དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-15 09:03:02   |   361

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20250415090812.jpg

  • ས་གནས་དེ་གའི་ཟླ4པའི་ཚེས14ཉིན་གྱི་ཉིན་གུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་མངགས་གནམ་གྲུར་བསྡད་ནས་ཧོ་ནུའེ་རུ་འབྱོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་གི་གདན་ཞུས་ལྟར་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་།      

  • ཟླ4པའི་ཚེས14ཉིན། ཧོ་ནུའེ་རུ་འབྱོར་ནས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《མི་དམངས་ཚགས་པར》ཐོག་《བློ་སེམས་གཅིག་སྒྲིལ་གྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་ལེའུ་གསར་པ་མུ་མཐུད་དུ་འབྲི་བ》ཞེས་པའི་མིང་འགོད་རྩོམ་ཡིག་སྤེལ།    

444.jpg

  • ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་གུང་ཀྲུང་དབྱང་བཅའ་སྡོད་བྱ་ཡུལ་དུ་ཝེ་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་།

    666.jpg

  • ཟླ4པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་གུང་ཀྲུང་དབྱང་བཅའ་སྡོད་བྱ་ཡུལ་དུ་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་།

    555.jpg

  • ཟླ4པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་གུང་ཀྲུང་དབྱང་བཅའ་སྡོད་བྱ་ཡུལ་དུ་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་དང་མཇལ་འཛོམས་གནང་།      

  •  ད་ལོའི་དུས་ཚིགས་དང་པོའི་ནང་། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི10.3ཟིན་པ་དང། 1.3%འཕར་ནས་བརྟན་པོའི་ངང་མགོ་ཚུགས་པ་མངོན་འགྱུར་བྱུང་། 

  •  རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཚོགས་པས་ཚེས14ཉིན་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། བདེ་ཐང་ལུས་པོའི་ལྗིད་ཚད་དོ་དམ་སོགས་བྱ་སྤྱོད་གསུམ་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ནང་བཀོད།         

  •  ཚོང་དོན་པུ་སོགས་སྡེ་ཚན་དྲུག་གིས“ཀྲུང་གོ་ནས་ཉོ”ཞེས་པའི་མུ་འབྲེལ་བྱེད་སྒོ་སྤེལ་ནས་འཛད་སྤྱོད་ཀྱི་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་བཏང་།    

    སྤྱི་ཚོགས།

  •   ཀྲུང་གོ་དངོས་རྫས་བསྐྱར་སྐྱེས་མཐུན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལྟར་ན།  2024ལོར་རང་རྒྱལ་གྱི་བསྐྱར་སྤྱོད་ཐོན་ཁུངས་ཕྱིར་བསྡུ་བྱས་པའི་སྤྱི་འབོར་ཏུན་དུང་ཕྱུར4ལས་བརྒལ་ཡོད།    

  • ཚེས14ཉིན། མཚོ་དམག་འགྲེམ་སྟོན་ཁང་གིས་ཆེད་དོན་འགྲེམ་སྟོན་བྱེད་སྒོ3སྤེལ་བ་དང་། ད་ཐེངས་ཀྱི་འགྲེམ་སྤེལ་རྗེས་ཟླ་བ་གཉིས་ཀྱི་དུས་ཚོད་ནང་འཁོར་སྐྱོད་ཚོད་ལྟ་བྱ་རྒྱུ་རེད།    

    777.jpg

  • ཉེ་ཆར། ཧོ་ནན་ཞུས་ཁྲང་གི་དམའ་རིམ་སློབ་འབྲིང་གི་སློབ་མ་ཀྲུའུ་ཞོན་ཧྲུའོ་མཚེའུ་འགྲམ་དུ་རྒྱུགས་སྐབས། ལམ་བར་དུ་མ་བུ་གཉིས་སྟབས་མ་ལེགས་པར་ཆུའི་ནང་ལྷུང་བ་དང་འཕྲད། ཁོ་མཚོ་ནང་དུ་མཆོང་ནས་མ་བུ་གཉིས་ཀ་སྐྱོབ་ཐུབ་བྱས།    

    སྲིད་ཇུས།

  •  པེ་ཅིང་གིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས། པེ་ཅིང་ས་ཁུལ་གྱི་མཐོ་སློབ་སློབ་ཆེན་སློབ་མའི་ལས་གཏོད་ཚོགས་པར་གླ་ཡོན་མི་དགོས་པའི་ལས་ཡུལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན།    

    88.jpg

  • ཨན་ཧུའེ་ཡིས་བརྡ་ཐོ་དཔར་འགྲེམས་བྱས་ནས། རྒྱལ་ཁོངས་ཕྱིའི་གནས་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས་ཀྱི་ཆ་རྐྱེན་དང་མཐུན་པའི་གནས་སྐོར་ལས་དོན་ཁང་ལ་སྒོར་ཁྲི10ནས་ཁྲི50བར་སྐུལ་ལྕག་བྱེད་དགོས། 

    99.jpg

  • ཧོ་ནན་གྱིས་བརྡ་ཐོ་དཔར་འགྲེམས་བྱས་ནས། མི་སྒེར་གྱི་འཛད་སྤྱོད་པས་ཁང་པ་རྙིང་པ་མཛེས་བཟོ་བྱེད་པ་དང་ཆ་ཤས་བསྒྱུར་བཀོད་བྱེད་པར་ཉོ་སྒྲུབ་བྱས་པའི་དངོས་རྫས་དང་རྒྱུ་ཆ་ལ་ཁང་པ་རེ་རེར་ལ་མཐོ་ཤོས་སྒོར་ཁྲི2ཀྱི་ཁ་གསབ་སྤྲོད་རྒྱུ་རེད།    

    དེ་རིང་གི་གནམ་གཤིས།

    11.jpg

  • ཞིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དང་། ཅི་ལིན་གྱི་ཤར་རྒྱུད་དང་བྱང་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆུང་བ་ནས་ཁངས་འབྲིང་འམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧེ་ལུང་ཅང་གི་དབུས་རྒྱུད་དང་།  ཞིན་ཅང་གི་བྱང་རྒྱུད།  བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་མཐོ་སྒང་གི་ལྷོ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།   


མཉམ་སྤྱོད།