དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-28 09:45:32   |   70

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

4bb74bebef220f5a203cc6e3615ef50.jpg

  • ལྷ་གྲུ་བཅུ་དགུ་པ་དང་ལྷ་གྲུ་ཉི་ཤུ་པའི་དབྱིངས་སྐྱོད་པའི་ཚོགས་ཆུང་ཚེས27ཉིན་འཁོར་ལམ་ཐོག་རྩིས་སྤྲོད་བྱས་པས། ལྷ་གྲུ་ཨང་བཅུ་དགུ་པའི་དབྱིངས་སྐྱོད་པའི་ཚོགས་ཆུང་ཚེས29ཉིན་ཤར་རླུང་སྐམ་སར་ཕྱིར་ལོག་རྒྱུ་རེད།

  • རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་མགོ་ཚུགས་ཤིང་། སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་ཁྱོན13བཙུགས་པའི་ནང་རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། འབྲིང་རྒྱུགས་སྒྱུར་བཅོས། རྫོང་རྨ་འབྲིང་འཕེལ་རྒྱས་དར་རྒྱས་སོགས་དམངས་འཚོའི་དོ་ཁུར་ཚུད་ཡོད།

  • ནོར་སྲིད་པུས་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར3.76བཏང་ནས་རྨ་ཆུ་དང་ཧོའེ་ཧོ་སོགས་ས་ཁུལ་གྱི་ཐན་འགོག་དཔྱིད་འདེབས་ལ་རྒྱབ་སྐྱོར་བྱས་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས0.8%འཕར་ཡོད་པ་དང་། ལོ་གོང་མའི་དུས་ཚིགས་གསུམ་པ་ནས་བཟུང་ཁེ་ལས་ཀྱི་རིམ་རྩིས་བྱས་ན་ཁེ་སྤོགས་རྒྱུན་མཐུད་ཆག་པའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཡིག་ཆ་བཀྲམ་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་འདྲི་གཅོད་ལག་བསྟར་ལས་དོན་ཚད་ལྡན་དུ་བཏང་སྟེ། དཔལ་འབྱོར་གྱི་རྩོད་གཞི་དེ་ཉེས་གསོག་ཏུ་བརྩིས་ནས་ཐག་གཅོད་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གསར་འགྱུར་མགྲིན་ཚབ་པས་ཁྲང་ཧོ་གྲུ་ཁའི་ཉོ་ཚོང་ཕྱོགས་སོ་སོས་བྱེད་ཐབས་གང་རུང་སྤྱད་དེ་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཞིབ་བཤེར་ལས་གཡོལ་མི་ཆོག་ཅེས་བཤད།

  • ཚོང་དོན་པུ་སོགས་སྡེ་ཚན་དྲུག་གིས་ཡིག་ཆ་བཀྲམ་སྟེ། མངའ་ཁོངས་ནས་བྲལ་བའི་ཁྲལ་སློག་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས་རྒྱལ་ཁོངས་སུ་ཡོང་བའི་འཛད་སྤྱོད་རྒྱ་ཆེར་བཏང་སྟེ་མངའ་ཁོངས་ནས་བྲལ་བའི་ཁྲལ་སློག་གི་ཕྱིར་སློག་སྒོར་མོ་དེ་མི་དམངས་ཤོག་སྒོར200བར་དམའ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • རྒྱལ་ཁབ་དབྱིངས་སྐྱོད་ཅུས་ཧྥ་རན་སེའི་ཕ་རི་སིའི་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་སོགས་རྒྱལ་ཁབ6གི་སྒྲིག་གཞི7ལ་ཟླ་བའི་ལྷ་མོ་ཨང་ལྔ་པས་འཁྱེར་ཡོང་བའི་ཟླ་བའི་གོ་ལའི་དངོས་དཔེ་བླངས་ནས་ཚན་རིག་ཞིབ་འཇུག་བྱ་རྒྱུ་མོས་མཐུན་བྱུང་།

  • ཚེས27ཉིན། ཧྥི་ལི་ཕིན་གྱི་མི་སྣ་དྲུག་གིས་ཀྲུང་གོ་ཕྱོགས་ཀྱི་ཐ་ཚིག་སྒྲོག་པའི་བཀག་སྡོམ་ལ་སྣང་མེད་དུ་བཞག་ནས་ཁྲིམས་འགལ་ངང་ཐིའེ་ཞན་ཅའོ(铁线礁) སྟེང་དུ་ཡོང་ནས་བྱེད་སྒོ་སྤེལ། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་ཐིའེ་ཞན་ཅའོ་སྟེང་དུ་ཞིབ་བཤེར་ཐག་གཅོད་བྱས།

    སྤྱི་ཚོགས།

  • དམངས་སྤྱོད་མཁའ་འགྲུལ་ཅུས་སྔོན་དཔག་ལྟར་ན། “ལྔ་གཅིག”ངལ་གསོའི་རིང་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི1075ཙམ་ཟིན་རྒྱུ་དང་། དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་གཏོད་རྒྱུ་ཡིན་པ་རེད།

  • ཚེས27ཉིན། ཏ་ཝན་ཁུལ་གྱི་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་དྲ་ཐོག་ཚོང་དོན་གྱི་མྱུར་བགྲོད་ལམ་ཐིག་དང་པོ་ཧྲེན་ཀྲེན་ནས་སྐྱེལ་འདྲེན་བྱེད་མགོ་ཚུགས་པ་དང་ཉིན15ཡི་རྗེས་སུ་ཧང་ག་རིའི་པུ་ཏ་ཕེ་སིར་འབྱོར་རྒྱུ་རེད།

  • ཚེས27ཉིན། ཀྲུང་གོའི་ཏན་ཏུང་ནས་ཧན་གོའི་རེན་ཁྲོན་བར་གྱི་མཚོ་ཐོག་རྒྱལ་སྤྱིའི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་གྲུ་ལམ་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས།

  • སྐབས་ཉི་ཤུ་པའི་ཀྲུང་གོའི་གློག་བརྙན་གྱི་ཧྭ་པིའོ་བྱ་དགའ(华表奖)ཡོངས་བསྒྲགས་བྱས་པ་དང་།《དོན་ཚན་ཉི་ཤུ་པ》སོགས་གློག་བརྙན10ལ་ཕུལ་བྱུང་གི་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ་པ་དང་། ཀྲང་དབྱི་དང་ཧུའེ་དབྱིང་ཧུང་ལ་ཕུལ་བྱུང་གི་སྐྱེས་པ་དང་སྐྱེས་མའི་འཁྲབ་སྟོན་པའི་བྱ་དགའ་ཐོབ།

  • པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་སྲིད་དོན་ཞབས་ཞུ་ཀུན་ཁྱབ་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། “ལས་རོགས་ཀྱི་ཚད་གཞི་གཅིག་མཚུངས”ཀྱི་དོན་ཚན230ཐུན་མོང་ཐོག་བཏོན་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར“ཕར་འགྲོ་ཚུར་འོང་བྱེད་མི་དགོས”པ་རེད།

  • ཆིང་ཧྭ་སློབ་ཆེན་གྱིས་མི་ཐབས་རིག་ནུས་སྨན་ཁང་བཙུགས་པ་དང་། ཐོག་མའི་དུས་སུ་མཁོ་ཆོད་གསོ་རིག་རིག་ཚན་དང་། མིག་ནད་ཚན་ཁག འཕྲོ་འགྱེད་ནད་བརྟག་ཚན་ཁག་སོགས་ཆེད་ཚན་ཚོད་ལྟ་བྱས་ནས་སྨན་པར་གནད་སྨིན་ཇུས་ཐག་གཅོད་རྒྱུར་གཞོགས་འདེགས་བྱ་རྒྱུ་རེད།

  • ཧྲང་ཧའེ་ཡི་ཀྲའོ་ཝ་རིམ་པའི་ཚད་བརྒལ་གློག་གསོག་ས་ཚིགས་ཐོག་མ་དེ་འཁོར་སྐྱོད་བྱས་པས་ཚོང་སྤྱོད་རླངས་འཁོར་ལ“གློག་གསོག་སྐར་མ་ལྔ་དང་སྤྱི་ལེ་བརྒྱ་བསྐྱོད་རྒྱུ”མངོན་འགྱུར་ཐུབ་རྒྱུ་རེད།

495650f2b1f3cada2f015be5c5337ce.jpg

  • ཉིན་ཤས་གོང་། ཐེ་ལན་གྱི་ལིའུ་ལེན(榴莲) ཏུན50ལྷག་ཙམ་མཚོ་ཐོག་སྐྱེལ་འདྲེན་བྱས་ནས་ཀོང་ཀྲོའུ་རུ་འབྱོར་ཏེ། ལོ་གསར་པའི“ལིའུ་ལེན་དུས་ཚིགས”མགོ་ཚུགས་པ་རེད།

b05da1ccafc06d0c06933935e881ae3.jpg

  • ཉེ་ཆར། “བྱེ་ཐང་གི་བག་ལེབ”ཞེས་འབོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བེ་ཏའི་ཁ་སུར(椰枣)ལ་ཧའེ་ནན་ཝུན་ཁྲང་ཀྲུང་གོ་ཚ་ཚན་རིག་ཁང་གི་བེ་ཏའི་སུའོ་རུ་འབྲས་བུ་ཆུང་ཆུང་ཐོབ་ཡོད།

    སྲིད་ཇུས།

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀུན་ནུས་འགན་བཅོལ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ། འགན་བཅོལ་སྤྱི་གཉེར་གྱིས་ཀུན་ནུས་འགན་བཅོལ་ཐོན་རྫས་ཀྱི་འགན་ལེན་སྐྱེད་ཀ་དམའ་ཤོས་ལེགས་སྒྲིག་བྱས་ཆོག་པ་དང་། ཀུན་ནུས་འགན་བཅོལ་གྱི་འགན་ལེན་དུས་བཀག་ལོ་ལྔ་དང་དེ་ཡན་རིང་དུ་བཏང་ཆོག་པ་གཏན་ལ་ཕབ།

  • པེ་ཅིང་གིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞིའི་འབྲེལ་ཡོད་མི་སྣ་ལ་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཐོབ་ཐང་དོ་དམ་དངོས་སུ་ལག་བསྟར་བྱས་ནས་ལྟ་སྐུལ་དོ་དམ་བྱ་ཡུལ་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་ནས་སྨན་དོན་ལས་དོན་པར་སྣུར་སྲིང་བྱས།

  • 《ཅང་སུའུ་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་འགན་སྲུང་སྲོལ་ཡིག》གི་བཟོ་བཅོས་མ་ཟིན་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་དབང་པོ་སྐྱོན་ཅན་ལ་རམ་འདེགས་ཡོ་བྱད་འོས་འཚམ་གྱི་ཁ་གསབ་སྤྲོད་རྒྱུ་ཡིན་པ་བཏོན།

    དེ་རིང་གི་གནམ་གཤིས།

c6eebb870734c77821ccfe916db638d.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་། ཅི་ལིན་གྱི་དབུས་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་ལྷོ་ནུབ་རྒྱུད་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།