དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-16 08:43:33   |   333

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནུའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིང་ཆང་དང་མཉམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་འཛོམས་བྱེད་སྒོའི་འཐུས་མི་དང་མཇལ་འཛོམས་གནང་།     

  • ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་མཇུག་སྒྲིལ་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་གྱེས་བྱས།  

    微信图片_20250416094317.jpg

  • ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱི་ཕེབས་རོགས་འོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ཀྲི་མིང་གི་བང་སོ་ལ་མེ་ཏོག་ཕུལ།

  • ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནུའེ་ཀྲུའུ་ཞིའི་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིངའ་ཆང་དང་མཇལ་འཛོམས་གནང་།  

  • ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་མཇུག་སྒྲིལ།      

  • ཟླ4པའི་ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་མངགས་གནམ་གྲུར་བསྡད་ནས་ཅི་ལུང་ཕོ་རུ་འབྱོར་ཞིང་། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཤིན་གྱི་གདན་ཞུས་ལྟར་མ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་།      

  • ཟླ4པའི་ཚེས15ཉིན། ཅི་ལུང་ཕོ་རུ་འབྱོར་ནས་མ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི《ཞིན་ཀྲོའུ་ཉིན་རེའི་ཚགས་པར》དང《སྐར་མའི་ཚགས་པར》《ཉི་འོད་ཉིན་རེའི་ཚགས་པར》བཅས་ཀྱི་སྟེང《ཀྲུང་མའི་མཛའ་བརྩེའི་གྲུ་གཟིངས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དུ་འཇུག》ཅེས་པའི་མིང་བཀོད་རྩོམ་ཡིག་སྤེལ། 

  • ཟླ4པའི16ཉིན་དཔེ་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས8པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ》ཞེས་པ་སྤེལ་རྒྱུ་རེད།      

  • ཉིན་ཤས་གོང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་ཞིབ་བྱེད་མགོ་ཚུགས་ཤིང་།  ཁག་དང་པོ་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་ཏུ་བཅའ་སྡོད་བྱས་ཡོད།    

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་། ཧྲའན་ཞིའི་དབུས་ལྷོ་རྒྱུད་དང་། ཧྲན་ཞིའི་ལྷོ་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧྲན་ཏུང་གི་ནུབ་རྒྱུད། ཧོ་ནན། ཧུའུ་པེའི་ནུབ་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད་སོགས་ཀྱི་ས་ཁུལ་གྱི་དྲོད་ཚད30℃ཡན་ལ་སླེབས་རྒྱུ་རེད།      

  • རྒྱལ་ཁབ་སྦྲག་སྲིད་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོའི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར451.4ཡིན་པ་དང་དུས་མཚུངས་ལས21.6%འཕར་སྣོན་བྱུང་།      

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་སྟེ། ཟླ4པའི་ཚེས15ཉིན་ནས་བཟུང་། དུས་ཡུན་ཟླ་བ3རིང་གི“དྭངས་གསལ·བརྙན་ཐུང་མངའ་ཁོངས་ཀྱི་ཚོང་གཉེར་ཟང་ཟིང་བཅོས་སྐྱོང་བྱེད་པའི”ཆེད་དམིགས་བྱ་སྤྱོད་སྤེལ་རྒྱུ་རེད།      

  • རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས2024ལོ་ནས2025ལོ་བར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བའི་མི་སྒེར་ལ་གཅིག་སྡུད་གཟེངས་བསྟོད་བྱ་དགའ་སྤྲད་པ་དང་། རྒྱལ་ཡོངས་སུ་ཁྱོན་མང་ཚོགས90ལྷག་ཙམ་ལ་བྱ་དགའ་ཐོབ།  

    微信图片_20250416094327.png

  • ཉེ་ཆར། ཧྲན་ཏུང་ཧོ་ཙེ་རུ་མཐོང་དཀོན་པའི་སྡོང་རྐང་རྐྱང་པའི་གཞུང་རྟ་ཆ་གསུམ་ཅན་གྱི་གཉིས་སྐྱེས་ཤིང་པད་མ་མཐོང་།    

    སྲིད་ཇུས།

  • བཟོ་ལས་དང་ཆ་འཕྲིན་པུ་ཡིས་གཏན་འབེབས་བཟོས་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་སྟེ།《གློག་སྒུལ་མོ་ཊའི་སྒུལ་ཤུགས་གློག་རྫས་ཀྱི་བདེ་འཇགས་བླང་བྱ》(GB38031-2025)ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ7པའི་ཉིན1ནས་ལག་བསྟར་བྱེད་མགོ་བརྩམ་རྒྱུ་རེད།        

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གསལ་ཁྲ་དཔར་འགྲེམས་བྱས་པ་སྟེ། བྱེད་ཐབས་གཙོ་གནད37གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་།      

  • ཧུའུ་པེ་ཡིས་བྱེད་ཐབས་བཏོན་པ་སྟེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་ལ་ཁ་གཏད་ནས་ཚོང་ལས་ཀྱི་རིན་ཐང་ཡིད་རྟོན་དཔྱད་འཇོག་སྤེལ་བ་དང་།    དངུལ་ཁང་སྒྲིག་གཞིས་དཔྱད་འཇོག་རིམ་པར་གཞིགས་ནས་ཁེ་ལས་ཆུང་འབྲིང་ལ་ལོ་གསུམ(ཚུད་པ)ནང་ཚུན་གྱི་མཐོ་ཤོས་སྒོར་ཁྲི1000ཡི་ཡིད་རྟོན་དངུལ་བུན་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས།    

    དེ་རིང་གི་གནམ་གཤིས།  

微信图片_20250416094332.jpg

  • ཤིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དང་། ཤིན་ཅང་ལྷོ་མའི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཁངས་འབྲིང་འབབ་རྒྱུ་རེད། ཤིན་ཅང་གི་བྱང་རྒྱུད་དང་། ཀན་སུའུ་ཡི་ལྷོ་རྒྱུད། ནང་སོག་གི་ཤར་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་དང་། དེའི་ནང་། ཞིན་ཅང་དབྱི་ལི་ཀླུང་རོང་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།