དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-29 09:28:43   |   210

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

微信图片_20250429082352.jpg

  • ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་སྙན་ཞུ་གསར་ཤོས་ལས་མངོན་པར། 2024ལོར་རང་རྒྱལ་གྱི་ཆིང་ནུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་འཛད་སྤྱོད་གཞི་ཁྱོན་ཏུན་ཁྲི3650ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཀྱི་འགག་སྒོར་ཉིན་རེར་ཆ་སྙོམས་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི215ཟིན་རྒྱུ་ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས་27%འཕར་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་མཁར་གྲོང་དུ་མི་ཁྲི308གསར་དུ་ལས་ཞུགས་ཐུབ་པ་དང་། དེ་དུས་མཚུངས་ལས་མི་ཁྲི5མང་དུ་ཕྱིན་ནས་དུས་རིམ་གྱི་འཕེལ་རིམ་ལས་མགྱོགས་པ་ཡོད།

  • ནོར་སྲིད་པུས་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར3.76བཏང་ནས་ཧྲན་ཞི་དང་། ཅང་སུའུ། ཨན་ཧུའེ། ཧོ་ནན། ཀོང་ཞི། ཧྲའན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གིས་ཐན་འགོག་གེགས་སེལ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཡུན་རིང་ཨང་དཀྲུག་བྱས་པའི་ཁྱིམ་ཚང་དང་རླངས་འཁོར་མེད་པའི་ཁྱིམ་ཚང་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ། ཉོ་སྒྲུབ་ཚོད་འཛིན་བྱེད་པའི་གྲོང་ཁྱེར་གྱིས་རླངས་འཁོར་ཉོ་བའི་དམིགས་ཚད་དམིགས་འཛུགས་འཕར་འགྲེམ་བྱ་རྒྱུར་མཛུབ་སྟོན་བྱ་རྒྱུ་ཡིན་པ་བསྟན།

  • རྒྱལ་ཁབ་གྲངས་གཞི་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོའི་བར་རང་རྒྱལ་གྱི“ཤར་གྲངས་ནུབ་རྩིས”ཀྱི་ལྟེ་བའི་ལྷུ་ཚིགས་ཆེ་གྲས་བརྒྱད་ཀྱི་རིག་ནུས་རྩིས་རྒྱག་གཞི་ཁྱོན་བརྒྱ་ཆ་བརྒྱད་ལས་བརྒལ་ཡོད་པ་རེད།

  • ཉེ་དུས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས1100ལྷག་ཙམ་ལ་འདྲི་ཤོག་བརྟག་དཔྱད་བྱས་ཤིང་། བརྟག་ཞིབ་བྱས་འབྲས་ལས་མངོན་པར། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི50%ཙམ་གྱིས་ཨ་རིར་ཕྱོགས་ཀྱི་ལས་སྒོ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད།

  • ཚེས28ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ5པའི་ཚེས8ཉིན་གྱི་ཆུ་ཚོད0:00ནས་ཚེས11ཉིན་གྱི་ཆུ་ཚོད0:00བར་དམག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

    སྤྱི་ཚོགས།

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། “ལྔ་གཅིག”ངལ་གསོའི་དུས་མགོར་རྒྱལ་ཡོངས་ཀྱི་གནམ་གཤིས་ཡག་པོ་ཡོད་པ་དང་དུས་མཇུག་ཏུ་ལྷོ་ཕྱོགས་སུ་ཡོངས་ཁྱབ་ངང་ཆར་པ་འབབ་རྒྱུ་རེད།

  • ཟླ4པའི་ཚེས30ཉིན་གྱི་ཆུ་ཚོད9པ་ནས11བར་ལོ་འཁོར་འདིའི“སྦྲུལ་ལོའི་སྦྲུལ་ཟླ་སྦྲུལ་ཉིན་སྦྲུལ་དུས”ཐོག་མ་དེ་བསུ་རྒྱུ་རེད།

微信图片_20250429082357.jpg

  • ཚེས28ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་གཉིས་པ་ཨའེ་ཏ·ཧྭ་ཁྲེང་རྟགས་ཅན་གྱི་མཚོ་ཐོག་འཕྱོ་སྐྱོད་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ནང་ཁུལ་མཛེས་རྒྱན་དང་མ་ལག་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་འགག་རྩའི་དུས་མཚམས་སུ་དངོས་སུ་སླེབས་ཡོད་པ་རེད།

  • ཧྥུ་ཅན་མཚོ་དོན་ཅུས་སྔོན་དཔག་བྱས་པར་གཞིགས་ན། “ལྔ་གཅིག”ངལ་གསོའི་ཉིན5ཡི་རིང་ཞ་ཅིན་དང་། ཆོན་ཅིན། ལིའང་མ། ཧོང་མ་སོགས་ངོགས་གཉིས་ཀྱི་འགྲུལ་སྐྱེལ་མཁའ་ལམ་བཞིས་འགྲུལ་པ་མི་ཐེངས་ཁྲི2.7ལྷག་ཙམ་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།

  • ཚེས28ཉིན། ཅིན་ཁོའུ་ཧོ་ནས་ཞི་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་མགོ་ཚུགས་པ་དང་། མྱུར་བགྲོད་གཞུང་ལམ་དེ་བསྐྲུན་རྗེས་སི་ཁྲོན་ལེང་ཧྲན་ཁུལ་གྱི་ཀན་ལུའོ་དང་། ཡུའེ་ཞི། ཞི་ཏེ་བཅས་རྫོང་གསུམ་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཀླད་འཕྲུལ་མཐུད་ཁའི་མཉེན་གཤིས་གློག་སྣེ་འཕྲུལ་མི་CyberSenseཞིབ་བཟོ་ལེགས་གྲུབ་བྱུང་བ་དང་། ཚན་རིག་མཁས་ཅན་གྱིས“སྐྲ་སྐུད་ལས་ཀྱང་ཕྲ་ཞིང་མཉེན་པའི”མཉེན་གཤིས་གློག་སྣེ་ཚོད་ལྟའི་སྲོག་ཆགས་ཀྱི་ཀླད་ཆེན་པགས་རིམ་དུ་འཇུག་རྒྱུར་རོགས་རམ་བྱས་ཡོད།

微信图片_20250429082401.jpg

  • ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་རྒན་གྲས་ཀྲའོ་ཧྲུན་ཧོ་ནད་གཞི་ཕོག་ནས་ཟླ4པའི་ཚེས25ཉིན་ཚེ་ལས་འདས་པ་དང་འདས་དུས་དགུང་ལོ95ཡིན། ཁོང་ནི“སྟག་དཀར་མདའ་ཤོག་ལ་འཇབ་རྒོལ་བྱེད་པ”ཞེས་པའི་གློག་བརྙན་གྱི་མ་དཔེའི་མི་སྣའི་གྲས་ཤིག་ཡིན།

  • ཧྲན་ཞི་ཏ་ཐུང་ཡུན་ཀྲོའུ་ཆུས་ཞི་ཚེ་ཐེན་གྲོང་ཚོ་རུ་ཝེ་བྱང་མའི་གནའ་ཤུལ་གལ་ཆེན་ཞིག་གསར་དུ་རྙེད་པ་དང་། དེས་ཝེ་བྱང་མའི་ཕིང་མཁར་དུས་སྐབས་ཀྱི་སྤྱི་ཚོགས་རྣམ་པར་ཞིབ་འཇུག་བྱ་ཆེད་རྩ་ཆེའི་དངོས་པོའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

640.gif

  • ཅང་ཞི་ཅིན་ཀང་ཧྲན་པི་ཞི་གྲོང་རྡལ་གྱི་བུད་མེད་ཅིག་སེམས་ཆུང་མ་བྱས་པར་བྲག་ཕུག་ཏུ་ལྷུང་། ཉིན་བཞིའི་སྔོག་བཤེར་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པ་དང་མེ་ཟོན་མི་སྣས་མཉམ་དུ་བུད་མེད་དེ་སྐྱོབ་ཐུབ་བྱུང་།

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཡིས་ཉེ་ཆར་གསར་དུ་བཟོ་བཅོས་བརྒྱབ་པའི《གནས་སྐོར་ཆ་འཕྲིན་བློ་འདྲིའི་ཞབས་ཞུ》དང《གནས་སྐོར་ཟ་ཁང་གི་སྒྲིག་བཀོད་དང་ཞབས་ཞུའི་བླང་བྱ》ཞེས་པའི་གནས་སྐོར་ཞབས་ཞུའི་རྒྱལ་ཁབ་ཀྱི་ཚད་གཞི་གཉིས་ཁྱབ་བསྒྲགས་བྱ་རྒྱུ་ཆོག་མཆན་སྤྲད་པ་རེད།

  • སི་ཁྲོན་གྱིས་བསམ་འཆར་པར་འགྲེམས་བྱས་ནས་སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་དགེ་ཕྲུག་ལམ་ལུགས་གསོ་སྦྱོང་གསར་པ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། གསོ་སྦྱོང་ལས་འགན་ལེགས་སྒྲུབ་བྱས་པའི་ཁེ་ལས་ལ་རྩ་དོན་ཐོག་མི་རེར་ལོ་རེར་སྒོར5000ལས་མི་དམའ་བའི་ཁ་གསབ་སྤྲོད་རྒྱུ་རེད།

  • ཡུན་ནན་གྱིས་ཡིག་ཆ་བཀྲམ་ནས་ཞིང་ཆེན་རིམ་པའི་རྟེན་མཛོད་ཁང་དང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་། རིག་གནས་ཁང་བཅས་དང་ཆ་རྐྱེན་འཛོམས་པའི་ཁུལ(གྲོང་ཁྱེར)གྱི་སྤྱི་པའི་རིག་གནས་ཁང་གིས་དུས་ཆེན་དང་གུང་གསེང་གལ་ཆེན་རིང་གི་སྒོ་འབྱེད་ཆུ་ཚོད་ཉིན་རེར་ཆུ་ཚོད1.5རིང་དུ་གཏོང་དགོས་པ་གཏན་ལ་ཕབ།

དེ་རིང་གི་གནམ་གཤིས།

微信图片_20250429082411.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཁྲོན་ནུབ་ས་མཐོའི་ཤར་རྒྱུད། སི་ཁྲོན་གཤོང་སའི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གཤོང་སའི་དབུས་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།