དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-18 09:44:08   |   317

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ་པའི4ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་།  

    微信图片_20250418095113.jpg

  • ས་གནས་དེ་གའི་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་མངགས་གནམ་གྲུར་བསྡད་ནས་ཅིན་ཕེན་དུ་འབྱོར་ཞིང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་ཡི་གདན་ཞུས་ལྟར་ཁམ་ཕུ་ཁྲེ་ལ་རྒྱལ་དོན་འཚམས་འདྲི་གནང་།  

    微信图片_20250418095030.jpg

  •  ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཅིན་ཕེན་གྱི་རྒྱལ་པོའི་ཕོ་བྲང་དུ་མཇལ་འཛོམས་གནང་།    

    微信图片_20250418095036.jpg

  • ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་བཅས་ཅིན་ཕེན་ཞི་བདེའི་ཐོག་ཁང་ཆེན་མོར་མཇལ་འཛོམས་གནང་།    

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་ཁེན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝེར་ལན་ལུའུ་ཐུའོ་ཡིས་ཟླ4པའི་ཚེས22ཉིན་ནས26ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ད་ལོའི་དུས་ཚིགས་དང་པོའི་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྡོམ་འབོར་སྒོར་དུང་ཕྱུར་ཁྲི12.5ཡིན་པ་དང་། དུས་མཚུངས་ལས4.6%འཕར་སྣོན་བྱུང་། ཁྲོམ་རའི་ཕྱིར་འཚོང་རྒྱུན་མཐུད་འཕར་སྣོན་བྱས།      

  • ཟླ4པའི་ཚེས16ཉིན། ཀྲུང་དབྱང་སྐབས་ཉི་ཤུ་པའི་རེས་སྐོར་ལྔ་པའི་སྐོར་ཞིབ་བཅའ་སྡོད་བྱས་ཚར།   

    སྤྱི་ཚོགས།

  • ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར10.74སྐྱེལ་བ་དང་། དེས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།      

  • ཚེས17ཉིན་གྱི་དུས་ཚོད24ནས་བཟུང་། རྒྱལ་ནང་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར480དང་སྒོར465སོ་སོར་ཆག་ཡོད།      

  •  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་སློབ་གསོ་ཚན་རྩལ་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཞའོ་ཝེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པ་དང་། མིག་སྔར་། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།      

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར་ལྟར་ན། མིག་སྔར་རང་རྒྱལ་གྱིAརིམ་པའི་ཟོག་འགྲེམས་ཁེ་ལས་ཁྲི་གཅིག་ལས་བརྒལ་བ་དང5Aརིམ་པའི་ཟོག་འགྲེམས་ཁེ་ལས520ཙམ་ཡོད།   

    微信图片_20250418095043.jpg

  • ཚེས17ཉིན། གོ་ལ་ཧྲིལ་པོའི་ཏུན་ཁྲི15ཅན་གྱི་གསོ་སྤེལ་བཟོ་ལས་གྲུ་གཟིངས་ཆེ་གྲས་ཐོག་མ་སྟེ། “གོ་ཤིན་ཨང1པོ2-1”ཧྲན་ཏུང་ཆིང་ཏའོ་རུ་རྩིས་སྤྲོད་བྱས་ཏེ་འཁོར་སྐྱོད་བྱས།

    སྲིད་ཇུས།

  •  ཨན་ཧུའེ་ཡིས་མཐོ་སློབ་ཀྱི་ཚན་རྩལ་མི་སྣས་ཨན་ཧུའེ་རུ་ལས་འགན་གཅིག་ལྕོགས་འཁུར་བ་འམ་ཡང་ན་ལས་བྲལ་ལས་གཏོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་བྲལ་ལས་གཏོད་བྱེད་པར་དུས་ཡུན་རིང་ཤོས་ལོ6འགོར་ཆོག་པ་དང་། ལས་འགན་གཅིག་ལྕོགས་སམ་ཡང་ན་ལས་གཏོད་བྱས་འབྲས་གོ་མིང་གི་དཔྱད་ཞིབ་གཞི་འཛིན་དུ་བརྩི་ཆོག 

  • ཧུའུ་པེ་ཡིས་ཆ་རྐྱེན་དང་མཐུན་པའི་ངལ་རྩོལ་པ་ལས་ཞུགས་ཀྱི་རྩལ་ནུས་གསོ་སྦྱོང་ནང་ཞུགས་ནས་གཏན་འབེབས་དང་མཐུན་པའི་ལག་ཁྱེར་ཐོབ་ཚེ། གཏན་འབེབས་ལྟར་གསོ་སྦྱོང་ཁ་གསབ་སྤྲོད་ཆོག་པ་དང་ཚད་གཞི་ནི་མི་རེར་སྒོར200ནས་མི་རེར་སྒོར5000བར་ཡིན་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

    微信图片_20250418095048.jpg

  • ནང་སོག་གི་དབུས་རྒྱུད་དང་ནུབ་རྒྱུད། བྱང་ཤར་གྱི་ས་ཁུལ་མང་ཆེ་བ། ཤིན་ཅང་གི་བྱང་རྒྱུད། ཧྭ་བྱང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་དབུས་བྱང་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆུང་བ་ནས་འབྲིང་ཙམ་འབབ་པ། དེའི་ནང་། ཧུའུ་ནན་གྱི་ནུབ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ཤར་ལྷོ་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆེན་འབབ་རྒྱུ་རེད།   


མཉམ་སྤྱོད།