དེ་རིང་ནི2025ལོའི་ཟླ05པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-06 09:14:21   |   192

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས1ནས5ཉིན་བར་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར14.67ཡོད་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར2.93ཡོད་ཅིང་དུས་མཚུངས་ལས8.0%འཕར་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི“ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས6.3%འཕར་ཡོད།

  • རྒྱལ་ཁབ་གློག་དྲའི་རིག་ལྡན་རླངས་འཁོར་དྲ་སྦྲེལ་ལས་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་ཉིན་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ཚད་སྟོང་ཝ་ཆུ་ཚོད་ཁྲི་3068རེད། དེ་ན་ནིང་གི་དུས་མཚུངས་ལས28%འཕར་ཡོད་ཅིང་ལོ་རྒྱུས་དུས་མཚུངས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་རང་རྒྱལ་གྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་སྒོར་དུང་ཕྱུར6752མ་འཇོག་བྱས་པ་དང་། ལྕགས་ལམ་དང་ཆུ་ལམ་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་ལ། དུས་མཚུངས་ལས་སོ་སོར5.2%དང10.2%འཕར་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་རྨོ་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར10.8ཡན་བར་མང་དུ་ཕྱིན་པ་དང་། ཞིང་ཆུ་འདྲེན་ཁུལ་གྱི་མུའུ་རེའི་ཐོན་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ1.5ནས2བར་ཐོན་ཡོད།

  • ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཆུའི་ཐོན་རྫས་ཀྱི་ཐོན་འབོར་དུས་མཚུངས་ལས4.5%འཕར་ཡོད་པས་རང་རྒྱལ་གྱི་“མཐོན་མཐིང་འབྲུ་མཛོད”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

  • ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པར་གཞིགས་ན། ཚེས5ཉིན་གྱི་ཆུ་ཚོད18:53སྟེང་། ཐའེ་ཝན་ཧྭ་ལན་རྫོང་གི་མཚོ་ཁོངས་སུ་ས་ཡོམ་རིམ་པ5.7བརྒྱབ།

  • ཨུ་རུ་སུ་དང་བྷེ་ཨུ་རུ་སུའི་རྒྱལ་སྲུང་པུའི་གདན་ཞུས་ལྟར། ཟླ5པའི་ཚེས9ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་གུས་ལུགས་རུ་ཆེན་གྱི་གཟབ་སྦྲེང་ཡན་ལག་རུ་ཁག་མོ་སི་ཁོ་དང་མེན་སི་ཁེར་སྤེལ་བའི་སུའུ་ལེན་མཉམ་འབྲེལ་ལྷན་ཚོགས་ཀྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་རེད།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཐན་པའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། ཧྲའན་ཞི་དང་ཧོ་ནན། ཨན་ཧུའེ། ཧུའུ་པེ་སོགས་ཞིང་ཆེན་མང་ཆེ་བ་དང་དེ་བཞིན་ཀན་སུའུ་དང་། སི་ཁྲོན། ཁྲུང་ཆིང་། ཧྲན་ཞི། ཧོ་པེ། ཅང་སུའུ། ཀོང་ཞི། ཡུན་ནན་སོགས་ས་ཁུལ་ཁག་ཅིག་ཏུ་ཐན་པ་འབྲིང་ཙམ་དང་དེའི་ཡན་གྱི་གནམ་གཤིས་འདུག

  • སྐབས137པའི་ཀོང་ཀྲོའུ་ཚོང་འདུས་ཚེས5ཉིན་མཇུག་གྲིལ་བ་དང་། རྒྱལ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཁྲི28ལྷག་ཙམ་ཚོགས་འདུས་ལ་ཞུགས་པ་དང་། དེ་ན་ནིང་གི་དུས་མཚུངས་ལས17.3%འཕར་ཡོད།

  • ཚེས5ཉིན་གྱི་ཆུ་ཚོད13:48སྟེང་། 2025ལོའི་ལྔ་པའི་ཚེས་ལྔའི་རིང་གི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར7ལས་བརྒལ་ཡོད།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས5ཉིན་བར་གློག་བརྙན《ནོ་ཊ་ཡིས་ཀླུ་ཡུལ་དཀྲུགས་པ》ཞེས་པའི་སྤ་སེ་བཙོངས་ཚད་དུང་ཕྱུར158ལས་བརྒལ་བ་དང་། གོ་ལ་ཧྲིལ་པོའི་གློག་བརྙན་ལོ་རྒྱུས་ཀྱི་སྤ་སེ་འཚོང་ཚད་ཨང5པ་ཟིན་པ་དང་།《ཐའེ་ཐན་ཉི་ཁེ་རྟགས་ཅན》ལས་བརྒལ་ཐུབ་པའི་རེ་བ་ཡོད།

  • རགས་རྩིས་བྱས་པར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཚན་རྩལ་ཁང་གིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི300ལྷག་ཙམ་སྣེ་ལེན་ཞུས་ཡོད།

  • ནན་ཅིང་གི་སྨན་ཁང་ཞིག་གིས་སྒྲིག་འགལ་ངང་སྐྱེ་འཕེལ་རམ་འདེགས་ཞབས་ཞུ་མཁོ་འདོན་བྱས་པའི་དོགས་པ་ཡོད་པ་དང་། མིག་སྔར་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་བཞིན་ཡོད།

  • ཚེས5ཉིན། ཀུའེ་ཀྲོའུ་ཆན་ཞི་གྲོང་ཁྱེར་གྱི་སྤྲོ་འཆམ་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ལས་ཆེས་མཇུག་མཐའི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་རྙེད་པ་དང་ཚེ་སྲོག་གི་རྟགས་མེད། དོན་རྐྱེན་དེའི་ནང་ཆུར་ལྷུང་བའི་མི84ཚང་མ་བསྐྱབས་པའམ་རྙེད་པ་དང་། དེའི་ནང་མི10སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།

  • ཀྲེ་ཅང་ཐུང་ཞང་གི་བུ་མོ་ཆུང་ཆུང་ཞིག་གིས་སེམས་ཆུང་མ་བྱས་པར་ཁ་ཏོག(糖果)གིས་མིད་པ་བཀག་ནས་དབུགས་འབྱིན་རྔུབ་བྱེད་ཐབས་བྲལ་བའི་གནས་སུ་གྱུར། བྲེལ་འཚུབ་ཆེ་བའི་སྐབས་སུ་ལག་ཁྱེར་ཁ་པར་ཚོང་ཁང་གི་སྦྱིན་བདག་ཀྲང་ཝུའེ་ལི་ཡིས་ཧའེ་མུའུ་ལི་ཁེ་ཡི་ཐབས་སྤྱད་དེ་མྱུར་སྐྱོབ་བྱས་མཐར་བུ་མོ་ཆུང་ཆུང་ཉེན་ཁའི་གནས་ལས་ཐར།

    སྲིད་ཇུས།

  • ཧོ་ནན་གྱིས་བྱེད་ཐབས་བཀྲམ་པ་སྟེ། ཁྱིམ་སྡོད་རྒན་འཕྲོད་སྒྱུར་བཀོད་ཐོན་རྫས་ཉོ་མཁན་རྒན་པའི་ཁྱིམ་ཚང་ལ་རྒན་འཕྲོད་སྒྱུར་བཀོད་ཐོན་རྫས་ཀྱི་སྤྱིའི་འགྲོ་གྲོན་གྱི30%གཞིར་བཟུང་སྟེ་ཁ་གསབ་སྤྲོད་རྒྱུ་དང་། ཁང་པ་རེར་ཁ་གསབ་སྤྲོད་ཚད་མཐོ་ཤོས་སྒོར་ཁྲི1.2ཟིན་ཡོད།

  • ཡུན་ནན་གྱིས་ཡིག་ཆ་བཀྲམ་པ་སྟེ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁེ་ལས་ཀྱིས་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གསར་བརྗེ་བྱེད་པར་ཁ་གསབ་མཐོ་ཤོས་སྒོར་ཁྲི11སྤྲོད་རྒྱུ་དང་། སྒུལ་ཤུགས་གློག་རྫས་བརྗེ་བར་རླངས་འཁོར་རེར་ཁ་གསབ་སྒོར་ཁྲི4.2སྤྲོད་རྒྱུ་རེད།

  • ཅང་སུའུ་ཡིས་ཇུས་གཞི་པར་འགྲེམ་བྱས་པ་སྟེ། སྡོད་ཁང་གི་གློག་སྐས་རྙིང་པའི་བདེ་འཇགས་དཔྱད་དཔོག་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་ཏེ་གློག་སྐས(འཕྲུལ་འཁོར་ཧྲིལ་པོའམ་ཡང་ན་ལྷུ་ལག)ཁྲི1གསར་སྒྱུར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧོའེ་ཡི་ཤར་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་ལྷོ་ནུབ་རྒྱུད་དང་ཀོང་ཏུང་གི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།