དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-10 09:14:59   |   416

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་མཐའ་འཁོར་ལས་དོན་ཚོགས་འདུ་ཟླ4པའི་ཚེས8ཉིན་ནས9ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་ཚེས9ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་ཀྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར། རང་རྒྱལ་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས9.7%འཕར་ཡོད། 

  • དུས་ཚིགས་དང་པོར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས13.4%འཕར་བ་དང་། རྒྱུན་མཐུད་ཅུང་མགྱོགས་པའི་སྒོ་ནས་འཕར་བའི་རྣམ་པ་མངོན་ཡོད། 

  • ཚེས9ཉིན། གསར་དུ་བཟོ་བཅོས་བྱས་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ5པའི་ཚེས10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས9ཉིན《ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་འགའ་ཤས་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་དོན་དངོས་གསལ་འགྲེལ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཀྱི་སྲིད་ཇུས་ལངས་ཕྱོགས་གསལ་བཤད་བྱས་ཡོད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཚེས10ཉིན་གྱི་དུས་ཚོད12དང་སྐར་མ01ནས་བཟུང་། ཐོག་མར་ཨ་མེ་རི་ཁ་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཚང་མར་སྒོ་ཁྲལ་ཁྲལ་ཚད34%ནས84%བར་སྣོན་བསྡུ་བྱ་རྒྱུ་རེད། 

  • ཚོང་དོན་པུས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཨ་མེ་རི་ཁའི་དངོས་ཚན12ཕྱིར་གཏོང་དོ་དམ་བཀག་སྡོམ་ཚོད་འཛིན་མིང་ཐོའི་ནང་བཅུག་པ་དང་། ཨ་མེ་རི་ཁའི་དངོས་ཚན6བློས་འགེལ་མི་ཆོག་པའི་དངོས་ཚན་ཞིབ་ཐོ་ནང་བཅུག 

  • ཕྱི་འབྲེལ་པུས་ཨ་རིས་ཀྲུང་གོར་སྒོ་ཁྲལ104%བསྡུས་པར་ལན་བསློགས་སྟེ། ཀྲུང་གོ་མི་དམངས་ཀྱི་ལུགས་མཐུན་འཕེལ་རྒྱས་ཀྱི་དབང་ཆ་བཙན་འཕྲོག་བྱེད་མི་ཆོག་པ་དང་། ཀྲུང་གོའི་བདག་དབང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་མི་ཆོག་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད། 

  • ས་གནས་དེ་གའི་དུས་ཚོད་གྱི་ཚེས9ཉིན་གྱི་ཕྱི་དྲོར། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ27གྱིས་འདེམས་ཤོག་འཕངས་ཏེ་ཨ་རིའི་ནང་འདྲེན་ཐོན་རྫས་ལ་སྒོ་ཁྲལ25%བསྡུ་བའི་འགོག་རྒོལ་བྱ་ཐབས་ལ་བརྡས་ཐག་བཅད་དེ། ཁྲོམ་ཕུ་སྲིད་གཞུང་གིས་ཟླ3པའི12ཉིན་ཁྱབ་བསྒྲགས་བྱས་པའི་ཡོ་རོབ་མནའ་འབྲེལ་གྱི་ངར་ལྕགས་དང་ཧ་ཡང་ལ་སྒོ་ཁྲལ་བསྡུ་བར་འཁོན་ལན་བསློགས་པ་རེད། 

    སྤྱི་ཚོགས། 

30a3f1885937e23125b7140ef757710.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་ཆེན་པོའི་སྔོན་ཟོན་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་སྔ་དྲོར། ཧུའུ་ནན་དང་ཅང་ཞི། ཀོང་ཞི་སོགས་ས་ཁུལ་ཁག་ཅིག་ཏུ་སྨུག་པ་ཆེན་པོ་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་མཐོང་ཐུབ་ཚད་སྨི200ཡང་མེད་པའི་སྨུག་པ་སྟུག་པོ་ཡོད་པ་རེད། 

  • ཟླ4པའི་ཟླ་མགོར། རྒྱལ་ཡོངས་ཀྱི་ཞིང་ཆེན23གྱིས་དཔྱིད་ཆུ་འདྲེན་བྱེད་མགོ་བརྩམས་པ་དང་། རིམ་རྩིས་བྱས་ན་ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར1.2ལས་བརྒལ་ཡོད། 

  • ཚེས8ཉིན། ཧོ་པེ་ལུང་ཧྭ་གོ་ཨེན་རྒན་པའི་སྤྱི་ཁང་དུ་མེ་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་བྱུང་ནས་མི20རྐྱེན་ལམ་དུ་ཤོར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་དོན་རྐྱེན་ཞིབ་བཤེར་ཐག་གཅོད་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱས། 

  • ཚེས9ཉིན་གྱི་དུས་ཚོད18པ་ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་ཟོག་འདྲེན་མེ་འཁོར་སྐྱེལ་འདྲེན་དཔེ་རིས་གསར་པ་ལག་ལེན་བྱས་པ་དང་། ལེགས་བསྒྲིགས་བྱས་རྗེས། ཏ་ཆིན་དང་ལན་ཀྲོའུ་དང་ཤིན་ཅང་ལྕགས་ལམ་སོགས་ཟོག་འདྲེན་བགྲོད་ལམ་གཙོ་བོའི་མེ་འཁོར་ཏུན་ཁྲི་གཏོང་ཤུགས་ཆེ་རུ་བཏང་ཡོད། 

  • གནམ་གཤིས་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། གཟའ་འཁོར་འདིའི་གཟའ་མཇུག་ཏུ་པེ་ཅིང་གི་བྱང་ཡོའི་ཐོལ་རླུང་རིམ་པ་དགུ་ལ་སླེབས་རྒྱུ་ཡིན་པས། སྡོད་དམངས་ཀྱིས་སྔོན་ཚུད་ནས་འགོག་ཟོན་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད། 

  • ཚེས9ཉིན་གྱི་ཕྱི་དྲོར། འབར་མ་རུ་ས་ཡོམ་རོགས་སྐྱོབ་བྱེད་པར་ཕེབས་པའི་ཀྲུང་གོའི་རོགས་སྐྱོབ་རུ་ཁག་དང་། ཀྲུང་གོ་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག ཀྲུང་གོའི་ཤང་ཀང་དམིགས་བསལ་ས་ཁུལ་རོགས་སྐྱོབ་རུ་ཁག་གིས་ལས་འགན་ལེགས་གྲུབ་བྱས་ནས་པེ་ཅིང་དུ་འབྱོར་ཡོད། 

  • ཟླ4པའི་ཚེས8ཉིན་བར། རྒྱལ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཁྲི17གྱིས་སྐབས137པའི་ཀོང་ཀྲོའུ་ཚོང་ཚོགས་ལ་ཐོ་འགོད་བྱ་རྩིས་ཡོད་པ་རེད། 

e84dc20172525d99e2009515a3e348f.jpg

  • ཚེས9ཉིན། ཚངས་ཐིག་ཧ་ཅང་ཆེ་བའི་འབིགས་འཕྲུལ་གྱི“ཅང་ཧའེ་རྟགས་ཅན”མགོ་བརྩམས་པ་དང་བསྟུན་ནས། ཧའེ་ཐའེ་འབྲི་ཆུའི་ཕུག་ལམ་གཏོད་མགོ་བརྩམས་ཤིང་། འབྲི་ཆུ་བརྒལ་བའི་ལས་ཀ་དངོས་སུ་མགོ་བརྩམས། 

    སྲིད་ཇུས། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་ཡིག་ཆའི་ནང་རྒྱལ་ཡོངས་སུ་རྒྱལ་མཚམས་ནས་ཁ་བྲལ་ན་དཔྱ་ཁྲལ་སློག་པའི“ཉོས་རྗེས་ཕྱིར་སློག་པའི” ཞབས་འདེགས་བྱེད་ཐབས་ཁྱབ་གདལ་གཏོང་རྒྱུ་ཁ་གསལ་བཏོན་ཡོད། 

  • ཉེ་ཆར་ཁྲོམ་ར་རྟོག་དོམ་སྤྱི་ཁྱབ་ཅུས《རང་བྱུང་མིའི་དྲ་ཐོག་ཚོང་ཁང་དོ་དམ་ཚད་གཞི》ཁྱབ་བསྒྲགས་བྱས་ནས། རང་བྱུང་མིའི་དྲ་ཐོག་ཚོང་ཁང་ལ་བརྒྱུད་རིམ་ཡོངས་དང་འབྲེལ་ཐག་ཡོངས་སུ་ཚད་ལྡན་དུ་བཏང་ནས། རང་བྱུང་མིའི་དྲ་ཐོག་ཚོང་ཁང་དོ་དམ་གྱི་བཅའ་ཁྲིམས་ལམ་ལུགས་སྒྲིག་སྲོལ་གྱི་སྟོང་ཆ་ཁ་གསབ་བྱས། 

  • ཧའེ་ནན་གྱིས་ཆ་རྐྱེན་དང་མཐུན་པ་མ་ཟད། ཐོག་མར་གཅིག་གྱུར་ཁོངས་དུ་བསྡུ་བའི་ཚད་དུ་སླེབས་པའི་ཞག་སྡོད་ཁེ་ལས་ལ་ཐེངས་གཅིག་གི་བྱ་དགའ་སྒོར་ཁྲི10སྤྲད་ནས། གཉེར་སྐྱོང་གཙོ་གཟུགས་ཀྱི་གསོན་ཤུགས་སྔར་བས་སྐུལ་སློང་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

19882a8225c655b1f3dc8dc4e1e01f4.jpg

  • ཤིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དང་ཤིན་ཅང་ལྷོ་མའི་ནུབ་རྒྱུད་ཀྱི་རི་ཁུལ། ནང་སོག་བྱང་ཤར་རྒྱུད། ཧེ་ལུང་ཅང་ནུབ་བྱང་རྒྱུད། བོད་ལྗོངས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ཧུའུ་ནན་གྱི་ཤར་ལྷོའི་རྒྱུད་དང་ཅང་ཞིའི་ལྷོ་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་ལ། དེའི་ནང་ཧྥུ་ཅན་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།