དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-07 09:15:36   |   88

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ5པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་བཅས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར14.65ལས་བརྒལ་བ་དང་། དུས་མཚུངས་ལས7.9%འཕར་ཡོད།

1.jpg

  • རྒྱལ་ཁབ་སྦྲག་སྲིད་ཅུའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་རིམ་རྩིས་བྱས་ན་སྐྱེལ་ལེན་དུང་ཕྱུར48ལས་བརྒལ་བ་བྱས་པ་དང་། དེ་དུས་མཚུངས་ལས་བཅུ་ཆ་གཉིས་ཀྱིས་བརྒལ་ནས་ལོ་རྒྱུས་དུས་མཚུངས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུ་ཁེ་ལས་ཀྱི་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར4118ཟིན་པ་དེ་དུས་མཚུངས་ལས1.4%འཕར་ཡོད།

  • ཁྲལ་དོན་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་རྣམ་གྲངས་ཀྱི་རྣམ་པའི་ཐོག་ནས་ལས་རྨས་འགན་བཅོལ་རེ་ཞུ་བྱས་པའི་གྲངས་འབོར་རིམ་རྩིས་བྱས་ན་ཁྲི3.9ཡོད་པ་དེ་དུས་མཚུངས་ལས9.4%འཕར་ཡོད།

  • ཚེས6ཉིན་ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་དང་ཡོ་རོབ་གྲོས་ཚོགས་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད་ཕན་ཚུན་འགྲོ་འོང་གི་ཚོད་འཛིན་དུས་གཅིག་ཏུ་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས།

  • ས་གནས་དེ་གའི་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། ཧྥུ་ལི་ཏེ་ལི་ཞི·མོ་ཚེ་དངོས་སུ་འཇར་མན་གྱི་ཙུང་ལིར་བདམས་ཐོན་བྱུང་།

    སྤྱི་ཚོགས།

  • ཚེས7ནས9ཉིན་བར། རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་པའི་བརྒྱུད་རིམ་ཡོད་པ་དང་འབྲེལ་དུས་ཐུང་ཆར་པ་དྲག་པོ་འབབ་པ་དང་། ཐོག་རླུང་། སེར་བ་སོགས་ཀྱི་གནམ་གཤིས་དྲག་པོ་ཡོད།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་བཟོ་ལས་ཆ་འཕྲིན་ཅན་པུ་དང་། ཞིང་ལས་གྲོང་གསེབ་པུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་བཅས་དང་མཉམ་འབྲེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.02སྐྱེལ་འདྲེན་བྱས།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཧྲེང་ཀྲང་གཞོན་པ་དབྱང་ཙི་ཞིང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་སྤྱད་དེ་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

2.jpg

  • ས་གནས་དེ་གའི་ཚེས5ཉིན། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲའོ་ཞིན་ཐུང་གིས2025ལོའི་སི་ནུའོ་ཁེ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནང་སྐར་གྲངས18-12ཀྱིས་མ་ཁེ·ཝེ་ལེན་མུའུ་སི་ལས་རྣམ་པར་རྒྱལ་ཏེ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཤིང་། དེ་ནི་ལོ་རྒྱུས་སྟེང་གི་ཀྲུང་གོ་དང་ཨེ་ཤེ་ཡའི་སྤོ་ལོ་རྒྱག་མཁན་ལ་སི་ནུའོ་ཁེ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཐོག་མ་ཡིན།

3.jpg

  • ལུས་རྩལ་སྤྱི་ཁྱབ་ཅུ་ཚན་སློབ་སིས2025ལོའི་ཕུལ་བྱུང་ལུས་རྩལ་པའི་དངོས་གཞིའི་ཚན་ཁག་གི་འགན་སྐྱེལ་འོས་སྦྱོར་མིང་ཐོ་ཁྱབ་བསྒྲགས་བྱས། དེའི་ནང་ཆོན་ཧུང་ཀྲེན་ཅི་ནན་སློབ་ཆེན་དུ་སྐྱེལ་རྩིས་ཡོད་པ་དང་། ཧོང་ཡུས་ཐིང་ཀྲེ་ཅང་སློབ་ཆེན་དུ་སྐྱེལ་རྩིས་ཡོད། ཧྲེང་ལི་ཧའོ་པེ་ཅིང་ལུས་རྩལ་སློབ་ཆེན་དུ་སྐྱེལ་རྩིས་ཡོད།

  • ཧོ་ནན་ཞུས་ཁྲང་གིས་ཕང་ཏུང་ལེས་གཡང་ཊི་བྲིན་ཚོང་བྱས་ཚུལ་གྱི་ཞིབ་བཤེར་བྱས་འབྲས་ཁྱབ་བསྒྲགས་བྱས་པ་སྟེ། ཕང་ཏུང་ལེ་ཡིས2025ལོའི་ཟླ་དང་པོ་ནས་བཞི་པའི་བར་ཕྱིར་ཚོང་བྱས་པའི་ཧི་ཐེན་གཡང་ཊིའི་ཚོང་ཟོག་གི་ཆ་སྙོམས་སྨར་འབབ་ཚད(毛利率)20%ལས་བརྒལ་མེད་པ་དང་། མིག་སྔར་ཕྱིར་ཚོང་བྱེད་བཞིན་པའི་ཧི་ཐེན་གཡང་ཊིའི་ཚོང་ཟོག་ཚང་མར་གཏན་འབེབས་རིན་གོང་གསལ་པོར་བཀོད་ཡོད།

  • ཚེས4ཉིན་ཧྲན་ཏུང་ཐེང་ཀྲོའུ་རུ་རླངས་འཁོར་དོན་རྐྱེན་ཞིག་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར། ལས་འཛོལ་བཟོ་མཁན་ཁ་ལོ་བར་བཟི་ནས་རླངས་འཁོར་སྐོར་བའི་དོགས་པ་ཡོད་པས་མིག་སྔར་ཉེས་དོན་བཀག་ཉར་བྱས་ཡོད།

4.jpg

  • ཚེས6ཉིན་ཧུའུ་པེ་ཅིང་ཀྲོའུ་རུ་གནས་པའི་འཛམ་གླིང་ཐོག་གི་བར་བརྒལ་ཆེ་ཤོས་ཀྱི་གཞུང་ལམ་གསེག་བཙུགས་ཟམ་པ་སྟེ། ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་འབྲི་ཆུའི་ཟམ་ཆེན་གྱི་བྱང་ངོགས་ཀྱི་ལྕགས་སྒྲོམ་གཙོ་བོ་བདེ་བླག་ངང་འགྲུབ།

    སྲིད་ཇུས།

  • ཧུའུ་ནན་གྱིས་ཡིག་ཆ་བཀྲམ་སྟེ། ཞིང་ཆེན་ནང་ཁུལ་དུ་གསར་དུ་ལས་གཉེར་བྱས་པའི་ཀྲུང་གོའི(ནང་ལོག)ཚོང་ཁང་ཐོག་མ་དང་། དབུས་རྒྱུད་ཀྱི་ཚོང་ཁང་ཐོག་མའམ་ཡང་ན་ཧུའུ་ནན་གྱི་ཚོང་ཁང་ཐོག་མར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་རིམ་པ་གཞིར་བཟུང་སྟེ། དོན་དངོས་ཀྱི་བོགས་དངུལ་དང་མཛེས་བཟོ་སོགས་ཀྱི་འགྲོ་གྲོན་གྱི50%ལས་མི་མཐོ་བའི་བསྡུར་ཚད་ལྟར་མཐོ་ཤོས་ལ་སྒོར་ཁྲི100ཡི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ་རེད།

  • ཧྲན་ཏུང་གིས་བསམ་འཆར་པར་འགྲེམས་བྱས་ཏེ། 2025ལོ་ནས2026ལོའི་བར་ལོ་ལྟར་རོགས་སྐྱོར་ཁྲིད་སྟོན་མ་དངུལ་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ནས་ཐོན་ལས་ཉམས་ཞན་རྫོང10ཡིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བར་བྱ་དགའ་འོས་འཚམ་སྤྲོད་རྒྱུ་རེད།

  • ཧའེ་ནན་གྱིས་ཡིག་ཆ་བཀྲམ་ནས་ཐོག་སོ་རེའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ200ལས་བརྒལ་བའམ་ཡང་ན་གཏན་འཁེལ་བྱས་པའི་ཟ་མ་ཟ་མཁན་གྱི་མི་གྲངས50ལས་བརྒལ་བའི་བཟའ་བཏུང་བྱ་ཡུལ་དུ་ངེས་པར་དུ་བདེ་འཇགས་ཕྱིར་འགྲོ་ས2བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

5.jpg

  • བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་གྱི་ས་ཁུལ་མང་ཆེ་བ་བཅས་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཀོང་ཞིའི་བྱང་ཤར་རྒྱུད་དང་། ཀོང་ཏུང་གི་དབུས་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།