དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-21 09:18:31   |   341

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གྲོང་གསེབ་གཞི་རིམ་ལས་བྱེད་པས་སྤྱོད་གཙང་ངང་འགན་འཁྲི་སྒྲུབ་པའི་གཏན་འབེབས》དཔར་འགྲེམ་བྱས། 

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། དཔྱིད་འདེབས་ཀྱི་དོ་དམ་འཕེལ་རིམ་བདེ་བླག་བྱུང་བ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་མགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་མཐོ་རིམ་ཅན་གྱི་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད་ཅིང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་སོ་སོར་དུས་མཚུངས་ལས12.1%དང9.7%འཕར་ཡོད་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་གསུམ་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར34.3ཡིན་པ་དེ་དུས་མཚུངས་ལས14.6%འཕར་ཡོད། 

  • ལྷ་གྲུ་རྟགས་ཅན་ཉི་ཤུ་པའི་གྲུ་མདའ་སྡེབ་སྒྲིག་གཟུགས་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་ནས་ཉེ་ཆར་གོ་སྐབས་བདམས་ནས་འཕེན་གཏོང་བྱེད་རྩིས་ཡོད་ཅིང་། ཚེས20ཉིན་འཕེན་གཏོང་ཁུལ་གྱིས་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་མ་ལག་ཡོངས་ཀྱི་མཉམ་སྦྱོང་བྱས་པ་རེད། 

4b0743acc1316065d52f7f1b31dafea.jpg

  • ཚེས20ཉིན། རང་རྒྱལ་གྱིས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་འགྲུལ་ལ་འཚམ་པའི་སྒྲིག་སྲོལ་གཞིར་བཟུང་རང་བརྟེན་ཞིབ་བཟོ་བྱས་པའིAG600གནམ་གྲུར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའི་བཟོ་དབྱིབས་ཚད་ལོན་ལག་ཁྱེར་ཐོག་མར་ཐོབ་པ་རེད། 

  • ཚེས20ཉིན་ཧྥི་ལི་ཕིན་གྱི་སྲུང་སྐྱེལ་དམག་གྲུ་ཨང36པ་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་ཁྲིམས་འགལ་ངང་བཙན་འཛུལ་བྱས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་རྩ་འཛུགས་ཀྱི་དམག་ཤུགས་ཀྱིས་ཁྲིམས་ལྟར་རྗེས་སྙེག་ལྟ་ཞིབ་དང་ཕྱིར་འབུད་བྱེད་པའི་ཐ་ཚིག་བསྒྲགས་པ་རེད། 

  • ཨ་རིའི་ས་གནས་མང་པོར་ཚེས19ཉིན་རྒོལ་གཏམ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། རྒྱལ་ས་ཝ་ཧྲིང་ཐོན་དང་ཉིའུ་ཡུའེ། ཅིའུ་ཅིན་ཧྲན་སོགས་གྲོང་ཁྱེར་གྱི་མང་ཚོགས་ཁྲོམ་གཞུང་དུ་བསྐྱོད་དེ། ད་ལྟ་སྲིད་གཞུང་གིས་གཞི་ཁྱོན་ཆེ་བའི་ལས་མི་ཉུང་འཕྲི་དང་སྒོ་ཁྲལ་སྤོར་བ། གནས་སྤོས་ཡུལ་མི་མཐར་སྐྲོད་གཏོང་བ་སོགས་ཀྱི་སྲིད་ཇུས་ལ་རྒོལ་གཏམ་བཏང་བ་རེད། 

2e550b15bf207f2df9969ccf496d90f.jpg

  • ཚེས20ཉིན། སུན་དབྱིང་ཧྲ་ཡིས་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་འཛམ་གླིང་བུམ་པའི་ཨང་དང་པོ་བླངས་པ་རེད། 

    སྤྱི་ཚོགས།

bcd90ab9ed9c95e723a51aef19372ea.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ནང་སོག་གི་དབུས་ནུབ་རྒྱུད་དང་། ཤིན་ཅང་ལྷོ་རྒྱུད་དང་ཤར་རྒྱུད། ཀན་སུའུ། ཉིང་ཞ། ཧྲའན་ཞིའི་དབུས་བྱང་རྒྱུད། ཧྲན་ཞི། ཧོ་པེའི་ནུབ་རྒྱུད། པེ་ཅིང་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་བྱེ་རླུང་འཚུབ་པའམ་ཐལ་རྡུལ་གྱི་གནམ་གཤིས་ཡོད་པ་རེད། 

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉེ་ཆར་དབྱི་རུའོ་ཆི(依若奇)རྐྱང་འགོག་སྨན་ཁབ་ཁྲོམ་རར་འདོན་རྒྱུའི་ཆོག་མཆན་སྤྲད་པ་དེ། ནག་ཐིག་འབྲིང་ཙམ་ནས་ཚབས་ཆེན་བར་གྱི་དངུལ་སྙིགས་ནད་ཕོག་པའི་ནད་པ་དར་མར་སྨན་བཅོས་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། 

a4a36e20291d083ae4c4d11def4ab56.jpg                                          

  • ས་གནས་དེ་གའི་དུས་ཚོད་ཀྱི་ཚེས19ཉིན། སྣུམ་སྐྱེལ—20ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་མཁའ་དམག་གིས་ཨེ་ཅིབ་མཁའ་དམག་གི་རྟེན་གཞི་ཞིག་ཏུ་རྩ་འཛུགས་བྱས་པའི་མིང་ལ“ཤེས་དཔལ་གྱི་གླག་རྒོད—2025”ཞེས་པའི་མཁའ་དམག་མཉམ་འབྲེལ་སྦྱོང་བརྡར་དུ་སྤྱད་པ་རེད། 

  • ལོ5རིང་འཛུགས་སྐྲུན་བྱས་པ་བརྒྱུད། རིང་ཚད་ཧྲིལ་པོར་སྤྱི་ལེ16.3ཙམ་ཡོད་པའི་པེ་ཅིང་ཤར་རྒྱུད་ཀྱི་སྐོར་ལམ་དྲུག་པའི་སྒྱུར་བཀོད་ལས་གྲྭ་ཚེས20ཉིན་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད། 

  • ཉེ་ཆར་འགྲུལ་པ་ཞིག་ཧྲེན་ཀྲེན་བྱང་འབབ་ཚུགས་སུ་རྐང་པ་བསྲིངས་ནས་མྱུར་བགྲོད་ལྕགས་ལམ་གྱི་སྒོ་རྒྱག་པ་བཀག་འགོག་བྱས་པས། ཧྲེན་ཀྲེན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་སྲིད་འཛིན་བཀག་ཉར་བྱས་པ་རེད། 

  • ཚེས18ཉིན། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཀུའོ་ཅིང་ཅིང་པེ་ཅིང་ཅིང་ཧྲན་སློབ་གྲྭའི་ལུས་རྩལ་སློབ་སྤྱིར་གདན་ཞུ་བྱས་པ་རེད། 

  • ཚེས20ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་ཐོན་སྐྱེད་བྱས་པའི་ཀྲའོ་ཝ16.2ཀྱི་སྐམ་སའི་ཐོག་གི་འཕྲུལ་རྐྱང་ཤོང་ཚད་ཆེས་ཆེ་ཤོས་ཀྱི་གློག་གཏོང་འཕྲུལ་ཚན་ཐོག་མ་དེ་བདེ་བླག་ངང་སྒྲིག་སྦྱོར་བྱས། 

7f3e909a7b19c8c2d6fcc667c2618ca.jpg

  • ཚེས20ཉིན། ཁྲུང་ཆིང་ནས་བཏང་བའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་གཏན་འཁེལ་བྱས་ནས་འཁོར་སྐྱོད་བྱས་ཏེ། སྔོན་དཔག་བྱས་ན་ཉིན12ཙམ་ལ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་འབྱོར་རྒྱུ་རེད། 

  • ཚེས22ཉིན། ཐེན་ཆིན་གྱི་སྐར་མདའི་ཆར་པ་འབབ་རྒྱུ་ཡིན་པས་གནམ་དཔྱད་ལ་དགའ་པོ་བྱེད་མཁན་ཚོས་ཚེས22ཉིན་གྱི་དགོང་མོ་ནས་ཚེས23ཉིན་གྱི་ཐོ་རེངས་བར་ཚོད་ལྟ་དང་ལྟ་ཞིབ་ཚད་ལེན་བྱེད་ཆོག་གི་ཡོད། 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ཁྱབ་བསྒྲགས་བྱས་པ་དང་། ཚན་རྩལ་དང་ལྗང་མདོག་ཐཱན་ཉུང་སོགས་གཙོ་གནད་ལས་རིགས་ཀྱི་ཚུལ་མིན་དངུལ་བུན་ཁ་གསབ་ཚད་གཞི་མེད་པ་བཟོས་ཤིང་། ཁ་གསབ་བསྡུར་ཚད55%བར་མཐོ་རུ་བཏང་བ་དང་། དངུལ་བུན་གཏོང་ཐེངས་དང་པོ་སླར་ཡང5%མཐོ་རུ་བཏང་ཡོད། 

  • ཀྲེ་ཅང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། ལོ་རེར་གྲོང་ཁྱེར་རིམ་པའི་རྩིས་རྒྱག་འཛིན་ཤོག་སྒོར་དུང་ཕྱུར2.5བཙུགས་ནས། རིག་ནུས་རྩིས་རྒྱག་ཞབས་ཞུ་དང་དཔེ་དབྱིབས་ཞབས་ཞུ་ཉོ་སྒྲུབ་བྱེད་མཁན་ཁེ་ལས་ལ་གན་རྒྱ་དངོས་སུ་ཐོན་པའི་དངུལ་གྲངས་ཀྱི30%ལས་མི་བརྒལ་བར་ཁ་གསབ་སྤྲོད་རྩིས་ཡོད་པ་རེད། 

  • ཀོང་ཏུང་གིས་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཁག་ལ་སྨན་བཅོས་སྒྲིག་གཞི་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལྟ་སྐྱོང་ཞབས་ཞུའི་ཚོད་ལྟའི་ལས་དོན་སྤེལ་བླང་བྱ་བཏོན་བ་དང། ཀོང་ཀྲོའུ་དང་ཧྲེན་ཀྲེན། ཧྲན་ཐོའུ་སོགས་གྲོང་ཁྱེར8ཞིང་ཆེན་རིམ་པའི་ཁག་དང་པོའི་ཚོད་ལྟའི་ས་ཁུལ་དུ་གཏན་འཁེལ་བྱས། 

    དེ་རིང་གི་གནམ་གཤིས།

d0bb9a98aa5d8b970645ec755daa203.jpg

  • ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་། ནང་སོག་གི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཧྭ་བྱང་གི་ཤར་རྒྱུད། ཧོ་ནན་གྱི་ཤར་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། ཅང་སུའུ་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཧུའུ་ནན་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་དབུས་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།