དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-09 09:19:47   |   485

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ས་གནས་དེ་གའི་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་།

2.jpg

  • ས་གནས་དེ་གའི་ཟླ5པའི་ཚེས8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་རྗེས་གསར་འགོད་པ་དང་མཇལ་འཛོམས་གནང་།

3.jpg

  • ས་གནས་དེ་གའི་ཟླ5པའི་ཚེས8ཉིན་གྱི་ཕྱི་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེ་ལི་མུའུ་ལིན་ཕོ་བྲང་གི་ཙུང་ཐུང་གཞུང་ལས་ཁང་དུ་ཇ་སྟོན་གྲོས་ཚོགས་གནང་།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དམངས་གཉེར་ཁེ་ལས་ཀྱིས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ལ་མ་འཇོག་བྱེད་པ་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་ལག་རྩལ་གལ་ཆེན་འགག་སྒྲོལ་བྱེད་པའི་ལས་འགན་ལ་སྣེ་ཁྲིད་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བསྟན།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཡོངས་བསྒྲགས་བྱས་པ་སྟེ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གཉེར་སྐྱོང་དོ་དམ་པ་སོགས་ལས་རིགས་གསར་པ17མང་དུ་བཏང་ནས་མིས་བཟོས་རིག་ནུས་མ་ལག་གི་ཚོད་ལྟ་བ་སོགས་ལས་ཀའི་རིགས་སྣ42མང་དུ་གཏོང་རྩིས་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་བ་དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར31479ཟིན། དེ་དུས་མཚུངས་ལས10.6%འཕར་ཡོད།

  • ལྷོ་རྒྱུད་དམག་ཁུལ་གྱིས་བསྟན་དོན། ཟླ5པའི་ཚེས5ཉིན། ཧྥི་ལི་ཕིན་གྱི་སྲུང་སྐྱོང་དམག་གྲུ་ཨང35པ་ཀྲུང་གོའི་ཧོང་ཡན་ཏོ་གླིང་ཕྲན་གྱི་མངའ་ཁོངས་སུ་འཛུལ་རྩིས་བྱས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་འདེད་ལྟ་ཞིབ་དང་ཐ་ཚིག་བསྒྲགས་ཏེ། ཧྥི་ལི་ཕིན་གྱི་དམག་གྲུ་ཀྲུང་གོའི་མངའ་ཁོངས་རྒྱ་མཚོར་འཛུལ་རྒྱུ་བཀག་འགོག་བྱས།

  • ཚེས7ནས8ཉིན་བར། འཇར་པན་གྱི“སེང་གེ”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་འཛུལ། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས།

    སྤྱི་ཚོགས།

4.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་ཉེན་བརྡ་སེར་པོ་བཏང་བ་སྟེ། དེ་རིང་། པེ་ཅིང་གི་ནུབ་རྒྱུད་དང་ཧོ་པེའི་ནུབ་རྒྱུད། ཧྲན་ཞིའི་བྱང་ཤར་རྒྱུད། ཅང་ཞིའི་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་བཅས་ཀྱི་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་ཙམ་ཡོད།(ཉེན་བརྡ་སེར་པོ།)

  • པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་ཀྱིས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

  • ཚེས8ཉིན། ཧྭ་ཝེ་སྤྱི་གཉེར་གྱི་ཧུང་མོང་མ་ལག་སྤྱད་པའི་ཧུང་མོང་གློག་ཀླད་དངོས་སུ་སྒོར་བུད།

  • པེ་ཅིང་མི་གཟུགས་འཕྲུལ་མིའི་གསར་གཏོད་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གོ་ལ་ཧྲིལ་པོའི་མི་གཟུགས་འཕྲུལ་མིའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་གི་ཨང་དང་པོ་ཐོབ་མཁན་ཏེ།“ལྷ་བཟོ”ཞེས་པ་འཛམ་གླིང་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་རེད།

5.jpg

  • ཉེ་ཆར། འགྲུལ་པ་ཞིག་གིས་རིག་དངོས་འཁྱེར་ནས་ཕྱི་རྒྱལ་དུ་འགྲོ་སྐབས་ཧའེ་ཁོའུ་མེ་ལན་གནམ་ཐང་འགག་སྒོས་རྩད་ཆོད།

  • རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་མཆོང་བརྒལ་མཁན་གྲགས་ཅན་ཝུའུ་ཡན་ཉི་བུད་མེད་ཀྱི་སྨི100ཡི་མཆོང་རྒྱུག་རྣམ་གྲངས་ཁྲོད་འཛམ་གླིང་གི་ཨང23པར་སླེབས་ཏེ། རྣམ་གྲངས་དེའི་ཀྲུང་གོའི་བདམས་ཐོན་པའི་ཟིན་ཐོ་གསར་པ་བཏོད།

6.jpg

  • ཉེ་ཆར་འཛམ་གླིང་སྟེང་གི་ཆེས་སྟོངས་ཉེན་ཆེ་བའི་སྐྱེ་དངོས་རིགས་ཏེ། སྒོག་ཏོག་དཀར་པོ་ཡུན་ནན་གྱི་ལུང་ལིན་དུ་མངོན།

  • གནའ་བོའི་ཡི་གེ་མཁས་ཅན་དང་གནའ་བོའི་ཡིག་ཚངས་མཁས་ཅན། ལོ་རྒྱུས་རིག་པ་མཁས་ཅན་ཏེ། ཧྥུ་ཏན་སློབ་ཆེན་རིག་གནས་ཚན་ཁག་གི་ཕུལ་བྱུང་དགེ་རྒན་ཆེ་མོ་བ་དང་། ས་འོག་ཡིག་ཚངས་དང་གནའ་བོའི་ཡི་གེ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་སྐུ་ཞབས་ཆིའུ་ཞི་ཀུའེ་སྙུང་གཞིའི་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར2025ལོའི་ཟླ5པའི་ཚེས8ཉིན་གྱི་ཆུ་ཚོད1:45སྟེང་སྐུ་གཤེགས། དགུང་ལོ90ཡིན།

    སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་སྟེ། ཆ་རྐྱེན་འཛོམས་པའི་རིམ་པ་གཉིས་པ་དང་དེའི་ཡན་གྱི་ཕྱོགས་བསྡུས་སྨན་ཁང་ལ་རྒན་པའི་གསོ་རིག་རིག་ཚན་འཛུགས་དགོས་པ་མ་ཟད། ཚན་ཁག་བཀོད་སྒྲིག་དང་། མི་སྣ་བཀོད་སྒྲིག ཞབས་ཞུའི་རྣམ་པ་སོགས་ཀྱི་ཚད་གཞི་ཞིབ་ཕྲ་བཟོ་དགོས་པའི་བླང་བྱ་བཏོན།

  • ཀོང་ཏུང་གིས“ཤེས་ལྡན་མི་སྣ་ཁྲི་སྟོང་ལྷོ་ཕྱོགས་ཀོང་ཏུང་དུ་འདུ་བའི”འཆར་གཞི་ལག་བསྟར་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་ཁྲི100ཀོང་ཏུང་དུ་ལས་ཞུགས་ལས་གཏོད་བྱེད་པར་བསྡུ་རྒྱུ་རེད།

  • ཅི་ལིན་ཁྲང་ཁྲུན་གྱིས་བརྡ་ཐོ་བཏང་བ་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐེངས་གཉིས་པ་སྤྱད་པ་མ་ཟད། ཕྲུ་གུ་གཉིས་དང་དེའི་ཡན་གྱི་བུ་ཕྲུག་མང་པོ་གསོ་སྐྱོང་བྱེད་པའི་ཁྱིམ་ཚང་ལ་དངུལ་བུན་མཐོ་ཤོས་དེ40%འཕར་ཆོག

    དེ་རིང་གི་གནམ་གཤིས།

7.jpg

  • ཧྭ་བྱང་གི་དབུས་རྒྱུད་དང་བྱང་རྒྱུད་དང་། ཧོང་ཧོའེ་ཡི་ཤར་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་བཅས་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧོ་པེའི་ལྷོ་རྒྱུད་དང་། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཅང་ཞིའི་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།
Loading...