དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-07 09:26:20   |   451

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་སི་ཕེན་ཡི་གེའི་པར་གཞི་དེ་ཉེ་ཆར་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་ནས་འགྲེམ་སྤེལ་བྱ་རྒྱུ་རེད།

  • དྭངས་གསལ་དུས་ཆེན་གྱི་གུང་གསེང་ཉིན་གསུམ་རིང་། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར7.9ཡིན་པ་དང་། ཉིན་རེའི་ཆ་སྙོམས་མི་ཐེངས་དུང་ཕྱུར2.64ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས7.1%འཕར་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ4པར་ཀྲུང་གོའི་སིལ་འཚོང་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས50.5%ཡིན་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས0.3འཕར་ཡོད།

  • དྭངས་གསལ་དུས་ཆེན་རིང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། རྒྱལ་ཡོངས་གཞོན་ནུ་ལས་དོན་ཨུ་ལྷན། དམག་འཁྱུར་དམག་མི་ལས་དོན་པུ་བཅས་ཀྱིས་མཉམ་འབྲེལ་གྱིས“རྒྱུན་མཐུད·2025·དྭངས་གསལ་དུས་ཆེན་དུ་དཔའ་བོར་མཆོད་འབུལ་བྱེད་པ”བརྗོད་བྱ་གཙོ་བོའི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ།

  • ཟླ3པར་ཀྲུང་གོའི་ཚོང་ཟོག་ཕོན་ཆེན་རིན་གོང་གི་སྟོན་གྲངས་ནི113.4ཡིན་པ་དང་དུས་མཚུངས་ལས1.3%འཕར་ཡོད།

afb062f78a4eba5b96ac065d2602ab0.jpg

  • 2024ལོའི་ཟླ12ཚེས1ཉིན་ཆུ་སྐམ་དུས་ཀྱི་ཆུ་ཁ་གསབ་བཀོད་གཏོང་བྱེད་མགོ་བརྩམས་པ་ནས་བཟུང་། ད་ལོའི་ཟླ4ཚེས1ཉིན་བར། འགག་གསུམ་ཆུ་མཛོད་གྱིས་འབྲི་ཆུའི་དབུས་སྨད་རྒྱུད་དུ་རིམ་རྩིས་བྱས་ན་ཆུ་ཤོ་སྨི་དུང་ཕྱུར46ལྷག་ཁ་གསབ་བྱས།

  • ཚེས5ནས6ཉིན་བར།  “ཧོ་ཝན”རྟགས་ཅན་གྱི་ཉ་འཛིན་གྲུ་གཟིངས་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་འཛུལ་ནས། ཀྲུང་གོ་མཚོ་ཐོག་ཉེན་རྟོག་དམག་གྲུ་རུ་ཁག་གིས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་དང་བྱེད་ཐབས་བྱས་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས།

6cdb97bca42229de4dcda84855cab7f.jpg

  • ཚེས6ཉིན་གྱི་ཆུ་ཚོད15པར། ཀྲུང་གོ་ཡུན་ནན་རོགས་སྐྱོབ་སྨན་བཅོས་རུ་ཁག་གིས་འབར་མའི་ས་ཡོམ་གྱི་རོགས་སྐྱོབ་ལས་འགན་ལེགས་འགྲུབ་བྱས་པ་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་གྱི་གནམ་གྲུར་བསྡད་ནས་འབར་མའི་དབྱང་ཀོང་ནས་ཡུན་ནན་ཁུན་མིང་དུ་ཕྱིར་ལོག

  • ས་གནས་དེ་གའི་དུས་ཚོད་གྱི་ཚེས6ཉིན། སྐབས31པའི་ཕིང་དབྱང་རྒྱལ་སྤྱིའི་མ་ལ་སུང་འགྲན་བསྡུར་ཁྲའོ་ཞན(བྱང་ཁོ་རེ་ཡ)དུ་འཚོགས་པ་དང་། དེ་ནི་ཁྲའོ་ཞན་གྱིས་ལོ་དྲུག་འགོར་རྗེས་སླར་ཡང་འགྲན་བསྡུར་གཉེར་བ་ཡིན།

    སྤྱི་ཚོགས།

  • ཚེས6ཉིན་ནས་བཟུང་། རང་རྒྱལ་གྱི་འབྲི་ཆུའི་དབུས་སྨད་རྒྱུད་དང་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་དང་། ས་གནས་མང་པོ་ཞིག་གི་དྲོད་ཚད་མཐོ་ཤོས་ལོ་མང་གི་དུས་མཚུངས་ལས10℃ཡས་མས་མཐོ་རུ་འགྲོ་ཞིང་། ས་གནས་མི་ཉུང་བ་ཞིག30℃ཡན་དུ་སླེབས་རྒྱུ་རེད།

  • དྭངས་གསལ་དུས་ཆེན་གྱི་ཉིན་གསུམ་གྱི་གུང་གསེང་རིང་། རྒྱལ་ཡོངས་ནས་ས་གནས་ས་ཐོག་ཏུ་མཆོད་འབུལ་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི5433.95ལ་སྣེ་ལེན་བྱས་པ་དེ2024ལོ་ལས14.3%འཕར་ཡོད།

  • ཚེས4ནས6ཉིན་བར་ཀང་ཀྲུའུ་ཨའོ་ཟམ་ཆེན་མཐའ་མཚམས་ཞིབ་བཤེར་ས་ཚིགས་བརྒྱུད། ཤང་ཀང་དང་ཨའོ་མོན་གྱི་བྱང་བུ་རྐྱང་བའི་རླངས་འཁོར་སྤྱི་འབོར་ཐེངས་ཁྲི4.1ཡིན་པ་དེ་དུས་མཚུངས་ལས50.0%འཕར་ཡོད།

  • དྲ་རྒྱའི་གྲངས་གཞིར་གཞིགས་ན། ཚེས6ཉིན་གྱི་ཆུ་ཚོད21པར། 2025ལོའི་དྭངས་གཙང་དུས་ཆེན་གྱི་གློག་བརྙན་སྤ་སེ་དུང་ཕྱུར3.7ལས་བརྒལ་ཡོད་པ་རེད།

  • ཧྲན་ཞི་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྨ་ཆུའི་ཧྲན་ཞིའི་དུམ་བུ་དེ་ཟླ4ཚེས1ཉིན་ནས་ཆུ་རྒྱ་སྡོམ་པའི་དུས་ཡུན་དུ་སླེབས་ཤིང་། ཟླ7ཚེས31ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

f5d94a0a2fec96c31072032ee98eedc.jpg

  • པེ་ཅིང་དུས་ཚོད་གྱི་ཚེས6ཉིན། ཀྲུང་གོའི་བདམས་ཐོན་པ་ཁྲིན་ཡུས་ཞི་དང་ཆོན་ཧུང་ཁྲན་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་མཆོང་འཛམ་གླིང་བུམ་པ་མོ་ཞི་ཁོ་ས་ཚིགས་ཀྱི་བུད་མེད་སྨི10ཡི་སྟེགས་བུའི་རྟིང་རྩོད་ཁྲོད་ཆད་རིམ་སྔོན་ལ་སླེབས་ནས་ཨང་དང་པོ་དང་ཨང་གཉིས་པ་བཟུང་ཡོད།

  • ཀོང་ཏུང་ཀྲའོ་ཆིང་གི་སྐྱེས་པ་ཞིག་གིས་བྱ་གསུམ་ཉོས་ནས་བསད་པ་དེ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཏི་སྐྱ་ཡིན་པར་གསལ་འབྱེད་བྱས་པ་དང་། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར། སྐྱེས་པ་དེར་སྲིད་འཛིན་ཆད་པ་སྒོར་ཁྲི22.5བཅད་པ་རེད།

001.jpg

  • ཀྲེ་ཅང་ཉིང་པའོ་ཡི་བུད་མེད་ཅིག་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུང་སྐབས། མངག་སྐྱེལ་གྱི་ཨ་ཇོ་ཀྲང་ཞའོ་ལུང་དེར་བརྒྱུད་དུས་མཐོང་ནས་དེ་འཕྲལ་དུ་ཆུའི་ནང་དུ་མཆོང་བ་དང་། མཐར་མང་ཚོགས་ཀྱི་རོགས་རམ་འོག་ལེགས་འགྲུབ་གྱིས་བུད་མེད་དེ་ཆུ་འགྲམ་དུ་བསྐྱབས་པ་རེད།

    སྲིད་ཇུས།

  • ཨན་ཧུའེ་ཡིས་སྐྱེལ་འདྲེན་རླངས་འཁོར་རྙིང་དོར་གྱི་ཁ་གསབ་སྤྲོད་རྒྱུའི་ཡིག་ཆ་བསྒྲགས་ནས། ཆ་རྐྱེན་དང་མཐུན་པར་རྙིང་དོར་མཁོ་མེད་དུ་གཏོང་བའི་འཁོར་རིགས་དང་། སྔ་སྣུར་རྙིང་དོར་དུས་ཚོད། གསར་དུ་ཉོ་སྒྲུབ་བྱས་པའི་རླངས་འཁོར་སྒུལ་ཤུགས་རིགས་བཅས་ལ་གཞིགས་ནས་རླངས་འཁོར་རེར་ཆེས་མཐོ་ཤོས་སྒོར་ཁྲི14ཡི་ཁ་གསབ་སྤྲོད་རྒྱུ་རེད།

  • ཧྲན་ཞིས་ཞིང་ཆེན་རིམ་པའི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞིའི་རྣམ་གྲངས10འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྩིས་ཡོད་པ་མ་ཟད། འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པའི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞིའི་རྣམ་གྲངས་ཚང་མར་འཛུགས་སྐྲུན་ཁ་གསབ་སྒོར་ཁྲི200སྤྲོད་རྒྱུ་ཡིན་པ་རེད།

  • མཚོ་སྔོན་གྱིས་བརྡ་ཐོ་དཔར་འགྲེམ་བྱས་ནས། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་རིམ་པ་དང་པོ་དང་གཉིས་པའི་འཚོ་བའི་ཁ་གསབ་མི་རེར་ཟླ་རེའི་སྒོར100ནས་སྒོར120བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    དེ་རིང་གི་གནམ་གཤིས།

1c9918b6b05ad683f2403a5990b256b.jpg

  • ནང་སོག་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན། ལིའོ་ཉིང་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་རི་ཁུལ། བོད་ལྗོངས་བྱང་རྒྱུད། མཚོ་སྔོན་བྱང་རྒྱུད། ཀན་སུའུ་རྨ་ནུབ་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད་དང་། ལྷོ་ནུབ་ས་ཁུལ་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད་དང་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།