དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-22 08:40:16   |   327

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ལི་སི·ཁེ་ལུའོ་ཐའེ·ཨའོ་ལི་ཅི·ཨེན་ཀུའེ་མར་གློག་འཕྲིན་བཏང་ནས། ཁོ་ག་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།

  • ཟླ4ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏན་ཉིར·ནུའོ་ཝོ་ཡར་གློག་འཕྲིན་བཏང་ནས། ཁོ་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་ཟླ་4ཚེས22ནས་ཚེས24ཉིན་བར། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་མཐོར་གཏོང་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི3.3ཟིན་པ་དང་། དུས་མཚུངས་ལས5.8%འཕར་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི606.3གསར་དུ་བཙུགས།

  • ཉེ་ཆར་ཀྲུང་དབྱང་དྲིལ་སྒྲོག་པུ་སོགས་སྡེ་ཚན་བཅུ་ཡིས《དུས་རབས་གསར་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་གི་ལག་བསྟར་རྩ་གནད》མཉམ་འབྲེལ་ཐོག་པར་འགྲེམས་བྱས།

  • ད་ལོའི་དུས་ཚིགས་དང་པོར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་བུན་སྒོར་དུང་ཕྱུར3691བཏང་བ་དང་། དུས་མཚུངས་ལས38%འཕར་ཡོད་ལ། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། རིག་ནུས་གྲོང་ཁྱེར། རིག་ནུས་ཟོག་འགྲེམས་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཡོད།

01.png

  • ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཡུང་ཤིང་དམག་གྲུ་དང་། ཤིས་ཧྲ་དམག་གྲུ་བྱང་རྒྱུད་མཚོ་ཁུག་མཚོ་ཁོངས་སུ་བསྐྱོད་དེ། ཝེ་ཐེ་ནམ་གྱི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས8004དང་གྲུ་གཟིངས་8003ལས་དམག་གྲུའི་དཔུང་རུ་གྲུབ་ནས་ལོ་འཁོར་འདིའི་བྱང་རྒྱུད་མཚོ་ཁུག་མཉམ་འབྲེལ་གྱི་སྐོར་གཡེང་ཐེངས་དང་པོ་བྱས།

སྤྱི་ཚོགས།

02.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ཅང་ཤིས་ཀྱི་ནུབ་རྒྱུད་དང་། ཧུའུ་ནན་གྱི་དབུས་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་ཉེན་ཆེ།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་ལོན་ཚད98.3%ཡིན་པ་དང་། ན་ནིང་གི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས0.3མཐོ་རུ་ཕྱིན་ཡོད།

  • ཚེས21ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་དཔེ་8ཁྱབ་བསྒྲགས་བྱས་པ་དང་། སྐྱེ་དངོས་གསོ་རིག་དང་། AIལག་རྩལ། དྲ་རྒྱའི་རོལ་རྩེད་སོགས་ལས་རིགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

  • མིག་སྔར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་དང་གཉེར་བཞིན་པའི་འཕྲོད་སྦྱོར་བཟའ་བཅའ་ཐོན་སྐྱེད་ཁེ་ལས་མ་ལག་གི་ཞིབ་བཤེར་ཐེངས་དང་པོ་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་རྩིས་བྱས་ན་མ་ལག་གི་ཞིབ་བཤེར་ཐེངས2520བྱས་པ་དང་། ཁྱབ་ཚད140%ལ་ཐོན་ཡོད།

  • ཚེས21ཉིན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ལི་ཅི་ཕིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཅི་ཕིང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

  • ཚེས21ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་བསྒྲགས་སྤེལ་ནས། གི་ཝང(牛黄)ནང་འདྲེན་བྱས་ནས་ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་བྱེད་པར་སྤྱོད་ཆོག་པ་ཁྱབ་བསྒྲགས་བྱས།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁ་ལོ་བའི་རམ་འདེགས་དྲིལ་སྒྲོག་དང་བེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོའི་ཡི་གེ་ཁྱབ་བསྒྲགས་བྱས།

  • ཀྲུང་གོའི་པར་དབང་སྲུང་སྐྱོང་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2024ལོའི་རྒྱལ་ཡོངས་ཀྱི་རྩིས་འཁོར་མཉེན་ཆས་པར་དབང་ཐོ་འགོད་བྱེད་ཚད་སྡོམ་པས་ཁྲི282.7ཟིན་པ་དང་། ལོ་འཁོར་གོང་མ་དང་བསྡུར་ན་ཁྲི33འཕར་ཡོད་ལ། དུས་མཚུངས་ལས་13%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

03.jpg

  • ཚེས21ཉིན། རྒྱལ་ཡོངས་ཀྱི་ཀྲུང་གོ་དང་ཡོ་རོབ་ཀྱི་ལྕགས་ལམ་དང་མཁའ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ཐོག་མ་ཝུའུ་ལུའུ་མུའུ་ཆིར་(乌鲁木齐)འབྱོར་ནས། དེ་གར་ལྕགས་ལམ་ནས་མཁའ་འགྲུལ་སྐྱེལ་འདྲེན་དུ་སྒྱུར་ཏེ་ཡོ་རོབ་ཏུ་འགྲོ་རྒྱུ་རེད།

1745282692309.jpg

  • ཉེ་ཆར། ཧོ་པེ་ཆིན་ཧོང་ཏའོ་ཁྲིན་ཆིན་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོའི་ཉེ་འགྲམ་དུ། བུད་མེད་ཅིག་གློ་བུར་དུ་སྙིང་ནད་འཕར་ནས་འགྱེལ་བ་དང་། སྨི80མཚམས་ན་ཡོད་པའི་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པ་མིའོ་ཡུས་ཀྱིས་དེ་ཤེས་ནས་འཕྲལ་མར་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཡོང་བ་དང་འབྲེལ་བུད་མེད་དུས་ཐོག་ཏུ་སྨན་བཅོས་བྱེད་པར་བསྐྱལ།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་སྒྲིག་གཞིས་ཕྲུ་གུ་མ་སྐྱེས་གོང་གི་ཚགས་བཤེར་བྱེད་པར་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས་པ་དང་། ལས་གཉེར་མི་སྣས་ངེས་པར་དུ་ཆེད་ལས་དཔྱད་ཞིབ་བྱས་པ་བརྒྱུད་དེའི་མཚུངས་ཀྱི་འོས་ཐོབ་ལག་ཁྱེར་ལེན་དགོས། ཐོབ་ཐང་མེད་པའི་སྒྲིག་གཞི་དང་མི་སྣས་འབྲེལ་ཡོད་ཞབས་ཞུ་སྤེལ་མི་ཆོག་པ་གསལ་བོར་བསྟན།

  • ཀན་སུའུ་ཡིས་བརྡ་ཐོ་བཏང་ནས་སྤུས་ཞན་ཤ་རིགས་ཀྱི་ཐོན་རྫས་དང་དེ་བཞིན་གྲོང་གསེབ་ཀྱི་རྫུས་ལྷད་ཞན་གསུམ་གྱི་བཟའ་བཅའི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱེད་རྒྱུ་དང་། ཁུངས་སྣེ་ངོ་མ་ཡིན་པ་མ་ཟད་གྱོད་ཐག་བཅད་པ་ཡིན་ན་སྒོར་ཁྲི50ལས་མི་བརྒལ་བའི་བྱ་དགའ་སྟེར་རྒྱུ་རེད།

  • ཧེ་ལུང་ཅང་གིས་ཡིག་ཆ་བཀྲམ་ནས་ཚན་པ་དང་མི་སྒེར་རྩ་འཛུགས་གང་རུང་གིས་ཞིང་ཆེན་སློབ་གསོ་ཐིང་གི་འོས་སྦྱོར་དཀར་ཆག་ཕུད་པའི་སློབ་ཁྲིད་ཟུར་ཁྲིད་དཔྱད་གཞི་བསྡུ་བ་དང་བེད་སྤྱོད་བྱེད་པའམ་ཡང་ན་ཚབ་ཉོ་བྱེད་མི་ཆོག་པ་དང་། “ཁ་གསབ་སྦྱོང་བརྡར”དང“སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་གསོའི་རམ་འདེགས་”སོགས་ཀྱི་མིང་ཐོག་ནས་དཀར་ཆག་ཕྱིའི་ཟུར་ཁྲིད་རྣམ་པ་བསྒྱུར་ནས་ཁ་སྣོན་བྱས་མི་ཆོག་པ་བསྟན་ཡོད།

དེ་རིང་གི་གནམ་གཤིས།

04.png

  • ཤིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ནང་སོག་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅི་ལིན་གྱི་དབུས་རྒྱུད་དང་། ཅང་ཧོའེ་ཤར་རྒྱུད། ཅང་ནན་གྱི་ས་ཆ་མང་ཆེ་བ་དང་། དེ་བཞིན་ཁྲུང་ཆིང་གི་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཀོང་ཤིས་ཀྱི་བྱང་རྒྱུད། ཧྥུའུ་ཅན་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་།  དེའི་ནང་། ཧུའུ་ནན་གྱི་དབུས་རྒྱུད་དང་། ཅང་ཤིས་ཀྱི་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།