁུངས་འདེད་ཆ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་ལས་སྟེགས་དེ་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་ཁྲི90ལྷག་ཙམ་དང་འབྲེལ་མཐུད་བྱས་པ་དང་། འབྲེལ་མཐུད་བྱེད་ཚད་95%ལས་བརྒལ་ཡོད་པ་རེད།

  • སློབ་གསོ་པུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་སྟེ། གསོ་བཅོས་ལྟ་སྐྱོང་དང་དོ་དམ་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་བྱས་ནས་གསོ་བཅོས་ཟུང་འབྲེལ་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་མགྱོགས་སུ་གཏོང་དགོས་པ་བསྟན།

  • སྐྱེ་ཁམས་ཁོར་ཡུག་པུའི་ལྟ་ཞིབ་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་གཉིས་པར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར339ཡིPM2.5ཡི་ཆ་སྙོམས་གར་ཚད་ཤོ་སྨི་རེར་ཝེ་ཁེ37.3ཟིན་པ་དང་། དེ་དུས་མཚུངས་ལས16.4%མར་ཆག་ཡོད།

1.jpg

  • ཚེས25ཉིན། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཏེ། མིའི་རིགས་ཀྱི་ཕྲ་ཕུང་མ་ལག་གི་ཚན་རིག་ཞིབ་འཇུག་སྒྲིག་བཀོད་ཆེན་པོ་དེ་ཀོང་ཀྲོའུ་རྒྱལ་སྤྱིའི་སྐྱེ་དངོས་གླིང་ཕྲན་དུ་དངོས་སུ་སྐྲུན་མགོ་ཚུགས།

  • ཚེས25ཉིན་གྱི་ཆུ་ཚོད10པའི་བར་ལྕགས་ལམ་སྡེ་ཚན་གྱིས་རིམ་རྩིས་བྱས་ན་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གི་མེ་འཁོར་སྤ་སེ་ཁྲི1613བཙོངས་པ་རེད།

  • ཚེས25ཉིན། ཧྥུ་ཅན་གྱི་མཚོ་ཐོག་ཉེན་རྟོག་གནས་ཅིན་མོན་ཉེ་འགྲམ་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་ཁྲིམས་འཛིན་སྐོར་ཞིབ་བྱས།

  • པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་དེ་ཚེས25ཉིན་འཚོགས་པ་རེད།

  • ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་ཕྱོགས་ཀྱི་ལངས་ཕྱོགས་དབང་གིས་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་པོས་ལི་ཡ་ཏེ་རུ་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་མེད།

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གྲང་རླབས་སྔོན་པོའི་ཉེན་བརྡ་ཁྱབ་བསྒྲགས་བྱས་ཏེ། ཚེས26ནས30ཉིན་བར་ཞིན་ཅང་གི་ས་ཆ་མང་ཆེ་བ་དང་། ནུབ་བྱང་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཧྭ་བྱང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ་དང་དེ་བཞིན་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་སུ་སྔ་རྗེས་སུ་དྲོད་ཚད8℃ནས14℃བར་མར་ཆག་རྒྱུ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲ་ཐོག་ཉོ་སྒྲུབ་བྱེད་སྐབས་ལག་ཁྱེར་ཁ་པར་གྱི“གསང་བ་མེད་པར་གཏོང་སྤྲོད་བྱེད་པའི”ནུས་པ་གཟབ་ནན་གྱིས་སྤྱད་དགོས་ལ། རྩིས་ཁྲའི་དབང་ཚད་སྒོ་འབྱེད་དྲགས་པའི་དབང་གིས་མ་དངུལ་གྱི་གྱོང་གུན་མི་ཕོག་པར་དྲན་སྐུལ་བྱས་ཡོད།

  • ཀོང་ཏུང་ཞིང་ཆེན་ཡིག་ཚགས་ཁང་ལ་འཇར་པན་གྱི་ཡི་གེའི་ཡིག་ཚགས་ཀྱི་ལོ་རྒྱུས་དཔྱད་གཞི་ཁག་གཅིག་སྤྲད་པ་དེའི་ནང་རྒྱལ་ནང་དུ་ཐོན་པའི་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གིས་ཧྭ་ལྷོའི་ས་ཁུལ་དུ“དངུལ་ལོར་རྫུས་མའི་དམག་འཐབ”བྱས་པའི་འཇར་པན་ཡི་གེའི་ཐོག་མའི་ཉེས་དཔང་ཚུད་ཡོད།

  • ཉེ་ཆར། ཉིང་ཞ་སྤྱི་བདེ་ལས་ཁུངས་ཀྱིས་མ་རབས་ཐ་ཤལ་གྱི་སྤྱོད་ངན6ལ་གཅིག་སྡུད་ཐོག་ཉེན་ཟོན་སྐོང་འདྲི་དང་དེ་བཞིན་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྤེལ་བ་རེད།

  • ཀྲུང་གོ་དང་ཐེ་ལན་གྱི“འཕྲལ་རྒོལ་སྔོན་པོ—2025”མཚོ་དམག་གི་མཉམ་འབྲེལ་སྦྱོང་བརྡར་དཔུང་སྡེ་ཁྱབ་བསྒྲགས་བྱས་པ་དང་། རང་རྒྱལ་གྱི་ཁུན་མིང་དམག་གྲུ་དང་མདོ་ལ་རིང་མོའི་དམག་གྲུ་སོགས་དམག་གྲུ་སྣ་ཚོགས་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།

  • ཚེས25ཉིན། ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཐོན་ལས་མནའ་འབྲེལ་གྱིས《ཨ་རིའི་གསང་འཕྲིན་སྒྲིག་གཞིས་གོ་ལ་ཧྲིལ་པོའི་སྒུལ་བདེའི་རིག་ནུས་མཐའ་སྣེར་དམིགས་ནས་ལག་བསྟར་བྱས་པའི་གསང་བའི་ལྐོག་ཉན་བྱེད་སྒོ》ཁྱབ་བསྒྲགས་བྱས་པ་རེད།

3.jpg

  • ཚེས25ཉིན། ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་གི་རིག་གནས་ཐོན་རྫས་ཁྱུང་པྲོག་གི་འཁྱགས་སྒམ་སྦྱར་བྱང་རིམ་རྩིས་བྱས་ན་ཕྱིར་ཚོང་བྱེད་ཚད་ཁྲི100ལས་བརྒལ་ཏེ། ཁྱུང་པྲོག་གིIPཡོངས་ཀྱི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ལས་བརྒལ་བར་སྐུལ་ཁྲིད་བྱས་ཡོད།

  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྲེང་ལི་ཅི་དབྱང་རྡོ་སྣུམ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་གྱི་སྣུམ་རླངས་རྩད་ཞིབ་ལ་ཚད་བརྒལ་ཆེན་པོ་བྱུང་བ་དང་། གསར་དར་སྣུམ་ཞིང་གི་རྡོ་གཡམ་སྣུམ་གྱི་ས་གཤིས་གསོག་ཚད་ཏུན་དུང་ཕྱུར1.4ལྷག་ཙམ་ཟིན་ཡོད་པ་རེད།

  • ཚེས25ཉིན། དོན་ཁྲ“ཧྥུ་པའོ”དོམ་ཁྲའི་ལྟེ་གནས་ཝོ་ལུང་ཧྲེན་ཧྲུའུ་ཕིང་རྟེན་གཞིའི་བུ་བཅོལ་ཁང་ཨང2པ་ནས་སྤྱི་དམངས་ལ་ཐུག་འཕྲད་བྱས་པ་རེད། ཉིན100ལྷག་ཙམ་རིང་ངལ་གསོ་བྱས་པ་བརྒྱུད“ཧྥུ་པའོ”ཡི་གཟུགས་པོ་བདེ་ཐང་སླར་གསོ་བྱུང་ཡོད།

སྲིད་ཇུས།

  • རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཞིབ་བཤེར་ཚད་ལེན་སྒྲིག་གཞིའི་ལྟ་སྐུལ་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་ཞིབ་བཤེར་ཚད་ལེན་སྙན་ཞུ་རྫུན་མ་འདོན་པའི་བྱེད་སྤྱོད་ལ་དངུལ་ཆད་ཀྱི་ཚད་གཞི་སྒོར་ཁྲི་བཅུ་བར་མཐོ་རུ་བཏང་ཡོད།

  • པེ་ཅིང་གིས་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་དང་མཉམ་འབྲེལ་བྱས་ནས་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཐོ་སློབ་དང་ཁོངས་གཏོགས་མཐོ་སློབ་ལ“གསོ་སྦྱོང་གསར་པ་གཉིས་ཀྱི་འཆར་གཞི”ལག་བསྟར་བྱས་ཏེ། རྩིས་ཚན་དང་མི་ཐབས་རིག་ནུས་སོགས་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

  • ཡུན་ནན་གྱིས་བྱེད་ཐབས་བཏོན་ནས2025ལོ་ནས2027ལོའི་བར་ཞིང་ཆེན་ཡོངས་ཀྱིས་མི་ཐེངས་ཁྲི་300ཡན་ལ་གསོ་སྦྱོང་སྒྲིག་འཛུགས་བྱ་རྒྱུ་དང་། དེའི་ནང་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་མི་ཐེངས་ཁྲི150ཡན་ལ་གསོ་སྦྱོང་བྱ་རྒྱུ་གཏན་འཁེལ་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། ནུབ་རྒྱུད་ཀྱི་རི་ཁུལ། ནང་སོག་གི་ནུབ་བྱང་རྒྱུད། ཤར་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད།  ཧེ་ལུང་ཅང་གི་དབུས་ལྷོ་རྒྱུད། ཅི་ལིན་གྱི་ཤར་རྒྱུད་དང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་གི་ལྷོ་རྒྱུད་དང་ནུབ་རྒྱུད་རི་ཁུལ། ནང་སོག་གི་ནུབ་བྱང་རྒྱུད་དང་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་དང་། ནང་སོག་གི་བྱང་ཤར་ས་ཁུལ་དུ་ཁངས་ཆེན་འབབ་རྒྱུ་རེད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། ཅི་ལིན་གྱི་དབུས་རྒྱུད། ལིའོ་ཉིང་གི་བྱང་རྒྱུད་དང་ཤར་རྒྱུད། ཧྲན་ཏུང་གི་ཤར་ལྷོའི་རྒྱུད། ཧོ་ནན་གྱི་ཤར་ལྷོའི་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབབ་རྒྱུ་རེད།


མཉམ་སྤྱོད།