དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-14 08:47:56   |   342

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཨོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།     

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ3པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་སྤྱི་ཚོགས་བསྡུ་དངུལ་གཞི་ཁྱོན་གྱི་གསོག་ཚད་སྒོར་དུང་ཕྱུར་ཁྲི422.96ཟིན་པ་དང་། དུས་མཚུངས་ལས8.4%འཕར་ཡོད།    

    微信图片_20250414070237.jpg

  • རྒྱལ་གཉེར་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཁབ་ཀྱི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར9.7སྐྱེལ་བ་དང་། དུས་མཚུངས་ལས3.1%འཕར་ཡོད།      

  • ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པའི་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད12སྟེང་། ད་ལོའི་རླངས་འཁོར་རྙིང་པ་གསར་བརྗེའི་ཁ་གསབ་རེ་ཞུ་ཁྲི223.2ཟིན་ཡོད།     

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན།  ཟླ3པར་ཀྲུང་གོ་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས401.2ཟིན་པ་དང་། དུས་མཚུངས་ལས5%འཕར་སྣོན་བྱས།      

  • ཀྲུང་གོ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་འཚོང་སྐབས137པ་ཟླ4པའི་ཚེས15ཉིན་སྤེལ་མགོ་བརྩམ་རྒྱུ་རེད། ཉིན་ཤས་རིང་། ཀོང་ཀྲོའུ་ཡི་འགག་སྒོ་ཁག་ལ་འགྲུལ་པ་དང་ཚོང་ཟོག་རྒྱལ་ཁོངས་སུ་འཛུལ་ཚད་མཐོ་ཤོས་སུ་སླེབས་ཡོད།    

  • ཀྲུང་གོའི་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཚེས13ཉིན་གྱི་ཆུ་ཚོད12དང་སྐར་མ24ཐོག་ཐ་ཇིག་སི་ཐན་དུ་ས་ཡོམ་རིམ་པ5.8ཐོན་ཡོད།  

    སྤྱི་ཚོགས། 

    微信图片_20250414070219.jpg

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་རླུང་ཆེན་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ནང་སོག་གི་དབུས་ཤར་རྒྱུད། ཧྭ་བྱང་། ཧོང་ཧོའེ་དང་ཅང་ཧོའེ་བཅས་དང་བྱང་ཤར་ས་ཁུལ་གྱི་བྱང་རྒྱུད་དང་ནུབ་རྒྱུད་སོགས་སུ་རླུང་ཆེན་རིམ་པ5ནས6བར་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ7ནས9བར་སླེབས་རྒྱུ་རེད།      

  • དེ་རིང་། པེ་ཅིང་ལྕགས་ལམ་འགྲིམ་འགྲུལ་གྱི་ལམ་དྲ་ཡོངས་ཀྱི་ལམ་ཐིག་ཁག་སླར་གསོ་བྱས་པ་དང་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད།      

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་དུས་ཚིགས་དང་པོའི་ནང་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་སྡོམ་འབོར་རིམ་རྩིས་བྱས་ན་ཁྲི756.1དང་ཁྲི747ཡིན་པ་དང་དུས་མཚུངས་ལས་སོ་སོར14.5%དང11.2%འཕར་སྣོན་བྱས།    

    微信图片_20250414070224.jpg

  • ཚེས16ཉིན་ནས17ཉིན་བར། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་དམག་གྲུ་རུ་ཁག་གིས་མཚོ་ཁུག་བྱང་མའི་མཚོ་ཁོངས་སུ་མཉམ་འབྲེལ་སྐོར་གཡེང་ཐེངས38པ་བྱ་རྒྱུ་རེད།      

  • ཚེས12ཉིན། རང་རྒྱལ་གྱིས་ཐེངས་དང་པོར་ཧིན་རྡུ་ཉི་ཞི་ཡ་ནས་ནང་འདྲེན་བྱས་པའི་ཟས་རིགས་བེ་ཏ་འགག་སྒོ་ནས་སྒྲོལ་བ་དང་། རྒྱལ་ནང་གི་ཁྲོམ་རར་སླེབས་ཉེར་ཡོད།    

    微信图片_20250414070228.jpg

  • ཧོ་ནན་ཕིན་ཏིན་ཧྲན་གྱི་ཡུལ་མིའི་ཁང་པ་ཞིག་ལ་མེ་སྐྱོན་ཤོར། ཉེ་འགྲམ་དུ་བསྡད་ཡོད་པའི་ལིའུ་ཞའོ་ཧུའེ་ཡིས་མེ་གསོད་ཆས་ཁྱེར་ནས་མེའི་ནང་དུ་ཐེངས་དྲུག་མཆོང་ནས་ལོ་བརྒྱད་ཅུ་ཅན་གྱི་རྒན་པ་སྐྱོབ་ཐབས་བྱས་པ་མ་ཟད། མེ་གསོད་རུ་ཁག་སླེབས་སྐབས་མེ་ཕལ་ཆེར་བསད་འདུག

    སྲིད་ཇུས།

  •   ཧའེ་ནན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། གྲོང་ཁྱེར་དང་རྫོང་ཁག་གིས་ཁྱད་པར་ཅན་ཀྱི་ཁམས་གསོ་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ལོ་རེའི་ཟླ10པ“རྒན་གསོ་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟླ་བ”ཡིན་པ་གཏན་འཁེལ་བྱས་ཡོད།      

  •   

  • སི་ཁྲོན་གྱིས་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་ལྟར་ན། ས་གཤིས་གནོད་འཚེ་ཐོན་སླ་བའི་ས་ཁུལ་གྱི་ལས་བཞིན་པའི་ལས་གྲྭ་ཡོད་ས་དང་མི་འབོར་འདུས་ཚད་ཆེ་བའི་ས་ཁོངས་སུ་ས་གཤིས་གནོད་འཚེའི་ཉེན་ཟོན་ཆ་འཕྲིན་བསྡུ་ལེན་དང་ཁྱབ་བསྒྲགས་བྱེད་མཁན་གྱི་ཆེད་དོན་མི་སྣ་བཀོད་སྒྲིག་བྱེད་དགོས།      

    དེ་རིང་གི་གནམ་གཤིས།

    微信图片_20250414070232.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་།  ལིའོ་ཉིང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་དབུས་ཤར་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆུང་ནས་ཁངས་འབྲིང་འམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ནང་སོག་གི་ཤར་ལྷོའི་རྒྱུད་དང་། ལིའོ་ཉིང་གི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆག་འབབ་པ། ནང་སོག་གི་ཤར་ལྷོའི་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ནུབ་རྒྱུད། ཞིན་ཅང་དབྱི་ལི་ཀླུང་རོང་། བོད་ལྗོངས་ཀྱི་ཤར་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད།  ཁྲོན་ནུབ་མཐོ་སྒང་གི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆུང་བ་ནས་འབྲིང་ཙམ་འབབ་པ་དང་། དེའི་ནང་། ནང་སོག་གི་ཤར་ལྷོའི་རྒྱུད་དང་། ལིའོ་ཉིང་གི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆེན་པོ་འབབ་རྒྱུ་རེད།   


མཉམ་སྤྱོད།