དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-27 09:28:14   |   263

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ4ཚེས25ཉིན་གྱི་ཕྱི་དྲོར། མི་ཐབས་རིག་ནུས་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་ཐད་མཉམ་བསྡུས་སློབ་སྦྱོང་ཐེངས་ཉི་ཤུ་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་གཙོ་སྐྱོང་གནང་སྐབས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་ལག་རྩལ་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་བབ་གསར་པར། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ཚུགས་རང་འབད་མཐའ་འཁྱོངས། བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས། རང་རྒྱལ་གྱི་མི་ཐབས་རིག་ནུས་དེ་ཕན་པ་ཡོད་པ་དང་། བདེ་འཇགས་ཡིན་པ། དྲང་གཞག་ཡིན་པ་བཅས་ཀྱི་ཕྱོགས་སུ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

  • ད་ལོ་རང་རྒྱལ་གྱི་པད་ཁའི་རྒྱ་ཁྱོན་མུའུ་དུང་ཕྱུར་1.1ཟིན་ནས་ལོ7ལ་བསྟུད་མར་འཕར་ཡོད་པ་རེད། དེ་དང་ཆབས་ཅིག  གནམ་གཤིས་སྤྱིར་ན་འཚམ་པོ་ཡིན་པ་དང་། སྐྱེ་ཚུལ་ཡག་པོ་ཡོད་པས་དབྱར་དུས་སུ་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད།

  • སློབ་གསོ་པུ་དང་གུང་གཞོན་ཚོགས་པའི་ཀྲུང་དབྱང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། ས་ཁུལ་ལས་བརྒལ་ནས་ལས་ཀ་འཚོལ་བའི་མཐོ་རིམ་མཐར་ཕྱིན་སློབ་མར་ཞག་སྡོད་གཟིགས་སྐྱོང་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་བསྟན་ཡོད།

01.jpg

  • མིག་སྔའི་བར་དུ། རང་རྒྱལ་གྱི་སྐམ་ས་ཆེ་མོའི་ས་ཁུལ་གྱི་ཉིང་རྡུལ་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་དུང་ཕྱུར1.13ཟིན་པ་དང་། སྤྱིའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས་སྤྱིའི་ཆ་ནས་བདེ་འཇགས་ཚོད་འཛིན་ཐུབ་ཡོད་པ་རེད།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་ཞིབ་འཇུག་འཆར་གཞིའི་ནང་། ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་དང་། ཆགས་ཚུལ། འཕེལ་རྒྱས་བཅས་ཀྱི་གཞི་རྩའི་རི་མོ་དང་། ནང་གནས་ལམ་སྲོལ། དེ་བཞིན་ས་ཁོངས་ཁག་གི་ཤེས་དཔལ་འཕེལ་རིམ་གྱི་ཐབས་ལམ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་འདེབས་རྒྱུ་ཡིན་པ་རེད།

  • 2024ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ཐོག་དམར་དཔེ་དངོས་པོ་ཁྲི་310ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། སྐྱེ་དངོས་རིགས་གསར་པ207ཤེས་རྟོགས་བྱུང་ཡོད།

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས17དང་རྒྱལ་སྤྱིའི་ཞིབ་འཇུག་སྒྲིག་གཞི་50ལྷག་ཙམ་ཀྲུང་གོས་གྲོས་འགོ་བཏོན་པའི་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་མཉམ་ལས་ནང་ཞུགས་ཡོད་པ་རེད།

  • ཚེས26ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུའུ་ཡིས་ཕུའུ་ཅིང་གིས་ཨ་རིའི་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝུའེ་ཐེ་ཁོའོ་ཕུའུ་དང་ཐུག་འཕྲད་བྱེད་སྐབས། ཨུ་རུ་སུས་སྔོན་གཅོད་ཀྱི་ཆ་རྐྱེན་གང་ཡང་མེད་པའི་གནས་ཚུལ་འོག་ཡུག་རེན་དང་གྲོས་མོལ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད།

  • ཚེས26ཉིན། དབྱི་རན་ལྷོ་རྒྱུད་ཀྱི་ཧྲ་ཤིས་ཏེ་ལ་ཅ་དབྱི་གྲུ་ཁར་འབར་གས་ཆེན་པོ་བྱུང་ནས། པེ་ཅིང་གི་དུས་ཚོད་19:34བར་འབར་གས་དེས་མི561ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་སྔོན་བརྡ་བཏང་ནས། སྔོན་དཔག་བྱས་ན་དེ་རིང་ཅང་ཤིའི་ནུབ་རྒྱུད་དང་། ཀོང་ཤིའི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག(ཤྭ་འོད)གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད།

  • གྲངས་གཞི་ལས་མངོན་པར། “ལྔ་གཅིག”ངལ་གསོའི་རིང་རྒྱལ་ནང་གི་མཁའ་ལམ་སྤ་སེ་སྔོན་མངག་བྱེད་ཚད་ཁྲི542ལས་བརྒལ་བ་དང་། ན་ནིང་གི་དུས་མཚུངས་ལས31%ཙམ་འཕར་ཡོད་པ་རེད།

  • ཉེ་ཆར། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་རང་རྒྱལ་གྱི་མངའ་ཁོངས་ནང“ཝ་དཀར”ཞེས་པའི་ནད་དུག་གི་རྒྱུད་འགྱུར་རབ་དང་རིམ་པ་བསྟུད་མར་བཟུང་བ་དང་། ཡིག་ཆའི་མིང་“ཁྲལ་དོན་ཞིབ་བཤེར་” “ཐོབ་ཁྲལ” “གུང་གསེང་བཀོད་སྒྲིག་”སོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པ་དང་། དོན་དངོས་ཐོག་དེ་ནི་ངན་སེམས་བཅངས་ནས་ལག་བསྟར་བྱེད་ཆོག་པའི་རྩིས་འཁོར་གྱི་གོ་རིམ(程序ཞིག་རེད།

  • ཟླ5ཚེས2ནས་ཚེས4ཉིན་བར། 2025ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱལ་མཆོང་འཛམ་གླིང་བུམ་པའི་སྤྱིའི་རྟིང་རྩོད་འགྲན་བསྡུར་(པེ་ཅིང)རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་ཀྱི“ཆུ་ཤོ་གཟུགས་ཁང” (水立方)དུ་སྤེལ་རྒྱུ་རེད།

  • སུའུ་ཏི་མན་རྟགས་མའི་བྱ་སྒྲོསྤོ་ལོའི་འགྲན་བསྡུར་དེ་ཟླ4ཚེས27ཉིན་ནསཟླ་5ཚེས4ཉིན་བར་ཞ་མོན་དུ་འཚོག་རྒྱུ་ཡིན་པ་དང་། ཀྲུང་གོའི་རུ་ཁག་གིས2019ལོ་དང་2021ལོ། 2023ལོ་བཅས་སྐབས་གསུམ་གྱི་ཨང་དང་པོ་བླངས་མྱོང་།

02.jpg

  • ཉེ་ཆར། ཧྲུའུ་ལམ་གྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ནས། རིག་དངོས་གནའ་ཤུལ་ཁག297གསར་དུ་རྙེད་ཡོད།

  • ཚེས26ཉིན། སྐབས་ཉི་ཤུ་པའི་ཀྲུང་གོའི་གློག་བརྙན་གྱི་ཧྭ་པིའོ་བྱ་དགའི་མིང་འདོན་ཁྱབ་བསྒྲགས་བྱས་པ་རེད།

  • ཏ་ལེན་མཚོ་དོན་ཅུས་ཟླ4ཚེས27ཉིན་གྱི་ཆུ་ཚོད16ནས་ཟླ5ཚེས11ཉིན་གྱི་ཆུ་ཚོད16བར། པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་བསྒྲུབ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས།

03.jpg

  • ཉེ་ཆར། ཧུའུ་པེ་ཝུའུ་ཧན་གྱི་ལོ་གཉིས་ལ་སླེབས་པའི་བྱིས་པ་ཞིག་རྫིང་བུའི་ནང་དུ་ལྷུང་བ་དང་། ལོ74ལ་སླེབས་པའི་ཧྲི་ཏན་ཧྥེང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་ནང་དུ་མཆོངས་བས་ཕྲུ་གུ་སྐྱོབ་ཐུབ་པ་བྱུང་ཡོད།

སྲིད་ཇུས།

  • ཅི་ལིན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། 2025ལོར་ཞིང་པ་ལས་མི་དང་འཐབ་ས་དང་པོའི་ལས་བཟོ་པ། ཐོན་ལས་བཟོ་པ་བཅས5000བསླབ་གནས་རྒྱུན་མཐུད་སློབ་གསོར་ཞུགས་རྒྱུར་རོགས་རམ་བྱེད་རྩིས་ཡོད་པ་རེད།

  • ཧྥུའུ་ཅན་གྱིས་བརྡ་ཐོ་བཏང་ནས་རྒྱལ་ཁབ་ཀྱིས་གཅིག་གྱུར་ཁ་གསབ་བྱེད་པའི་ཁྱིམ་སྤྱོད་གློག་ཆས་རིགས12ཀྱི་རྨང་གཞིའི་ཐོག  རླངས་བཙོས་བསྲེགས་སྒམ་དང་ཁབ་ལེན་གློག་ཐབ། རླུང་སྲེག་སླ་ང་། དྲོད་ལེན་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་རིགས21རྙིང་ཚབ་གསར་བརྗེའི་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་ཡོད།

  • ཀོང་ཞིས་བརྡ་ཐོ་བཏང་ནས་མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་རྣམ་གྲངས20བདམས་ནས། ཐེངས་གཅིག་རང་བཞིན་གྱི་བྱ་དགའ་དང་ཁ་གསབ་སྒོར་ཁྲི50སྤྲད་པ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཤིན་ཅང་གི་རི་བོ་ཐེན་ཧྲན་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དང་ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས། བོད་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནསཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།