དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-02 09:18:17   |   594

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་མུའུ་ཨེར་མུའུ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།     

  • རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།  ད་ལོར་ཡུན་རིང་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར230ལྷག་ཙམ་བཀོད་སྒྲིག་བྱས་ཏེ“གཙོ་གལ་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། རང་རྒྱལ་གྱི་གཙོ་གལ་འཐབ་ཇུས་ལག་བསྟར་དང་གཙོ་གལ་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་རྒྱུད་མཐུད་མཐོར་འདེགས་གཏོང་རྒྱུ་རེད།

  • བཟོ་ལས་ཆ་འཕྲིན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས2པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས10.6%འཕར་ཡོད།

  • ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན།  ད་ལོའི་ཟླ1པོ་ནས2པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར13095.6ཡིན་པ་དང་། དུས་མཚུངས་ལས9.9%འཕར་ཡོད།

1.png

  • ཚེས1ཉིན་གྱི་ཆུ་ཚོད12དང་སྐར་མ0སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་ཐེག་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ། འཁོར་སྐར་དྲ་སྦྲེལ་ལག་རྩལ་གྱི་ཚོད་ལྟའི་འཁོར་སྐར་བདེ་བླག་ངང་འཕེན་གཏོང་བྱས།

  • ཚེས1ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་དམག་ཁུལ་གྱིས་དམག་གྲུ་དང་དམག་འཐབ་གནམ་གྲུ་སྒྲིག་འཛུགས་བྱས་ཏེ། རྒྱུན་ཁྲིད་དང་རྒྱང་སྒམ་མེ་གཏོང་སོགས་དང་མཐུན་སྦྱོར་བྱས་ནས། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། ཤར་རྒྱ་མཚོ་བཅས་ཀྱི་ཁོངས་སུ་བར་སྣང་ནས་འགོག་རྒོལ་དང་། རྒྱ་མཚོ་རུ་འཕྲལ་རྒོལ་བྱེད་པ། སྐམ་སར་རྡུང་རྡེག་བྱེད་པ། མཉམ་འབྲེལ་བཀག་སྡོམ་སོགས་ཚན་བྱང་འཁྲབ་སྦྱོང་བྱས་པ་དང་། དམག་དཔུང་གི་མཐུན་སྦྱོར་དམག་འཐབ་དང་ཚོད་འཛིན་བྱེད་དབང་། ཕྱོགས་མང་པོར་གནད་རྒྱག་སོགས་ཀྱི་ནུས་པར་ཞིབ་དཔྱད་བྱས།

2.jpg

  • ཚེས1ཉིན། མཚོ་འགྲམ་ཉེན་རྟོག་དམག་གྲུ་མང་པོ་ཞིག་གིས་ཐའེ་ཝན་གླིང་ཕྲན་ཉེ་འཁོར་མཚོ་ཁོངས་སུ་དཔུང་རུ་སྒྲིག་སྟེ་ཁྲིམས་འཛིན་སྐོར་ཞིབ་བྱས་ཤིང་། སྐབས་བསྟུན་ཞིབ་བཤེར་འཛིན་བཟུང་དང་འཛིན་བཀག་སོགས་ནང་སྦྱོང་བྱས། ཐའེ་ཝན་ནི་ཀྲུང་གོའི་ཞིང་ཆེན་ཞིག་ཡིན་པ་དང་འདི་ནི་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཁྲིམས་ལྟར་ཐའེ་ཝན་གླིང་ཕྲན་ལ་དོ་དམ་ཚོད་འཛིན་བྱེད་པའི་དོན་དངོས་བྱ་སྤྱོད་ཅིག་རེད།

  • ཀྲུང་གོའི་རོགས་སྐྱོབ་དཔུང་ཁག་གིས་འབར་མའི་གནོད་འཚེ་ཐེབས་པ་ཚབས་ཆེན་ཡིན་པའི་མན་ཏེ་ལེ་གྲོང་ཁྱེར་དུ་མུ་མཐུད་དུ་རོགས་སྐྱོབ་ལས་དོན་སྤེལ། ས་གནས་དེ་གའི་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད8བར་དུ་ཁྱོན་སྡོམ་མི8འཚོལ་སྐྱོབ་བྱས།

  • ཟླ3པའི་ཚེས31ཉིན། ཧྥ་རན་སེའི་འགྲན་རྩོད་དོ་དམ་ཅུ་ཡིས་ཨ་མེ་རི་ཁའི་ཀུ་ཤུ་སྤྱི་གཉེར་ལ་ཡོ་སྒོར་དུང་ཕྱུར1.5ཡི་ཆད་པ་བཅད་པ་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་སྔོན་དཔག་བྱས་པར་གཞིགས་ན། ཟླ4པར་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་ལ་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེངས4ཐེབས་རྒྱུ་ཡིན་པ་དང་། དེ་ལོ་མང་བོའི་དུས་མཚུངས་ལས་མང་ཙམ་ཡོད།

  • ཉེ་ཆར། ནོར་སྲིད་པུ་དང་སློབ་གསོ་པུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་བཅས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། 2025ལོར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཀྱི་སྐྱེད་ཀ་རྩ་ཆག་དང་དེ་བཞིན་མ་རྩ་འགྱངས་འཇལ་གྱི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས།

  • ཞིང་ལས་གྲོང་གསེབ་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས1ཉིན་གྱི་ཆུ་ཚོད12སྟེང་། རང་རྒྱལ་གྱི་རྨ་ཆུའི་ཉིང་ཞ་དུམ་བུའི་མན་ཆད་ཆུ་ཁོངས་དེ་དུས་ཡུན་ཟླ་བ་བཞི་ཡི་ཆུ་རྒྱ་བསྡམས་པའི་དུས་ལ་སླེབས་ཡོད།

  • རྒྱལ་ཁབ་གནས་སྤོས་དོ་དམ་ཅུའི་སྔོན་དཔག་ལ་གཞིགས་ན། ད་ལོའི་དྭངས་གསལ་དུས་ཆེན་གུང་གསེང་རིང་། རྒྱལ་ཡོངས་ཀྱི་འགག་སྒོའི་ཉིན་རེའི་ཆ་སྙོམས་རྒྱལ་མཚམས་ནས་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི210ཟིན་རྒྱུ་དང་། ན་ནིང་གི་དུས་མཚུངས་ལས21.4%འཕར་རྒྱུ་རེད།

  • ཚེས1ཉིན་གྱི་ཆུ་ཚོད18བར། 2025ལོའི་དྭངས་གསལ་དུས་ཆེན་གྱི་གློག་བརྙན་གསར་པའི་སྤ་སེ་སྔོན་འཚོང་བྱས་པའི་སྡོམ་འབོར་ཁྲི3000ལས་བརྒལ་ཡོད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་བརྡ་ཁྱབ་ལྟར་ན། ཁྲལ་དོན་སྡེ་ཚན་གྱིས2024ལོར་དྲ་དཔོན169ལ་ཞིབ་བཤེར་བྱས་པ་དང་རིམ་རྩིས་བྱས་ན་ཁྲལ་ཁ་གསབ་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར8.99ཡིན།

3.jpg

  • “ཀྲུང་གོའི་ཟླ་དཔྱད་ལས་གཞིའི་ལོ་ངོ20”ཞེས་པའི་འགྲེམས་སྟོན་དེ་རྒྱལ་ཁབ་རྟེན་མཛོད་ཁང་དུ་གཉེར་བ་དང་། ཟླ་བའི་ལྷ་མོ་ལྔ་པས་ཁྱེར་ཡོང་བའི་ཟླ་བའི་མདུན་ངོས་ཀྱི་དཔེ་མཚོན་ཐོན་རྫས་དང་དེ་བཞིན་ཟླ་བའི་ལྷ་མོ་དྲུག་པས་ཁྱེར་ཡོང་བའི་ཟླ་བའི་རྒྱབ་ངོས་ཀྱི་དཔེ་མཚོན་ཐོན་རྫས་གོ་ལ་ཧྲིལ་པོའི་ཐོག་དུས་མཉམ་དུ་འགྲེམས་སྟོན་བྱེད་པ་མངོན་འགྱུར་བྱུང་ཡོད།

  • ཀྲེ་ཅང་ཧང་ཀྲོའུ་ཡི་རླང་འཁོར་ཞིག་གཟབ་ནན་མ་བྱས་པར་ཆུར་ལྷུང་ནས་རླངས་འཁོར་ནང་གི་མི་གཉིས་ཆུ་ནང་དུ་ལུས་ཡོད། ཞོགས་རྒྱུག་བྱེད་བཞིན་པའི་ཁྲེན་ཞའོ་རུང་གིས་དེ་མཐོང་རྗེས་འཕྲལ་མར་ཆུར་མཆོང་ནས་བསྐྱབས། མཐར་མི་དེ་གཉིས་ཆུ་ཁར་སྐྱོབ་ཐུབ་པ་བྱུང་།

    སྲིད་ཇུས།

  • ཟླ4པའི་ཚེས5ཉིན་ནས་བཟུང་། རྒྱལ་ནང་མཁའ་འགྲུལ་གྱིས་འཁོར་སྣུམ་གྱི་ཟུར་སྣོན་རིན་དམའ་རུ་གཏོང་རྒྱུ་ཡིན་པ་དང་མི་དར་མའི་རྒྱལ་ནང་ལམ་ཐིག་གི་འཁོར་སྣུམ་ཟུར་སྣོན་རིན་བསྡུ་བའི་ཚད་གཞི་ནི་སྤྱི་ལེ800ཡི་ཡན་ཆད་ཀྱི་མཁའ་འགྲུལ་དུམ་བུ་ཡིན་པ་དང་། མི་རེར་མཁའ་འགྲུལ་དུམ་བུ་རེར་སྒོར20བསྡུ་བ་དང་། སྤྱི་ལེ800དང་དེའི་མན་ཆད་གྱི་མཁའ་འགྲུལ་དུམ་བུ་ལ་མི་རེར་མཁའ་འགྲུལ་དུམ་བུ་རེར་སྒོར10བསྡུ་རྒྱུ་རེད།

  • སི་ཁྲོན་གྱིས་བྱེད་ཐབས་པར་འགྲེམས་བྱས་ནས་ད་ལོའི་ཟླ4པའི་ཚེས1ཉིན་ནས་ཟླ9པའི་ཚེས30ཉིན་བར། ངལ་རྩོལ་གན་རྒྱ་བཞག་སྟེ་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་ནུས་ཤུགས་གདན་ཞུ་བྱས་པ་དང་འབྲེལ་གཏན་འབེབས་ལྟར་ལས་བཟོ་བའི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ་མི་རེར་ལས་མི་བསྡུ་བའི་མ་གནས་ཀྱི་ཁ་གསབ་སྒོར1000སྤྲོད་རྒྱུ་རེད།    

  • ལིའོ་ཉིང་གིས་ཇུས་གཞི་པར་འགྲེམས་བྱས་པ་སྟེ། མི་ཐབས་རིག་ནུས་གྱི་སློབ་གསོ་ས་གནས་ཀྱི་སློབ་ཚན་ནང་འཇུག་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཚན་རིག་དང་མཐུན་པའི་སྒོ་ནས་མི་ཐབས་རིག་ནུས་ཀྱི་ཡོ་བྱད་སྣ་ཚོགས་སྤྱོད་པར་ཁྲིད་སྟོན་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་མཚོ་འཕགས་མཐོ་བའི་ས་ཁུལ་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་བྱང་རྒྱུད།    ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད།    ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ལིའོ་ཉིང་གི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། ཧྲན་ཏུང་ཕྱེད་གླིང་། ཁྲོན་ནུབ་ས་མཐོའི་དབུས་ལྷོ་རྒྱུད། སི་ཁྲོན་གཤོང་སའི་དབུས་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།