དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-11 09:28:44   |   365

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4ཚེས9ཉིན་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་དབུ་ཚོགས་སྐབས་དགུ་པའི་རེས་འཁོར་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཧོང་ཏུ་ར་སི་རུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

  • 《བདེ་ཐང་གི་འཛད་སྤྱོད་ཆེད་དམིགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》ཁྱབ་བསྒྲགས་བྱས་ཏེ། ལུས་སྦྱོང་འགུལ་སྐྱོད་ཀྱི་འཛད་སྤྱོད་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ལུས་རྩལ་གནས་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་སོགས་ཀྱི་ཕྱོགས10ཡི་གཙོ་གནད་ལས་འགན་བཏོན་ཡོད། 

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། དུས་ཚིགས་དང་པོའི་ཀྲུང་གོའི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་སྟོན་གྲངས89.5ཡིན་པ་དེ་ན་ནིང་གི་དུས་ཚིགས་བཞི་པ་ལས0.5འཕར་ཞིང་། 2020ལོ་ཚུན་གྱི་ཆེས་མཐོ་ཤོས་ཡིན་པ་རེད། 

  • 2025ལོའི་མཐོ་སློབ་ཀྱི་ཆེད་དམིགས་འཆར་གཞི་མགོ་བརྩམས་པ་དང་། ཕྱོགས་ངེས་ཀྱིས་མཐའ་འཁོབ་དང་དབུལ་ཐར། མི་རིགས་སོགས་ས་ཁུལ་གྱི་རྫོང་མན་ཆད་མཐོ་རིམ་སློབ་འབྲིང་གི་སློབ་ལ་བརྩོན་པ་དང་སྦྱངས་འབྲས་ཕུལ་དུ་བྱུང་བའི་གྲོང་གསེབ་སློབ་མ་བསྡུ་རྒྱུ་ཡིན་པ་རེད། 

6f056c0d1dd4e69171b0a45c997df0c.jpg

  • རང་བྱུང་ཐོན་ཁུངས་པུས་བརྡ་ཁྱབ་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད། དྭངས་གཙང་དཀར་གོང་གཏེར་ཁ་དངོས་སུ་རང་རྒྱལ་གྱི་གཏེར་རིགས་གསར་པར་གྱུར་ཡོད། དེའང་རང་རྒྱལ་གྱི་གཏེར་རིགས་ཨང174པ་ཡིན། 

  • རང་རྒྱལ་གྱི་ཚན་རིག་པས་ཟླ་བའི་ལྷ་མོ་དྲུག་པའི་ཟླ་བའི་གོ་ལའི་མ་དཔེ་སྤྱད་དེ། ཐོག་མར་ཟླ་བའི་གོ་ལའི་རྒྱབ་ངོས་ཟླ་ཡོལ་གྱི་ཆུ་འདུས་ཚད་ཁེ་རེར་ཝེ་ཁེ2ལས་ཆུང་བ་ཚད་ལེན་བྱས་པ་རེད། 

  • ཉེ་ཆར་ཚོང་ལས་དངུལ་ཁང་ཁག་གིས་དངུལ་བུན་བུན་གཏོང་ཕྱིར་ཉོ་མང་དུ་གཏོང་རྒྱུ་མགྱོགས་སུ་བཏང་བ་དང་། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། ཡིད་སྤྲོད་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར3000བརྒལ་ཟིན་པ་རེད། 

  • 2024ལོར་ཀྲུང་གོ་དང་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ། གླེང་མོལ་རོགས་ཟླའི་ཉོ་འཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར8900ལ་སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད། 

  • ཚོང་དོན་པུས་ཀྲུང་གོའི་ཕྱོགས་ཀྱིས་སྒོ་ཁྲལ་ཀྱི་གནད་དོན་ཐད་ཨ་རི་དང་གྲོས་མོལ་སྤེལ་མིན་ལ་ལན་བཏོན་པ་སྟེ། གྲོས་མོལ་བྱེད་ན་དགའ་བསུ་ཡོད་མོད། འོན་ཀྱང་གླེང་མོལ་དེ་ངེས་པར་དུ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞི་ཐོག་འདྲ་མཉམ་གྱི་བྱ་ཐབས་ཐོག་ནས་བྱེད་དགོས་པ་དང་། འཐབ་ན། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་འཐབ་རོགས་བྱ་ངེས་ཡིན་པ་བརྗོད་ཡོད། 

  • རྒྱལ་ཁབ་གློག་བརྙན་ཅུས་གློག་བརྙན་ཐད་ཨ་རིས་ཀྲུང་གོར་སྒོ་ཁྲལ་རིམ་སྤར་བྱས་པར་ཁ་གཏད་གཅོག་པར་གསར་འགོད་པའི་དྲི་བར་ལན་བཏབ་པ་ལྟར་ན། ང་ཚོས་ཁྲོམ་རའི་ཆོས་ཉིད་གཞིར་འཛིན་པ་དང་། ལྟད་མོ་བའི་གདམ་ག་ལ་བརྩི་འཇོག་བྱས་ནས། འོས་འཚམ་གྱིས་ཨ་རིའི་གློག་བརྙན་ནང་འདྲེན་གྲངས་འབོར་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད། 

    སྤྱི་ཚོགས། 

dc5dbacba7210b53d259039e1c434b1.jpg

  • ཤུགས་དྲག་པའི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ཏེ། ཚེས11ནས12ཉིན་བར་ཧྭ་བྱང་དུ་ལོ་རྒྱུས་ཀྱི་དུས་མཚུངས་སུ་མཐོང་དཀོན་པའི་རྒྱུན་མཐུད་རང་བཞིན་གྱི་རླུང་ཆེན་གཡུག་པ་དང་། པེ་ཅིང་དང་ཐེ་ཅིན། ཧོ་པེ་སོགས་ཀྱི་ཐོལ་རླུང་རླུང་ཤུགས་རིམ་པ12ནས13བར་ལ་སླེབས་རྒྱུ་ཡིན་ལ། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་རིམ་པ་གསུམ་པའི་འཕྲལ་སྡོམ་བྱེད་ཐབས་སྤྱོད་མགོ་བརྩམས། 

  • གོ་ལ་ཧྲིལ་པོའི་སྤོ་སྒུལ་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། 2024ལོར་ཀྲུང་གོ་སྤོ་སྒུལ་ཚན་རྩལ་དང་ཞབས་ཞུའི་གསར་གཏོད་ཀྱི་དཔལ་འབྱོར་རིན་ཐང་ཨ་སྒོར་དུང་ཕྱུར་ཁྲི1.2ལ་སླེབས་ཡོད། 

  • ཀྲུང་གོ་སྤོ་ལོ་མཐུན་ཚོགས་ཀྱིས་ཀྲའོ་ཡུང་གིས་ཀྲུང་གོ་བུད་མེད་ཕའེ་ཆིའུ་སྤོ་ལོའི་རྩལ་ཁྲིད་པ་གཙོ་བོའི་འགན་བཞེས་པ་ཁྱབ་བསྒྲགས་བྱས། 

  • 2028ལོའི་ལའོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས་ཕིང་ཕང་སྤོ་ལོའི་རྣམ་གྲངས་ལེགས་སྒྲིག་བྱས་ནས། མཉམ་བསྲེས་ཚོགས་པའི་འགྲན་བསྡུར་མང་དུ་བཏང་བ་དང་། གསེར་གྱི་རྟགས་མའི་བསྡོམས་འབོར6བར་མང་དུ་ཕྱིན་ཡོད། 

  • ནང་སོག་གིས་དེང་རབས་ཅན་གྱི་ཟོག་འགྲེམས་དྲ་རྒྱ་མ་ལག་བཙུགས་པ་དང་། ས་གནས་དེ་གའི་དྲ་ཐོག་ཉོ་སྒྲུབ་གློག་རྡུལ་ཚོང་དོན་མྱུར་སྐྱེལ་སྦྲག་རྫས“སྦྲག་སྐྱེལ་རིན་མེད་མིན་པའི”སྣང་ཚུལ་དེ་འདས་ཟིན་པའི་རྣམ་པར་གྱུར་ཡོད། 

14c6847ae631f8802f49ae0b182e4e2.jpg

  • ཚེས10ཉིན། འཛམ་གླིང་གི་ཀ་གཅིག་སྒྲོམ་གསུམ་བར་སྟོང་སྐུད་ཟམ་ཆེས་ཆེ་ཤོས་ཡིན་པའི་ཀོང་ཞིའི་ཁྲང་རུང་ཞུན་ཅང་གཙང་པོའི་ཟམ་ཆེན་བདེ་བླག་ངང་འགྲུབ་ཡོད། 

180b19eaf400452946acbd41232d7dc.jpg

  • ཉེ་ཆར། འགག་གསུམ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཚོགས་པས3Dགཏག་དཔར་ལག་རྩལ་སྤྱད་ཅིང་། བཟོ་པ3གྱིས་གཞོགས་འདེགས་བྱས་ནས། ཉིན22རིང་མཐོ་ཚད་སྨི8དང་ས་ཁྱོན་ཁ་སྨི100ཡོད་པའི་ཚོད་ལྟའི་ཐོག་ཁང་ཉིས་བརྩེགས་ཤིག“གཏག་དཔར”བྱས། 

4f1a5b7174ee15fdf4f0e9e0e777fa9.jpg

  • བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མུ་འབྲེལ་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཧྭ་ཤེས་རིག་སྣ་མང་གཞི་གཅིག་ཡིན་པའི་དོན་དངོས་ར་སྤྲོད་བྱས་ཡོད། 

  • སི་ཁྲོན་གྱིས་རྐྱེན་ལམ་དུ་ཤོར་བའི་སྡེ་བར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཧོ་ཞའོ་ཆིང་ལ“སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”རྗེས་སྤྲོད་གནང་། 2024ལོའི་ཟླ8ཚེས22ཉིན། ཧོ་ཞའོ་ཆིང་ལས་དོན་སྤེལ་བའི་ལམ་བར་དུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ཞིང་། ལོ་ན39ཙམ་ལས་མིན་པ་རེད། 

    སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་བརྡ་ཐོ་བཏང་ནས། ཆ་རྐྱེན་ལྡན་པའི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དང་བྱིས་པའི་སྨན་ཁང་། ཀྲུང་ལུགས་གསོ་རིག་སྨན་ཁང་བཅས་ལ་ལུས་པོའི་ལྗིད་ཚད་དོ་དམ་སྒོ་བསྟེན་སྨན་ཁང་འཛུགས་རྒྱུའི་ལྕག་སྐུལ་བྱས་པ་རེད། 

  • པེ་ཅིང་ནད་འགོག་གིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས། ལས་རིགས་མི་ཚོགས་ཀྱི་བདེ་ཐང་ཟ་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། སྣུམ་དང་ཚྭ་ཉུང་བ། མངར་ཆ་ཉུང་བ། ཚིལ་ཉུང་བའི་ཚལ་ཁྱང་གདལ་དུ་གཏོང་རྒྱུ་བྱས། 

  • 《སི་ཁྲོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་སྲོལ་ཡིག》བཟོ་བཅོས་གཏན་འཁེལ་ནང་། ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་མཐོ་སློབ་སོགས་སྡེ་ཚན་གྱིས་སྔོན་ལ་བེད་སྤྱོད་བྱས་ནས་གྲོན་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། གོ་གནས་ཚན་རྩལ་འབྲས་བུའི་ཆོག་འཁྲོལ་དེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་སྤྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཁ་གསལ་བྱས་ཡོད། 

    དེ་རིང་གི་གནམ་གཤིས།

906809c3cfd98dbe23fdaefde0ff30f.jpg

  • ནང་སོག་བྱང་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་ལྷོ་རྒྱུད་དང་ནུབ་རྒྱུད། ཀན་སུའུ་རྨ་ནུབ་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅང་ཧོའེ་ནུབ་རྒྱུད་དང་ཅང་ཧན། ཅང་ནན་བྱང་རྒྱུད། སི་ཁྲོན་གཤོང་ས། ཁྲུང་ཆིང་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། ཤིན་ཅང་ཤར་རྒྱུད་དང་ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས། ནང་སོག་གི་ས་ཆ་མང་ཆེ་བ། ཅི་ལིན་དབུས་ནུབ་རྒྱུད། ལེའོ་ཉིང་གི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་རིམ་པ5ནས7བར་གྱི་རླུང་ཆེན་གཡུག་པ་དང་། ཐོལ་རླུང་རིམ་པ8ནས10བར་ལ་སླེབས་རྒྱུ་རེད། 


མཉམ་སྤྱོད།