དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-09 09:12:23   |   445

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར་ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས། 

  • ཀྲུང་དབྱང་སྐབས་ཉི་ཤུ་པའི་རེས་སྐོར་ལྔ་པའི་སྐོར་ཞིབ་བྱ་ཡུལ་ཁྱབ་བསྒྲགས་བྱས་ཡོད།

  • ཚེས8ཉིན། ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩ་རྟོག་དམ་སྤྱི་ཁྱབ་ཅུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་སོགས་སྡེ་ཁག་མང་པོ་དང་། དེ་བཞིན་ཀྲུང་དབྱང་ཧུའེ་ཅིན་སྤྱི་གཉེར་དང་ཀྲུང་དབྱང་ཁེ་ལས་མང་པོ་ཞིག་གིས་མ་རྩའི་ཁྲོམ་ར་བརྟན་ལྷིང་འཁོར་སྐྱོད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད། 

  • ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན8ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ3པར། རང་རྒྱལ་གྱི་དྲ་འཚོང་ཟོག་འགྲེམས་སྟོན་གྲངས110ཡིན་པ་དེ་ཟླ་གོང་མ་ལས1.1འཕར་ཡོད། 

  • ད་ལོའི་སྔོན་གྱི་ཟླ་གཉིས་རིང་། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་འཕར་ཐང་དུས་མཚུངས་ལས7.5%འཕར་ཡོད། 

  • ནོར་སྲིད་པུ་དང་སྡོད་ཁང་འཛུགས་སྐྲུན་པུས་ཚེས8ཉིན། 2025ལོར་ཀྲུང་དབྱང་ནོར་སྲིད་གྱིས་མུ་མཐུད་བཅད་གྲངས་ཁ་གསབ་བྱས་ནས་གྲོང་ཁྱེར་ཁག་ཅིག་གིས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས། 

  • རྒྱལ་ཁབ་གྲངས་གཞི་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ལས་དང་ལས་རིགས། གྲོང་ཁྱེར་རིགས་གསུམ་གྱི་ཡིད་རྟོན་རུང་བའི་གྲངས་གཞིའི་བར་སྟོང་གི་ཚོད་ལྟ་ཐེངས་དང་པོར་སྤེལ་ནས། སྣ་མང་གཙོ་གཟུགས་ཀྱིས་མཐུན་སྦྱོར་བྱས་ནས་གྲངས་གཞིའི་རིན་ཐང་ཐུན་མོང་གཏོད་རྒྱུ་དེ་སྣེ་ཁྲིད་དུ་བྱས་ཏེ། གྲངས་གཞིའི་ཕན་ནུས་ཆེ་བའི་འགྲོ་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

  • ཨ་རི་ཕྱོགས་ཀྱིས་སྔར་བས་ལྷག་པར་ཀྲུང་གོར་སྒོ་ཁྲལ50%སྣོན་བསྡུ་བྱ་བའི་འཇིགས་སྐུལ་ལ་དམིགས་ནས། རང་རྒྱལ་ཕྱི་འབྲེལ་པུས་གལ་ཏེ་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཞག་ནས། སྒོ་ཁྲལ་དམག་འཐབ་དང་ཉོ་འཚོང་དམག་འཐབ་མཐའ་གཅིག་ཏུ་སྤེལ་ཚེ། ཀྲུང་གོ་ཕྱོགས་ཀྱིས་མཐའ་མཇུག་ཏུ་འཐབ་རོགས་བྱ་ངེས་ཡིན་ཚུལ་བཤད། 

  • ཡོ་རོབ་མནའ་འབྲེལ་གྱིས་ཟླ4ཚེས15ཉིན་ནས་ཨ་རིར་ངོ་རྒོལ་བྱེད་པའི་སྒོ་ཁྲལ་རེས་སྐོར་དང་པོ་ལག་བསྟར་སྤེལ་བ་དང་། ཟླ5ཚེས15ཉིན་ནས་རེས་སྐོར་གཉིས་པ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། 

    སྤྱི་ཚོགས།

dfba7fd4ec8c873f8332c6e7aa03677.jpg


  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་སྨུག་པ་སྟུག་པོའི་སྔོན་ཟོན་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་སྔ་དྲོར། ཧྲན་ཏུང་དང་ཧོ་པེ། ཀུའེ་ཀྲོའུ་སོགས་ས་ཁུལ་དུ་སྨུག་པ་སྟུག་པོ་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་མཐོང་ཐུབ་ཚད་སྨི500ཡང་མེད་པའི་སྨུག་པ་སྟུག་པོ་ཡོད་པ་རེད། 

  • ཚེས8ཉིན་ནས་བཟུང་། ལྕགས་ལམ་སྡེ་ཁག་གིས་པེ་ཅིང་དང་ཧྲང་ཧའེ་མྱུར་བགྲོད་ལྕགས་ལམ་མེ་འཁོར་གྱི་མེ་འཁོར་ཨང་གྲངས་ཁག་གཅིག་ལ“ལོགས་འབྱེད་སྐྱེལ་འདྲེན་དང་། མི་དང་གཅེས་ནོར་སོ་སོར་འབྱེད་པ།  ཆེད་མངགས་ལྟ་སྐྱོང”ཚོད་ལྟ་བྱེད་པའི་མྱུར་བགྲོད་ལྕགས་ལམ་དུ་གཅེས་ནོར་སྲོག་ཆགས་སྐྱེལ་འདྲེན་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ལོ་མགོ་ནས་ཟླ4ཚེས་8ཉིན་གྱི་ཆུ་ཚོད་ཀླད་ཀོར་བར། འཛད་སྤྱོད་པས་ཉོ་སྒྲུབ་བྱས་པའི་ཁྱིམ་སྤྱོད་གློག་ཆས་རིགས12རྙིང་པ་ནས་གསར་པར་བརྗེ་བའི་ཐོན་རྫས་ཁྲི3570.9ཡིས་ཕྱིར་འཚོང་སྒོར་དུང་ཕྱུར1247.4ལ་སྐུལ་ཁྲིད་བྱས་ཡོད། 

  • ཚེས8ཉིན། གཏོང་འཕེན་འཛམ་གླིང་བུམ་པ་ཨ་ཀེན་ཐིན་ས་ཚིགས་ཀྱི་བུད་མེད་ཀྱི་སྨི10ཡི་རླུང་མདའ་འཕེན་པའི་རྟིང་རྩོད་ཁྲོད། ཀྲུང་གོའི་བདམས་ཐོན་པ་ཝང་ཙི་ཧྥེ་ཡིས་ཨང་དང་པོ་བླངས་པ་རེད། 

  • ཚེས8ཉིན། ཅང་ཞི་ཞིང་ཆེན་ཞིན་ཡུས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཝན་ཉན་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་མའོ་ཆིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་རིམ་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། མའོ་ཆི་ལ་ལོ་བཅུ་དང་ཟླ་བ་དྲུག་གི་དུས་བཀག་བཙོན་འཇུག་གི་ཆད་པ་བཅད་པ་དང་། དངུལ་ཆད་མི་དམངས་ཤོག་སྒོར་སྒོར་ཁྲི100བཅད་པ་རེད། 

  • ཚེས8ཉིན“གངས་འབྲུག”རྟགས་ཅན་གྱི་སྣེ་གླིང་ཚན་རིག་རྟོག་ཞིབ་དར་གཤག་གྲུ་གཟིངས་ཧྲང་ཧའེ་རུ་ཕྱིར་ལོག་པ་དང་། ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ཐེངས41པའི་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱས་པ་མཚོན་ཡོད། 

  • ཧང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཚིགས་དང་པོའི་ཀྲེ་ཅང་ནས་ཡོ་རོབ་དབུས་མའི་འགྲུལ་སྐྱོད་མེ་འཁོར་གྱིས་རིམ་རྩིས་བྱས་ན་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཁྲི6.3སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས4%འཕར་ཡོད། 

d44cdecbf6058d43dc085f8a97e5cea.jpg

  • ཚེས8ཉིན།    ཧྭ་ལུང་དང་པོའི་ཀྲང་ཀྲོའུ་ཉིང་རྡུལ་གློག་ཁང2པའི་ཚ་རྣམ་གཤིས་ནུས་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱས་ནས། རྗེས་མཐུད་ཀྱི་འཕྲུལ་ཚན་ཉིང་རྡུལ་འབར་རྫས་ནང་འཇུག་དང་གློག་སྦྲེལ་གློག་གཏོང་སོགས་ཀྱི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།   

2e3e219d2125a910edfad1b3cb56c9a.jpg

  • ཚེས8ཉིན། ཨེ་ཤེ་ཡའི་ཐེངས་དང་པོའི་རྒྱུད་རྒྱུ་གསར་སྒྲིག་ཕག་གི་མཁལ་མ་མཇུག་མཐའི་མཁལ་ནད་ཕོག་པའི་ནད་པར་སྤོ་འཛུགས་བྱས་པའི་གཤགས་བཅོས་ལ་ཚད་བརྒལ་ཆེན་པོ་ཐོབ་པ་དང་། ནད་པ་གཤགས་བཅོས་བྱས་རྗེས་ཉིན32རིང་བྱེད་ནུས་བརྟན་ལྷིང་བྱུང་བས། སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞིར་སླེབས་ཡོད། 

    སྲིད་ཇུས།

  • པེ་ཅིན་གིས་གསར་གཏོད་སྨན་རྫས་ནད་ཐོག་ཚོད་ལྟ་ལ་ཞིབ་དཔྱད་ཞིབ་བཤེར་ཆོག་མཆན་འགོད་པའི་ཚོད་ལྟ་གཏིང་ཟབ་ཏུ་གཏོང་རྒྱུའི་ཡིག་ཆ་བཏོན་ཏེ། ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚད་ལས་ཉིན60ནས30བར་ཉུང་དུ་བཏང་བ་རེད། 

  • ཀྲེ་ཅང་གིས་ད་ལོ་ཞིང་ཆེན་ཡོངས་ཀྱི་ལོ70(དེའི་ནང་ཚུད)ཡན་ཆད་ཀྱི་ཐེམ་ཐོ་ཡོད་པའི་རྒན་པར་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཀྱི་འགན་བཅོལ་གཅིག་སྤྲོད་རྒྱུའི་ཇུས་གཞི་བཏོན་པ་རེད། 

  • ཧུའུ་པེ་ཡིས་སྲོལ་ཡིག་དཔར་འགྲེམ་བྱས་པ་ལྟར་ན། གློག་སྐས་སྤྱོད་མཁན་གྱིས་གློག་སྒུལ་རྐང་འཁོར་དང་གློག་སྒུལ་འཕྲུལ་རྟ། ཡང་ན་དེའི་གློག་རྫས་སོགས་གློག་སྐས་བདེ་འཇགས་ལ་ཤུགས་རྐྱེན་ཡོད་པ་འཁྱེར་ཚེ། མེ་གསོད་རོགས་སྐྱོབ་ལས་ཁུངས་ཀྱིས་བཅོས་སྒྱུར་བྱ་དགོས་པའི་ཉེན་བརྡ་གཏོང་དགོས། ནོར་བཅོས་དང་ལེན་མི་བྱེད་པར་སྒོར200ཡན་དང་སྟོང1མན་གྱི་དངུལ་ཆད་གཅོད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས། 

31827ca6ef6530a1ded17adf04e77e5.jpg

  • ཤིན་ཅང་བྱང་ཕྱོགས་ཀྱི་བྱང་རྒྱུད་དང་། ཧོང་ཧོའེ་ཤར་རྒྱུད། ལྷོ་ནུབ་ས་ཁུལ་ཤར་རྒྱུད། འབྲི་ཆུའི་ལྷོ་ཕྱོགས་ཀྱི་དབུས་རྒྱུད། ཧྭ་ལྷོའི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཧུའུ་ནན་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཅང་ཞིའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།