དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-08 09:16:46   |   377

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་འཆར་འགོད(2024-2035)》དཔར་འགྲེམ་བྱས། 

  • དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་མི་ཐེངས་ཁྲི79782.7ཡིན་པ་དེ2024ལོའི་དུས་མཚུངས་ལས7.8%འཕར་ཡོད། 

  • རྒྱལ་ཁབ་སྦྲག་སྲིད་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་སྒོའི་གྲངས་འབོར་རྒྱུན་སྲུང་རྒྱུན་འཁྱོངས་འཕར་བའི་རྣམ་པ་བཟང་པོ་མངོན་ཡོད་པ་དང་། བསྡུ་ལེན་དང་སྐྱེལ་བའི་མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར28ལས་བརྒལ་ཡོད་པ་རེད། 

  • ཆེས་མཐོའི་ཁྲིམས་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཁ་དན་ཚིག་ལ་མི་གནས་པ་མིང་ཐོའི་མི་གྲངས་ལོ་བཅུའི་རིང་ཐེངས་དང་པོར་ཉུང་དུ་ཕྱིན་པ་མངོན་འགྱུར་བྱུང་ཡོད། 

  • བཟོ་ལས་ཆ་འཕྲིན་པུས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཡོངས་ཀྱི་གྲོང་ཁྱེར86གི་གཞིས་ཁུལ་དང་བཟོ་གྲྭ། གླིང་ཁུལ168རུ་ཀྲའོ་ཁྲིའི་འོད་དྲའི་ཚོད་ལྟ་སྤེལ་རྒྱུ་གཏན་འཁེལ་བྱས། 

  • ཀྲུང་གོ་ཁྲེང་ཐུང་གིས་རྗེས་མར་རྒྱལ་དབང་མ་རྩ་གཉེར་སྐྱོང་སྤྱི་གཉེར་གྱི་བྱེད་ནུས་དང་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། རྒྱུན་མཐུད་ངང་ཀྲུང་དབྱང་དང་རྒྱལ་དབང་ཁེ་ལས་ཀྱི་རྐང་འཛིན་དང་ཚན་རྩལ་གསར་གཏོད་རིགས་ཀྱི་རྐང་འཛིན་གྲངས་འབོར་མང་དུ་གཏོང་རྒྱུ་ཡིན་ཞེས་བཤད། 

  • ཀྲུང་གོ་གོ་ཤིན་གྱིས་དེའི་ཁོངས་གཏོགས་གོ་ཤིན་མ་འཇོག་ཚད་ཡོད་སྤྱི་གཉེར་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་རྐང་འཛིན་དང་། ཚན་རྩལ་གསར་གཏོད་རིགས་ཀྱི་རྐང་འཛིན། ETFབཅས་མང་དུ་བཏང་ནས་འགག་རྩའི་མངའ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད། 

  • ཚེས6ཉིན། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་འགག་སྒོ་ནས་འགྲོ་འོང་བྱེད་པའི་འཁོར་རིགས་ཁྲི2.64ལ་སླེབས་ནས། ད་ལོར་ཉིན་གཅིག་གི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གསར་གཏོད་བྱེད་ཐེངས་གསུམ་པ་ཡིན། 

a34e55f38bbbaefa2c05d5e88340940.jpg

  • ཚེས7ཉིན། ཀྲུང་གོ་མཚོ་ཐོག་ཉེན་རྟོག་པའི་དམག་གྲུ་རུ་ཁག2303གྱིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་མངའ་ཁོངས་མཚོ་ཁོངས་སུ་སྐོར་སྐྱོད་བྱས། འདི་ནི་ཀྲུང་གོ་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་སྤེལ་བའི་ཁེ་དབང་སྲུང་སྐྱོང་གི་སྐོར་སྐྱོད་བྱེད་སྒོ་ཞིག་ཡིན། 

  • ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་དཔལ་འབྱོར་བདེ་འཇགས་སོགས་ལས་དོན་གྱི་འགན་འཁུར་མཁན་ཨུ་ཡོན་ཞེ་ཧྥུ་ཆའོ་ཝུའེ་ཆིས་ཚེས7ཉིན། ཡོ་རོབ་མནའ་འབྲེལ་གྱིས“ཉོ་ཚོང་ཀྱི་འགོག་སྲུང་བྱེད་ཐབས་ཐམས་ཅད”སྤྱད་དེ། ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ཀྱི་རྡུང་རྡེག་ལ་ཁ་གཏད་གཅོག་རྩིས་ཡོད་ཅེས་བཤད། 

    སྤྱི་ཚོགས།

  • 10ཉིན་ནས་བཟུང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་གྱིས2025ལོའི་དུས་ཚིགས་གཉིས་པའི་མེ་འཁོར་འཁོར་སྐྱོད་རི་མོ་ལག་བསྟར་བྱས། 

  • ཉིན་ཤས་གོང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་འཕྲིན་སྟེགས་དུ་དྲ་ཐོག་ཐེར་འདོན་ཀྱི་བྱེད་ནུས་ཤར་གཏོང་ཐུབ་པས། རྒྱ་ཆེའི་སྤྱི་ཚོགས་སྒྲིག་གཞི་དང་མང་ཚོགས་ཀྱིས་དྲ་ཐོག་ནས་གཡོ་བསླུ་མགོ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཞུ་ཐུབ། 

  • ཀྲུང་དབྱང་རྩ་འཛུགས་པུ་རུ་བཅའ་སྡོད་ཀྱི་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་གི་དེ་སྔའི་ཙུའུ་ཀྲང་ལི་ཀང་གིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • ཧོ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལིའུ་མན་ཚང་གིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་འབུད་བྱས། 

  • ཧའེ་ནན་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲིན་ཞའོ་པོ་ཡིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • ཉེ་ཆར། དྲ་འཕྲིན་སྡེ་ཁག་གིས་དྲ་ཚིགས་སྟེགས་བུས་ཁྲིམས་ལྟར་དང་ཆིངས་ཡིག་གཞིར་བཟུང་། འཆལ་འཕྲིན་དང་མཚང་འཕྲིན་སྒྲོག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཨང་ཁག་གཅིག་གི་སྒོ་རྒྱག་པ་དང་དུས་ཡུན་རིང་བོར་བཀག་སྡོམ་བྱེད་དགོས་པའི་ཐག་གཅོད་བྱ་དགོས་པར་སྐུལ་འདེད་བྱས། 

  • 2025ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་མཆོང་འཛམ་གླིང་བུམ་པའི་མོ་ཞི་ཁོ་ས་ཚིགས་མཇུག་སྒྲིལ་ཡོད། ཀྲུང་གོའི་རུ་ཁག་གིས་གཟེངས་སུ་ཐོན་པའི་འབྲས་བུ་བླངས་ཤིང་། གསེར་གྱི་རྟགས་མ7དང་། དངུལ་གྱི་རྟགས་མ4དང་། ཟངས་ཀྱི་རྟགས་མ1བཅས་ཐོབ་ཡོད། 

ecd11bc9e0ab962ea91c450291a3ae2.jpg

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁྱེམ་དཀར30ལྷག་ཙམ་ཧྲི་ཅ་ཀྲོང་ཧུའུ་ཐུའོ་གཙང་པོར་མངོན་ཡོད་པ་དང་། དེ་ནི་ཉེ་བའི་ལོ་ཤས་རིང་ཧྲི་ཅ་ཀྲོང་དུ་གཞི་ཁྱོན་ཆེན་མོ་འདི་འདྲ་ཡོད་པའི་ཁྱེམ་དཀར་རིགས་ཁྱུ་གནས་སྤོ་པའི་ཐོ་འགོད་ཐེངས་དང་པོ་ཡིན། 

7bf635278a2d5f25acbff3b3dd2f2f0.jpg

  • ཉེ་ཆར་ཧང་ཀྲོའུ་མྱུར་བགྲོད་ཐོག་རླངས་འཁོར་ཞིག་སྲུང་རར་རྡུང་སྟེ་མེ་ཤོར་ནས་ཁ་ལོ་བ་དྲན་པ་ཤོར། ལམ་འགྲོ་ཁ་ལོ་བ་ཀྲུའུ་ཅིན་ཅེ་ཡིས་གྲུ་མོས་རླངས་འཁོར་གྱི་སྒེའུ་ཁུང་གཏོར་ནས། མི་མང་དང་མཉམ་དུ་རླངས་འཁོར་དེའི་བདག་པོ་བསྐྱབས་པ་རེད། 

    སྲིད་ཇུས། 

  • ཧྲང་ཧའེ་ཡིས་བརྡ་ཐོ་དཔར་འགྲེམ་བྱས་ནས། དྲ་རྒྱའི་བརྙན་ཐུང་གི་ནང་དོན་སྤུས་ལེགས་ཀྱི་རྣམ་གྲངས་ཁེར་རྐྱང་ལ་རྒྱབ་སྐྱོར་གྱི་སྡུར་གྲངས་སྤྱིར་བཏང་དུ་སྤྱིའི་མ་འཇོག་གི30%ལས་མི་བརྒལ་བ་དང་། ཆེས་མཐོ་ཤོས་སྒོར་ཁྲི100ལས་མི་བརྒལ་བ་ཡིན་དགོས། 

  • ཀྲེ་ཅང་གིས་མ་འོངས་པའི་ལོ་གསུམ་ནང་མཛོད་ཉར་ཟོག་འགྲེམ་དུ་སྤྱོད་པའི་ས་ཆ་མུའུ་ཁྲི1ཡན་དུ་འཕར་བ་དང་། ཟོག་འགྲེམ་ལས་རིགས“ཐོག་ཁང་དུ་འགྲོ་རྒྱུར”སྐུལ་ལྕག་བྱས་ནས། ཟོག་འགྲེམ་ལས་རིགས་འཕེལ་རྒྱས་གཏོང་བའི་བར་སྟོང་སྟབས་བསྟུན་ངང་རྒྱ་སྐྱེད་གཏོང་རྩིས་ཡོད་ཅེས་བརྡ་ཐོ་དཔར་འགྲེམ་བྱས། 

  • ཡུན་ནན་གྱིས་གཞུང་ཞབས་པར་རྒྱུགས་ལེན་དང་གཞི་རིམ་འཕྲལ་སྡོམ་དོ་དམ་གྱི་ཆེད་བཙུགས་ལས་གནས་འཆར་གཞི་ལག་བསྟར། ཡོངས་བསྒྲགས་གདན་ཞུ། མེ་གསོད་མཁན་བཀོད་སྒྲིག་ཕྱིར་འཐེན་སོགས་ཀྱི་བྱ་ཐབས་སྤྱད་དེ། གཞི་རིམ་འཕྲལ་སྡོམ་ཆེད་ལས་སྟོབས་ཤུགས་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་བསམ་འཆར་ཁྱབ་བསྒྲགས་བྱས། 

    དེ་རིང་གི་གནམ་གཤིས།

5b24c8830ec972946140b7a00f67aed.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཅི་ལིན་ཤར་རྒྱུད། ཞིན་ཅང་གི་ཐེན་ཧྲན་རི་བོ་ས་ཁུལ་དང་དབྱི་ལིའི་གྲོག་རོང་། བོད་ལྗོངས་བྱང་རྒྱུད། མཚོ་སྔོན་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ནང་སོག་གི་ནུབ་རྒྱུད་དང་ཧྲའན་ཞིའི་བྱང་རྒྱུད། ཉིང་ཞའི་དབུས་ལྷོ་རྒྱུད། ཧྲན་ཞི། ཧོ་པེ་ནུབ་རྒྱུད། ཧྲན་ཏུང་ནུབ་རྒྱུད། ཧུའུ་ནན་མང་ཆེ་བ། ཅང་ཞིའི་དབུས་བྱང་རྒྱུད། ཀྲེ་ཅང་། ཧྥུ་ཅན་བྱང་རྒྱུད། ཀུའེ་ཀྲོའུ་དབུས་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།