དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-03 09:16:03   |   456

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རིན་གོང་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས།

  • བཟོ་ལས་ཆ་འཕྲིན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྔོན་གྱི་ཟླ་བ་གཉིས་ཀྱི་ནང་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར18965ཡིན་པ་དང་དུས་མཚུངས་ལས9.9%འཕར་ཡོད།

  • རྒྱལ་ཁབ་གཞི་གྲངས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་གཞི་གྲངས་ཁྲོམ་རའི་ཉོ་འཚོང་གཞི་ཁྱོན་སྒོར་དུང་ཕྱུར1600བརྒལ་བ་དང་། དུས་མཚུངས་ལས30%ཡན་འཕར་ཡོད།

  • ཚེས1ནས2ཉིན་བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་དམག་འཁྲུག་ཁུལ་གྱི་མཉམ་འབྲེལ་འཁྲབ་སྦྱོང་དང་སྦྱོང་བརྡར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་དང་། དཔུང་སྡེ་གཞི་གཅིག་ཅན་གྱི་མཉམ་འབྲེལ་དམག་འཐབ་ནུས་པ་ལ་ཁྱོན་ཡོངས་ནས་བརྟག་བཤེར་བྱས་ཡོད། དམག་ཁུལ་གྱི་དཔུང་སྡེས་དུས་དང་རྣམ་པ་ཀུན་དུ་ཚད་མཐོའི་ཉེན་ཟོན་དང་རྒྱུན་མཐུད་དམག་སྦྱོང་བྱས་ཏེ། “ཐའེ་ཝན་རང་བཙན་”གྱི་ཁ་བྲལ་བྱེད་སྤྱོད་མཐའ་དག་མཐའ་གཅིག་ཏུ་ཕམ་པར་བྱ་རྒྱུ་རེད།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《ཟས་རིགས་ཐོན་སྐྱེད་གཉེར་སྐྱོང་གི་ཁེ་ལས་ཀྱིས་བཟའ་ཆས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ4པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་མི་སྒེར་གྱི་ཡིད་རྟོན་ཆ་འཕྲིན་ལས་ཁུངས་ཀྱིས་ཡིད་རྟོན་ཉམས་ཞིབ་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་པ་ཐེངས་དུང་ཕྱུར700ལས་བརྒལ་ཡོད།

1.jpg

  • ས་གནས་དེ་གའི་ཚེས2ཉིན། ཀྲུང་གོའི་རོགས་སྐྱོབ་དཔུང་སྡེས་འབར་མ་མན་ཏེ་ལེ་གྲོང་ཁྱེར་གསེར་མདོག་གྲོང་གསེབ་མགྲོན་ཁང་གི་རོགས་སྐྱོབ་ས་ཚིགས་སུ་སྐྱེས་པ་ཞིག་སྐྱོབ་ཐུབ་པ་བྱུང་། དེ་ནི་ཀྲུང་གོའི་རོགས་སྐྱོབ་དཔུང་སྡེས་བསྐྱབས་པའི་མི9པ་ཡིན།

    སྤྱི་ཚོགས།

  • རྒྱལ་གཉེར་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས2ཉིན་གྱི་དུས་ཚོད20བར། རིམ་རྩིས་བྱས་ན་དྭངས་གསལ་གུང་གསེང་གི་རླངས་འཁོར་སྤ་སེ་ཁྲི4300ཙམ་སྔོན་འཚོང་བྱས།

  • མི་སྤྱི་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་རྒྱལ་ཡོངས་གྲོང་ཁྱེར་མཉམ་འབྲེལ་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་གདན་ཞུ་བྱེད་པའི་དཔྱིད་དུས་ཆེད་དོན་བྱེད་སྒོ་ཁག་གསུམ་པའི་ནང་ཁྱད་ཆོས་ལྡན་པའི་ཞབས་ཞུའི་བྱེད་སྒོ་སྣ་ཁ171བསྣན་ཡོད།

  • རྒྱལ་ཁབ་རིག་ནུས་སློབ་གསོའི་ལས་སྟེགས2.0གི་རིག་ནུས་པར་གཞི་ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས། དེའི་ནང་རྒྱལ་ཁབ་བསླབ་འབྲས་གཟེངས་དངུལ(国家奖学金)འདྲི་རྩད་དང་སློབ་གྲྭ་ཆུང་འབྲིང་གི་ཞིང་ཆེན་ལས་བརྒལ་བའི་སློབ་གྲྭ་བརྗེ་བ་སོགས་ཀྱི་ཞབས་ཞུ་བསྣན་ཡོད།

  • ཚེས2ཉིན་གྱི་ཆུ་ཚོད24པ་ནས་བཟུང་། རྒྱལ་ནང་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར230དང220རེ་འཕར་ཡོད།

  • ཉེ་ཆར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་ཁྲལ་གཡོལ་གྱི་ཉེས་ཆད་ཕོག་པའི་གྱོད་གཞི་ལྔ་ཁྱབ་བསྒྲགས་བྱས།

2.jpg

  • ཚེས2ཉིན། རྒྱལ་ཁབ་གནས་སྤོས་དོ་དམ་ཅུ་ཡིས་མཐའ་སྲུང་མི་དམངས་ཉེན་རྟོག་པ1429ལ་མཐའ་སྲུང་དྲན་རྟེན་གནང་།

  • ཉེ་ཆར་དྲ་འཕྲིན་སྡེ་ཚན་གྱིས་ལུས་རྩལ་གཙོ་གཉེར་སྡེ་ཁག་དང་མཉམ་དུ་དྲ་ཐོག་གི་ལུས་རྩལ་ཧྥེན་ཚོམས(饭圈)གནད་དོན་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་སྒྲིག་འགལ་ཆ་འཕྲིན་ཁྲི160ལྷག་ཙམ་ གཙང་བཤེར་དང་རྩིས་ཨང་ཁྲི7.6ཙམ་ཐག་གཅོད་བྱས།

3.jpg

  • ཞ་མོན་འགག་སྒོ་ལས་ཁུངས་ཀྱིས་ཉེ་ཆར་རྒྱལ་ཁོངས་སུ་འཛུལ་བའི་འགྲུལ་པའི་འགྲུལ་ཆས(行李)ཁྲོད་ནས་སྙུང་མཇུག་ནེ་ཙོའི་ཕྲུ་གུ3རྩད་ཆོད་ཅིང་། དེ་ནི་སྟོངས་ཉེན་སྐྱེ་དངོས་རིགས་ཀྱི་ཁོངས་སུ་གཏོགས།

  • ཡུན་ནན་པའོ་ཧྲན་གྱི་ཟོག་འཁོར་ཞིག་གི་འཁོར་ལོ་ལམ་ཕྱེད་དུ་ཕྲ་བས་རླངས་འཁོར་མེ་ལ་ཤོར། ལམ་ཁ་དེ་བརྒྱུད་ནས་འགྲོ་བཞིན་པའི་ཞིག་གསོ་བཟོ་གྲྭའི་ལས་བཟོ་བ་དབྱང་ཀོང་ཁུན་གྱིས་འཕྲལ་དུ་ཁ་པར་བཏང་ནས་འགོག་རྐྱེན་གཙང་སེལ་རོགས་སྐྱོབ་རླངས་འཁོར་གཡར་ནས་མཐར་མེ་བདེ་བླག་ངང་བསད།

    སྲིད་ཇུས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་བརྡ་ཐོ་བཏང་བ་སྟེ། ཆམ་རིམས་འགོག་སྨན་གྱི་ཆོག་མཆན་སྤྲོད་པའི་དུས་ཚད་དེ་ལས་ཀའི་ཉིན60ནས་ལས་ཀའི་ཉིན45ལ་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས།

  • སི་ཁྲོན་གྱིས་བྱེད་ཐབས་པར་འགྲེམ་བྱས་པ་སྟེ། ད་ལོའི་ཟླ4པའི་ཚེས1ཉིན་ནས་ཟླ9པའི་ཚེས30ཉིན་བར། གྲོང་མིས་ལོ་གཅིག་དང་དེའི་ཡན་གྱི་དངུལ་ཁང་གི་དངུལ་བུན་གྱིས་ཚོང་ཁང་དུ་རླངས་འཁོར་དང་གློག་རྡུལ་ཐོན་རྫས། སྡོད་ཁང་མཛེས་སྤྲས། ཁྱིམ་ཆས་སོགས་ཉོས་པར་ལོའི་སྐྱེད་ཚད1.5%ལྟར་མཐོ་ཤོས་ལ་སྒོར3000གི་ཁ་གསབ་སྤྲོད་རྒྱུ་རེད།

  • ཁྲུང་ཆིང་གིས་ཇུས་གཞི་པར་འགྲེམ་བྱས་པ་སྟེ། ཆ་རྐྱེན་དང་མཐུན་པའི་ཕ་ཡུལ་དུ་ཕྱིར་ལོག་པའི་ལས་གཏོད་ཞིང་པ་ལས་མིར་དུད་ཚང་རེར་ཐེངས་གཅིག་གི་ལས་གཏོད་ཁ་གསབ་མཐོ་ཤོས་སྒོར8000སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཞིན་ཅང་གི་ཐེན་ཧྲན་རི་བོའི་རྒྱུད་དང་། ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་། ཅི་ལིན་གྱི་ཤར་རྒྱུད། ཧྲན་ཞིའི་དབུས་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད།  ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་དབུས་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།