དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-12 09:18:34   |   256

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་ཐུན་མོང་ཐོག་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོ་དང་ལ་ཏིང་མེ་གླིང་། ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་གླེང་སྟེགས་སྐབས་བཞི་པའི་པུ་ཀྲང་རིམ་པའི་ཚོགས་འདུ་དེ་ཟླ5ཚེས13ཉིན་པེ་ཅིང་དུ་འཚོག་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། 

  • ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས10ཉིན་བར་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བརྒྱད་ཀྱིས་ས་གནས་དང་ཚན་པ21གི་བཅའ་སྡོད་ལས་དོན་ལེགས་གྲུབ་བྱུང་ཡོད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར1947བྱས་པ་དེ་དུས་མཚུངས་ལས5.3%འཕར་ཡོད། 

  • ཀྲུང་གོ་ངར་ལྕགས་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ངར་ལྕགས་རྒྱུ་ཆ་ཐོན་ཚད་ཏུན་དུང་ཕྱུར3.5ལས་བརྒལ་བ་དེ་དུས་མཚུངས་ལས6.1%འཕར་ཡོད། 

  • ཚེས11ཉིན་སློབ་གསོ་པུ་སོགས་སྡེ་ཁག་དགུ་ཡིས2025ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་མགོ་བརྩམས། 

  • ཁྲོམ་འགྲེམས་སྤྱི་གཉེར་གྱི2025ལོའི་དུས་ཚིགས་དང་པོའི་སྙན་ཞུ་ཉིན་ཤས་གོང་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་། དུས་ཚིགས་གཅིག་ལ་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ཁེ་ལས5400ཡིས་ཨ་མར་དབང་བའི་ཁེ་སྤོགས་སྒོར་དུང་ཕྱུར་ཁྲི1.49ཡིན་པ་དེ་དུས་མཚུངས་ལས3.64%འཕར་ཡོད། 

  • ཟླ4ཚེས25ཉིན་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ཚུན། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ཀྱིས་ལྗིད་ཤུགས་ཆུང་ངུའི་ཁོར་ཡུག་དང་མགྱོགས་མྱུར་འཕྲོད་པ་དང་། བར་སྣང་ཚན་རིག་ཚོད་ལྟ་དང་ཚོད་ལྟའི་རྣམ་གྲངས་ཁག་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། 

    24bbd3c6df5e04bb9efd2ec63b9d7e2.jpg

  • ཚེས11ཉིན་གྱི་དུས་ཚོད21:27སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་བསྒྱུར་བའི་མེ་ཤུགས་འཕུར་མདའ་སྤྱད་ནས། རྒྱང་ཚོར་ཨང་བཞི་བཅུ་པའི་ཚོ་ཆུང02པའི་སྲུང་སྐར་འཕེན་གཏོང་བྱས་ཡོད། 

  • ཚེས11ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་སྨྱན་སྦྱོར་ལ་གསལ་བསྒྲགས་སྤེལ་ནས། ཨུ་ཀྲུང་འབྲེལ་བ་དེ་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ངོ་མ་ཞིག་ཡིན་ཞེས་བརྗོད་དེ་གདེང་འཇོག་བྱས་ཡོད། 

སྤྱི་ཚོགས།

0316415871f0da3eed425c56b4e236e.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས11ཉིན་གནམ་གཤིས་ཐན་པའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། ཧྲའན་ཞི་དང་ཧོ་ནན་སོགས་ཞིང་ཆེན་དུ་གནམ་གཤིས་ཐན་པ་ཚབས་ཆེན་དང་དེ་ཡན་གྱི་གནམ་གཤིས་ཐན་པ་ཡོད་པའི་ནང་ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་ཧོ་ནན་གྱི་ལྷོ་ནུབ་རྒྱུད་སོགས་སུ་ཐན་པ་ཤིན་ཏུ་ཆེན་པོ་ཡོད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་འབྲི་ཆུའི་མཚོ་དོན་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་གི་ཆུ་ཚོད12པ་ནས་བཟུང་། འབྲི་ཆུའི་མ་ལམ་གྱི་སྟོད་སྨད་བར་གསུམ་རྒྱུད་དུ་མཚོ་འགྲུལ་སྒྲིག་སྲོལ་གཅིག་གྱུར་ཡོང་རྒྱུ་རེད། 

  • ཉེ་དུས་ཞིང་ཡེ་དངུལ་ཁང་དང་འགྲིམ་འགྲུལ་དངུལ་ཁང་སོགས་དངུལ་ཁང་མང་པོས་སྤྱི་བསྒྲགས་སྤེལ་ནས། ཡིད་རྟོན་བྱང་བུའི་མ་དངུལ་གསེར་དང་རྐང་དངུལ་སོགས་མ་འཇོག་ཁྱབ་ཁོངས་སུ་གཏོང་རྒྱུ་གཏན་འགོག་བྱ་རྒྱུ་ཁ་གསལ་བཟོས་པ་དང་། དེ་ལས་འགལ་ཚེ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱོད་རྒྱུ་རེད། 

b0266c7beaabda65459ef754d777f48.jpg

  • ཚེས11ཉིན། 2025ལོའི་ཀོང་ཀྲོའུ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུད་རྒྱུག་འགྲན་བསྡུར་གྱི་སྐྱེས་པ་དང་བུད་མེད་ཀྱི་སྨི4×100ཡི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་རེས་སྐོར་གཉིས་པའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་ཚོ་ཆུང་གི་ཨང་དང་པོའི་གྲུབ་འབྲས་ཐོག་ནས་ཐོ་ཁེའོ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐོབ་པ་རེད། 

cf49e72a0b4fc442c934f6375042d2f.jpg

  • ཚེས11ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚངས་ཐིག་ཆེ་བའི་ཕུབ་གྲུབ་འཕྲུལ་འཁོར་གྱི་ལྗིད་ཚད་ཏུན481.5ཡིན་པའི་ཚང་ཡོན་རྟགས་ཅན(沧渊号)གྱི་གྲི་སྡེར་ཆེན་པོ་ལེགས་གྲུབ་བྱུང་ནས། ཧའེ་ཐའེ་འབྲི་ཆུའི་ཕུག་ལམ་གྱི་གཡོན་ཐིག་གི་ཕུབ་གྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། 

  • ཉེ་ཆར། རང་རྒྱལ་གྱིས་ཁྲོམ་ར་ཅན་གྱི་ཉོ་ཚོང་བརྒྱུད་ཞིང་ཆེན་ལས་བརྒལ་བའི་ལྗང་མདོག་གློག་གཏོང་ཉོ་ཚོང་ཐེངས་དང་པོ་མངོན་འགྱུར་བྱུང་བ་དང་། ཤིན་ཅང་གི་སྟོང་ཝ་ཆུ་ཚོད་ཁྲི1200ཡི་ལྗང་མདོག་གློག་གཏོང་སྒང་བྱོལ་སྒོས་པེ་ཅིང་དུ་བསྐྱལ་བ་རེད། 

9d6ad6a28a5dd570f55b84cf5ffd747.jpg

  • ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་དུ་སྨར་སྲིན་ཆེ་གྲས་ཀྱི་རིགས་གསར་བ་གསུམ་ཤེས་རྟོགས་བྱུང་བ་དང་། དེ་དག་ལ་ཉེ་ཐལ་ཐལ་ཆུང་བའི་སུལ་སྲིན (近小灰鳞粉褶菌)དང་། ཉེ་བའི་ཕྱེ་ལེབ་འབུ་ཕྲ(近极细粉褶菌)། ཝུའུ་དབྱི་ཧྲན་གྱི་སུལ་སྲིན(武夷山粉褶菌) བཅས་ཀྱི་མིང་བཏགས་ཡོད།

  • ཚེས11ཉིན། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུ་མིན་ཧང་ཡན་ལག་ཅུས་ཉེན་རྟོག་གནས་ཚུལ་བརྡ་ཁྱབ་བཏང་དོན། དྲ་འབོད་གླ་འཁོར་ཁ་ལོ་བ་ཞིག་གིས་མི་གཞན་གྱི་གསང་བ་ལྐོག་ཏུ་པར་ལེན་དང་ཁྱབ་སྤེལ་བྱས་པའི་རྐྱེན་གྱིས་སྲིད་འཛིན་བཀག་ཉར་བྱས་པ་རེད། 

3476a39077b565d2858e5c536d17c92.jpg

  • ཚེས11ཉིན་གྱི་དུས་ཚོད1:02སྟེང་། ཉིན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། རྒྱལ་ཁབ་གསོ་རིག་མཁས་ཅན། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཚེ་གང་དགེ་རྒན་ཆེ་མོ་བ། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་མཚན་འཛིན་ཡོན་ཀྲང་བཅས་ཡིན་པའི་བློ་མཐུན་ཧྲི་ཞུའེ་རྨིན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཐེན་ཅིན་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ86ཡིན་པ་རེད། 

9094a2f6e31fab9e0248e46ada934b5.jpg

  • ཉེ་ཆར་སི་ཁྲོན་གྱི་ཉེ་འགྲམ་དུ་རླངས་འཁོར་ཆུང་ཆུང་ཞིག་གཙང་པོའི་ནང་དུ་ལྷུང་བ་དང་། རླངས་འཁོར་གྱི་བདག་པོ་རླངས་འཁོར་ནང་དུ་ལུས། ཉེན་ཁ་ཆེ་བའི་སྐབས་སུ། སློབ་གྲྭར་ཁྱིམ་བདག་གི་ཚོགས་འདུ་འཚོགས་པར་སྐྱོད་བཞིན་པའི་སྡོད་དམངས་ཀྲང་ཝང་དང་ཁྲེན་ཅན་གཉིས་ཆུ་འགྲམ་དུ་བསྐྱོད་སྐབས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དྲག་ཏུ་རྒྱུག་པའི་གཙང་པོར་མཆོངས་ནས་རླངས་འཁོར་བདག་པོ་ཕྱིར་འཐེན་བྱས་མཐར། ཉེན་ཁ་ལས་ཐར་ཡོད། 

སྲིད་ཇུས།

  • ལེའོ་ཉིང་གིས་ཡིག་ཆ་བཀྲམ་ནས། ཞིང་ཆེན་ཡོངས་ཀྱི་དམའ་རིམ་སློབ་འབྲིང་གི་ལོ14མན་གྱི་བུ་མོ་ཚོས་རང་མོས་ངང་མངལ་སྐེའི་འབྲས་སྐྲན་སྔོན་འགོག་བྱེད་པའི་རིམ་པ་གཉིས་པའིHPVརིམས་འགོག་སྨན་ཁབ་བརྒྱབ་ཆོག 

  • ཧྲན་ཞིས་བྱ་ཐབས་ཁྱབ་བསྒྲགས་བྱས་ནས། ལོའི་གཙོ་གཉེར་ལས་སྒོའི་ཡོང་འབབ་གཞི་ཁྱོན་ཡན་དུ་ཐེངས་དང་པོར་སླེབས་པ་དང་འབྲེལ་བསྡོམས་རྩིས་སྡེ་ཁག་གི་དྲ་སྦྲེལ་ཐད་གཏོང་ནང་བཅུག་པའི་བཟོ་ལས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དུད་ཚང་རེར་བྱ་དགའ་སྒོར་ཁྲི30སྤྲོད་རྒྱུ་རེད། 

  • སི་ཁྲོན་གྱིས་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས། སྤྱི་བདེའི་སྲིད་དོན་ཞབས་ཞུའི་ལས་སྒྲུབ་ཕན་ནུས་ཆེ་རུ་བཏང་སྟེ། ཁེ་ལས་གཉེར་བ་དང་ཐོན་སྐྱེད་གཉེར་སྐྱོང་ཐད་ཀྱི་ཐམ་ག་བརྐོ་བཟོ་བྱས་ཏེ“སྔོན་མངགས་དང་མགྱོགས་མྱུར་སྒྲུབ་ལེན”གྱི་ཞབས་ཞུ་བཏོན་ནས། ཐམ་ག་བརྐོ་བཟོའི་དུས་ཚད་ཆུ་ཚོད2.5བར་མགྱོགས་སུ་བཏང་ཡོད། 

དེ་རིང་གི་གནམ་གཤིས།

70774383a268d3aee8a88548fa542c5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་བྱང་རྒྱུད། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ། ཡུན་ནན་གྱི་དབུས་ནུབ་རྒྱུད་དང་ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་བར་ཡོད་པ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་པ་དང་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།
Loading...