དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-24 08:47:00   |   279

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ4ཚེས23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་གྲོས་མོལ་གནང་བ་དང་། གྲོས་མོལ་མ་གནང་བའི་གོང་ལ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཨ་ལི་ཡེ་ཕུའུ་དང་སྐུ་ཟླ་ཨ་ལི་ཡེ་ཝར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ།

  • ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་ནས་སྲ་ཞིང་བརྟན་པའི་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། རང་རེའི་མི་དམངས་ལ་དགའ་ཞེན་དང་རང་རེའི་དམག་ལ་དགའ་ཞེན་ཡོད་པའི་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་དུ་མཉམ་དུ་རྩོམ་དགོས་པ་ནན་གྱིས་བསྟན།

  • ཟླ4ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་དང་གཞུང་དྲང་ཕྱོགས་སྒྱུར་མགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་ལ་ཤིས་ཚིག་གསུང་པ་རེད།

02.jpg

  • ཧྲིན་ཀྲོའུ་ཨང་ཉི་ཤུ་པའི་མི་སྡོད་འཕུར་གྲུ་ཚེས24ཉིན་གྱི་ཆུ་ཚོད17དང་སྐར་མ17ཐོག་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་།  འཇིག་རྟེན་འཕུར་སྐྱོད་པའི་ཚན་སྐོར་ནི་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ལས་གྲུབ་ཡོད། ཧྲིན་ཀྲོའུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་སྐོར་ཚེས29ཉིན་ཏུང་ཧྥེང་འབབ་ཐང་དུ་ཕྱིར་ལོག་བྱ་རྒྱུའི་འཆར་གཞི་ཡོད།

  • མིག་སྔར། རང་རྒྱལ་གྱི་མི་སྡོད་ཟླ་བའི་གོ་ལར་འགྲོ་བའི་ལས་འགན་ཁག་གི་ཞིབ་བཟོའི་ལས་དོན་སྤྱིའི་ཆ་ནས་འཕེལ་རིམ་བདེ་བླག་བྱུང་ཡོད་པ་དང་། ཕུགས་འདུན་གྲུ་གཟིངས་ཀྱི་འཕུར་གྲུ་མཐོ་ཚད་མེད་པའི་འགྲོ་འོང་དང་ཟླ་བའི་འབབ་ཆས་ཕྱོགས་བསྡུས་ཀྱིས་སྐམ་སར་འབབ་པའི་ར་སྤྲོད་སོགས་ཀྱི་ཚོད་ལྟ་སྔ་རྗེས་སུ་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་རེད།

  • རིག་གནས་གནས་སྐོར་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར། རྒྱལ་ནང་གི་གནས་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར17.94ཟིན་པ་དང་། དུས་མཚུངས་ལས་26.4%འཕར་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སློབ་ར་དང་འབྲེལ་བའི་དོ་དམ་དམངས་དོན་རྩོད་གཞིའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་པ་དང་། སློབ་རའི་སྲུང་སྐྱོང་དང་། སློབ་གསོ་དང་ཆད་གཅོད་བསླབ་འདོམས། ཁྱིམ་བདག་གིས་མཐའ་མཚམས་ལ་ལྟ་སྐུལ་བྱེད་པ་སོགས་དང་འབྲེལ་བ་ཡོད་པ་རེད།

03.jpg

  • མི་དམངས་མཚོ་དམག་བཙུགས་ནས་ལོ་འཁོར76འགོར་བའི་སྐབས་སུ་ཧའེ་ནན་དམག་གྲུ་དང་། ཞི་ཨན་དམག་གྲུ། དབྱི་མོང་ཧྲན་དམག་གྲུ་སོགས་དངོས་ཞབས་དམག་གྲུ30ལྷག་ཙམ་མང་ཚོགས་ལ་སྒོ་འབྱེད་བྱས་ཡོད།

  • ཚེས23ཉིན། ཧྥུའུ་ཅན་གྱི་མཚོ་ཐོག་ཉེན་རྟོག་ཅིན་མོན་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་ཁྲིམས་བསྟར་སྐོར་ཞིབ་བྱས།

  • ཁྲོམ་ཕུས་ཨ་རིས་ཀྲུང་གོར་སྒོ་ཁྲལ་ལེན་པ་ཆེས་ཆེར་མར་ཆག་རྒྱུ་ཡིན་ཞེས་བཤད་པར། རང་རེའི་ཕྱི་འབྲེལ་པུས་གལ་ཏེ་ཨ་རི་ཕྱོགས་ཀྱིས་གྲོས་མོལ་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་འདོད་ན། འཇིགས་སྐུལ་དང་གཡོ་རྒྱུ་མཚམས་བཞག་ནས། འདྲ་མཉམ་དང་། བརྩི་འཇོག  གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོའི་ཕྱོགས་དང་གླེང་མོལ་བྱེད་དགོས་ཞེས་ལན་བཏབ་པ་རེད།

  • ཨ་རིའི་རླངས་འཁོར་ལས་རིགས་རྩ་འཛུགས་ཆེ་གྲས་དྲུག་གིས་མཉམ་འབྲེལ་ཐོག་རླངས་འཁོར་ལྷུ་ལག་གི་སྒོ་ཁྲལ་འཕར་བར་ངོ་རྒོལ་བྱས་པ་རེད།

སྤྱི་ཚོགས།

  • སྐྱེ་ཁམས་ཁོར་ཡུག་པུས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་དང་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།

  • 2024ལོར་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་སྤྱོད་མཁན་དུང་ཕྱུར6.7ཟིན་པ་དང་། གྲངས་འཛིན་དཔེ་ཀློག་བརྩམས་ཆོས་སྡོམ་འབོར་ཁྲི6307.26ཙམ་ཡོད་པ་རེད།

  • ཁྲུང་ཆིང་གྲོང་ཨུའི་དེ་སྔའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་ལུའུ་ཁེ་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་གཞོན་པ་ཀྲའོ་ཅིན་ཡུན་གྱི་གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པས་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཞའོ་ལེན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་སྒྲིག་ཁོངས་ནས་ཕུད་པ་རེད།

  • ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་མགོ་འཛིན་གཞོན་པ་ཀྲང་ཀེང་ཧྲེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་ནས་ཕུད་པ་རེད།

04.jpg

  • 2025ལོའི་ཧྲང་ཧའེ་ཡི་རླངས་འཁོར་འགྲེམས་སྟོན་ཚེས23ཉིན་མགོ་བརྩམས་པ་དང་། རླངས་འཁོར1300ཙམ་འགྲེམས་སྟོན་ནང་ཞུགས་ནས་གཞི་ཁྱོན་ལོ་རྒྱུས་ཀྱི་མཐོ་ཤོས་ལ་ཐོན་པ་དང་། ཐོག་མར་ཐོན་པའི་རླངས་འཁོར་གསར་པ་བརྒྱ་ལྷག་ཙམ་ཐོན་ཡོད།

  • ཞིན་ཅང་ཧ་སྨི་ནས་གསེར་གྱི་གཏེར་ཁུངས་འབྲིང་གྲས་ཤིག་གསར་རྙེད་བྱུང་པ་དང་། གསོག་ཚད་ཏུན5.8ཟིན་ཡོད།

  • ཝང་ལི་ཆིན་ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཀའོ་ཡོན་དབྱི་དང་མ་ལུང་ཀྲུའུ་ཞི་གཞོན་པར་བདམས།

  • ཀྲུང་གོ་མིག་མངས་མཐུན་ཚོགས་ཀྱིས་རུ་ཁག་སྒྲིག་འཛུགས་ད་ལོའི་LGབུམ་པའི་འཛམ་གླིང་མིག་མངས་རྒྱལ་པོའི་འགྲན་བསྡུར་ནང་མི་ཞུགས་པ་ཐག་གཅོད་བྱས་པ་རེད།

05.jpg

  • ཚེས23ཉིན། དོམ་ཁྲ“ཧོ་ཧྥེང”དང“ལན་ཡུན་”གནམ་གྲུར་བསྡད་དེ་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནར་འབྱོར་ནས། དུས་ཡུན་ལོ་བཅུའི་རིང་ཡུལ་སྐོར་འཚོ་བ་སྐྱེལ་མགོ་བརྩམས།

1745452688057.png

  • ཉེ་ཆར། འབར་མའི་ཏང་དབྱང་དང་མོང་ཤིའུ་སོགས་སུ་རྒྱལ་མཚམས་བརྒལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུ་མགོ་སྐོར་བྱེད་མཁན་རྒྱལ་ཁོངས་ཀྲུང་གོ་ཡིན་པའི་ཉེས་གསོག་དོགས་ཅན་920ལྷག་རང་ཕྱོགས་ལ་རྩིས་སྤྲད་པ་རེད།

སྲིད་ཇུས།

  • གསར་དུ་བཟོ་བཅོས་བརྒྱབ་པའི《པེ་ཅིང་གྲོང་ཁྱེར་གྱི་མེ་ཟོན་སྲོལ་ཡིག》དེ་ཟླ5ཚེས1ཉིན་ལག་བསྟར་བྱ་རྒྱུ་ཡིན་པ་དང་། མི་སྒེར་གྱིས་སྤྱི་པའི་ཐེམ་སྐས་སུ་དངོས་པོ་སྤུངས་མི་ཆོག་པ་དང་། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཀག་མི་ཆོག་པ་ཁ་གསལ་བཏོན་ཡོད།

  • ཀྲེ་ཅང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ལག་བསྟར་བསམ་འཆར་བཏོན་ནས་སྤྱི་པའི་དཔེ་མཛོད་ཁང་གིས་ཁྲོམ་གཞུང་དུ་རིག་ལྡན་དཔེ་ཁང་སོགས་དཔེ་ཀློག་ཞབས་ཞུའི་སྒྲིག་བཀོད་འཛུགས་རྒྱུར་སྐུལ་ལྕག་བཏང་བ་རེད།

  • ཧུའུ་ནན་གྱིས་ལྟ་སྐུལ་ཞིབ་བཤེར་དང་སྐུལ་ལྕག་བྱེད་ཐབས་གསར་པ་བཏོན་ནས་ཚོགས་འདུ་དང་ཡིག་ཆ་གཏོང་བ། རྗེས་ཤུལ་བཞག་ནས་མིང་འགོད་བྱེད་པ་དེ་གདེང་འཇོག་དམིགས་ཚད་དུ་རྩིས་མི་ཆོག་པའི་གཏན་ཁེལ་བྱས།

དེ་རིང་གི་གནམ་གཤིས།

06.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་། ཅང་ནན་གྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་གི་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་། ཀོང་ཤིས་ཀྱི་ཤར་རྒྱུད་དང་། ཀོང་ཏུང་གི་དབུས་བྱང་རྒྱུད། ཧྥུའུ་ཅན་གྱི་ལྷོ་ནུབ་རྒྱུད་དང་དབུས་རྒྱུད། ཅང་ནན་གྱི་ལྷོ་རྒྱུད། ཧུའུ་ནན་གྱི་ཤར་ལྷོའི་རྒྱུད་བཅས་དང་། དེ་བཞིན་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།