དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-01 09:11:25   |   750

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ3པའི་ཚེས31ཉིན་ཚོགས་འདུ་འཚོགས། ཚོགས་ཐོག་ཏུ《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྲོལ་ཡིག》དང《ཀྲུང་དབྱང་སྐབས་ཉི་ཤུ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • ཟླ4པའི་ཚེས1ཉིན་དཔེ་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས7པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་རྔམ་བརྗིད་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས》ཞེས་པའི་རྩོམ་ཡིག་སྤེལ་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱ་རྒྱུ་རེད།

  • ཟླ3པར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལི་སྟོན་གྲངས(PMI)50.5%ལ་འཕར་ཡོད། ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.3འཕར་བ་དང་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་ཁ་དར།

  • ནོར་སྲིད་པུ་སོགས་སྡེ་ཁག་བཞི་ཡིས2025ལོའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཀྱི་སྐྱེད་ཀ་རྩ་ཆག་དང་མ་རྩ་འགྱངས་འཇལ་གྱི་སྲིད་ཇུས་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་ཀྱི་ཚད་གཞི་སྟེ《སྡོད་ཁང་གི་རྣམ་གྲངས་ཚད་གཞི》ཁྱབ་བསྒྲགས་བྱས། དེའི་ནང་དུ་གསར་དུ་བསྐྲུན་པའི་སྡོད་ཁང་འཛུགས་སྐྲུན་གྱི་མཐོ་ཚད་སྨི3ལས་མི་དམའ་བ་དང་། ཐོག་བརྩེགས4དང་དེའི་ཡན་གྱི་སྡོད་ཁང་དུ་གློག་སྐས་བཀོད་སྒྲིག་བྱ་དགོས་པ་སོགས་བླང་བྱ་གཏན་འཁེལ་བྱས་ཡོད།

1.jpg

  • ཀྲུང་ཀོན་ཚུན་གླེང་སྟེགས(中关村论坛)ཐོག་སྤེལ་བའི《2024ལོའི་རྒྱལ་ཁབ་གསར་གཏོད་སྟོན་གྲངས་སྙན་ཞུ》ལྟར་ན། ཀྲུང་གོ་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་ཕྱོགས་བསྡུས་ཨང་རིམ་འཛམ་གླིང་གི་ཨང10པ་ཡིན་པ་དང་། ཉེ་བའི་ལོ་བཅུ་ལྷག་ཙམ་རིང་གི་ཡར་ཐོན་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་རེད།

2.jpg

  • 31ཉིན་ཀྲུང་གོ་སྲིད་གཞུང་གི་རོགས་སྐྱོར་ཁག་དང་པོའི་དངོས་རྫས་འབར་མ་དབྱང་ཀོང་དུ་འབྱོར། རང་རྒྱལ་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཉིན་དེར་ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་དཀའ་སྡུག་མཉམ་སེལ་བྱ་རྒྱུ་ཡིན་ཞེས་བཤད།

  • འབར་མ་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས31ཉིན་གྱི་ཆུ་ཚོད12བར་འབར་མའི་ས་ཡོམ་ཆེན་པོ་ལས་མི2056འཆི་བ་དང་། མི3900ཙམ་ལ་རྨས་སྐྱོན་ཕོག མི270གར་སོང་ཆ་མེད་དུ་གྱུར།

    སྤྱི་ཚོགས།

  • སྤྱི་བདེ་པུས2025ལོའི་དྭངས་གསལ་དུས་ཆེན་གུང་གསེང་རིང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་སྤེལ། ལམ་རིང་ཐུང་གང་རུང་ལ་འགྲོ་ཚད་མང་བ་དང་། གནམ་གཤིས་དྲོད་ཚད་མཐོ་དམའ་སྣོལ་སྡེབ་ཀྱི་ཉེན་ཁ་མངོན་གསལ་ཡིན་པས། རླངས་འཁོར་སྐོར་ནས་འགྲོ་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་བསྟན།

3.jpg

  • རང་རྒྱལ་གྱི་ར་སྤྲོད་ངོས་ལེན་ཐོབ་པ་དང་ཐུམ་སྒྲིལ་ཁུག་མའི་ཐོག“ཀྲུང་གོའི་ས་བོན་ར་སྤྲོད་ངོས་ལེན”གྱི་མཚོན་རྟགས་ཡོད་པའི་ས་བོན་ཁག་དང་པོ་ཁྲོམ་རར་བཏོན། ར་སྤྲོད་ངོས་ལེན་ཐོབ་པའི་ས་བོན་གྱི་མྱུ་གུ་འབུས་ཚད་དང་དག་ཚད་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་ལས་མཐོ།

  • ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཏོན་ཁྲེང་ཀང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཧྥུ་ཅན་དང་ཀོང་ཏུང་བར་གྱི་རང་བྱུང་སོལ་རླངས་མདོང་ལམ་སྦྲེལ་མཐུད་ལས་གྲྭ་ལས་མགོ་ཚུགས། ཧྥུ་ཅན་ལྷོ་རྒྱུད་དང་ཀོང་ཏུང་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་ཐོན་ཁུངས་དེ་ཕྱོགས་གཉིས་སུ་སྐྱེལ་འདྲེན་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད།

4.jpg

  • ཀོང་ཞིའི“ཟླ3པའི་ཚེས3”གྱི་སྐྱེལ་འདྲེན་རིང་། ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུ་ཚོགས་པའི་ཚད་ཡོད་སྤྱི་གཉེར་གྱིས་འགྲུལ་པ་མེ་འཁོར་ཐེངས1000ལྷག་ཙམ་ཁ་སྣོན་བྱ་རྒྱུ་དང་། ཐེངས་དང་པོར་མཚན་མོའི་མྱུར་བགྲོད་མེ་འཁོར་ཁ་སྣོན་བྱ་རྒྱུ་རེད།

  • ཧྭ་ཝེ་སྤྱི་གཉེར་གྱིས་ལོ་དེབ་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལྟར་ན།  2024ལོར་གོ་ལ་ཧྲིལ་པོའི་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར8621དང་ཁེ་སྤོགས་སྒོར་དུང་ཕྱུར626མངོན་འགྱུར་བྱུང་ཡོད།

  • ཉེ་ཆར། ནན་ཅིང་འགག་སྒོ་ལས་ཁུངས་ཀྱིས་མངའ་ཁོངས་སུ་ཡོང་བའི་སྦྲག་རྫས་ཁྲོད་ཉི་ཧོང་ལྭ་བ་རྙིང་པ་ཁག་གཅིག་རྩད་ཆོད། སྤྱིའི་ལྗིད་ཚད་ནི་སྟོང་ཁེ787ཙམ་ཡིན་པ་དང་། རང་རྒྱལ་གྱིས་ནང་འདྲེན་གཏན་འགོག་བྱས་པའི་ཕྱི་རྒྱལ་གྱི་ཟོག་སྙིགས་ལ་གཏོགས།

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དག་བཅོས་གཏན་འཁེལ་བྱས་པའི《ཁེ་ལས་ཀྱི་ཡོངས་བསྒྲགས་ཆ་འཕྲིན་འཐེན་བཤེར་གྱི་གནས་སྐབས་བྱེད་ཐབས》ནང་ཞིབ་བཤེར་ལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་བསྣན་ཏེ། གང་འདོད་ཞིབ་བཤེར་དང་། ཕྱོགས་མང་ཞིབ་བཤེར། བསྐྱར་ཟློས་ཞིབ་བཤེར་བཅས་ནུས་ལྡན་ངང་གཡོལ་ཐབས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཐེན་ཅིན་གྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཀྱི་སྲིད་ཇུས་གསར་པ་བཏོན་པ་སྟེ། ཁང་པ་གཉིས་པའི་ཆེས་དམའ་བའི་ཐོག་མའི་འཇལ་དངུལ་སྡུར་གྲངས30%ནས20%ལ་ལེགས་སྒྲིག་བྱས་པ་དང་། དངུལ་བུན་འཇལ་བའི་རིང་དངུལ་བུན་འཇལ་ཐབས་བསྒྱུར་ཆོག

  • ནན་ཅིན་གྱིས་ཚོང་ཟོག་སྡོད་ཁང་བརྒྱུད་ཚོང་གི་ཚོད་འཛིན་ཁྱོན་ཡོངས་ནས་མེད་པར་བཟོས་པ་དང་། ཚོང་ཟོག་སྡོད་ཁང་ལ་འགྱུར་མེད་རྒྱུ་ནོར་དབང་ཆའི་དཔང་ཡིག་ཐོ་འགོད་བྱས་རྗེས་དེ་མ་ཐག་ཏུ་ཁྲོམ་འགྲེམ་ཉོ་ཚོང་བྱས་ཆོག

    དེ་རིང་གི་གནམ་གཤིས།

5.jpg

  • མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོའི་ནུབ་བྱང་རྒྱུད་དང་དེ་བཞིན་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཧེ་ལུང་ཅང་གི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། སི་ཁྲོན་གཤོང་སའི་དབུས་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ཧྭ་ནན་གྱི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།