དེ་རིང་ནི2025ལོའི་ཟླ05པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-13 08:40:55   |   107

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྲོལ་ཡིག》དཔར་འགྲེམ་བྱས།

  • 《ཡོམ་འགོག་གེགས་སེལ་གྱི་གཞི་རྩའི་ཤེས་བྱ་དང་རྩལ་ནུས་རྩ་གནད》ཚེས12ཉིན་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་རྒྱལ་ཡོངས་རིམ་པས་བཟོས་པའི་ཡོམ་འགོག་གེགས་སེལ་གྱི་གཞི་རྩའི་ཤེས་བྱ་དང་བྱ་སྤྱོད་ཀྱི་རྩལ་ནུས་ཚད་གཞི་ཐོག་མ་དེ་ཡིན།

  • སློབ་གསོ་པུས་བརྡ་ཐོ་བཏང་ནས་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྣེ་ཁྲིད་དགེ་རྒན་གྱི་ལས་གནས་བཙུགས་ནས། རྫོང་སློབ་འབྲིང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱས་ཡོད།

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་སྟོན་འབྲུ་བསྡུ་མང་བའི་དུས་ཚིགས་ཀྱི་ཉོ་སྒྲུབ་ལེགས་གྲུབ་བྱུང་བ་དང་། སྟོན་འབྲུ་ཏུན་དུང་ཕྱུར3.45ཉོ་སྒྲུབ་བྱས་པ་དེ་ཉེ་བའི་ལོ་ཤས་རིང་ཆུ་ཚད་མཐོ་ཙམ་ཡོད་པ་རེད།

  • རང་རྒྱལ་གྱིས་འཐབ་ཇུས་ཀྱི་གཏེར་ཁ་ཕྱིར་གཏོང་གི་འབྲེལ་ཐག་ཧྲིལ་པོར་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཐབ་ཇུས་ཀྱི་གཏེར་ཁ་ཁྲིམས་འགལ་ངང་ཕྱིར་སྐྱོད་རྒྱུ་གཏན་འགོག་བྱས་ཡོད།

0b4c4b55785dca5d06869f5fe9c3f95.jpg

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་གཉིས་ཀ་ལོ་རྒྱུས་ཐོག་རླངས་འཁོར་ཁྲི1000ལས་ཐོག་མར་བརྒལ་ཡོད་པ་རེད།

  • ཚེས11ཉིན་བར། རྒྱལ་ཡོངས་ཀྱི་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་གསར་པ་རེ་ཞུ་བྱེད་ཚད་ཁྱོན་ཁྲི1000ལས་བརྒལ་ཡོད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས10ནས་ཚེས11ཉིན་བར། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་སུའེ་ཙེར་གྱི་རི་ནེ་ཝར་འཚོགས།

  • 《ཀྲུང་གོ་དང་ཨ་རིའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས་ཡོད།

  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝུའེ་ལ་ཡིས་ཚེས11ཉིན་གསལ་བསྒྲགས་སྤེལ་ནས། སུའེ་ཙེར་གྱི་རི་ནེ་ཝར་འཚོགས་པའི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་དེ་ལས་མདུན་ཕྱོགས་སུ་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་པ་དང་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་ཡོད།

སྤྱི་ཚོགས།

  • རྒྱལ་ཁབ་བསྡོམས་རྩིས་ཅུས་རྒྱལ་ཡོངས་སུ་མི་འབོར་གྱི་གཏན་འཇགས་མ་དཔེ་རྗེས་འདེད་བརྟག་དཔྱད་ཐེངས་གཉིས་བྱ་རྒྱུ་དང་། ཟླ6ཚེས1ཉིན་ནས་ཟླ6ཚེས25ཉིན་དང་། ཟླ11ཚེས16ཉིན་ནས་ཟླ12ཚེས་5ཉིན་བར། བརྟག་དཔྱད་པ་དུད་ཚང་དུ་བསྐྱོད་དེ་བརྟག་དཔྱད་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

  • རང་རྒྱལ་གྱི་ཕུལ་བྱུང་ནད་གཡོག་ལས་དོན་པ7ལ་སྐབས50པའི་ནན་ཏིང་ཀེར་བྱ་དགའ་ཐོབ་པ་རེད།

b0e17604965b252f9eebb633f6ad916.jpg

  • ཉེ་ཆར་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས“ཁུན་ལུང”AG600ཡིས་གཞོགས་ཆེན་པོའི་རླུང་ཚོད་ལྟ་ལེགས་གྲུབ་བྱས་ནས། ཏ་ཞིང་ཨན་ལིང་མཁའ་འགྲུལ་ནགས་སྲུང་ས་ཚིགས་སུ་བཅའ་སྡོད་བྱས་ཏེ་ཚན་ཞིབ་བཅའ་སྡོད་འགོག་སྲུང་ལས་འགན་བསྒྲུབ་རྒྱུ་ཡིན་པ་རེད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ལེན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • དྲ་འཕྲིན་སྡེ་ཁག་གིས་སྤྱི་པའི་སྲིད་ཇུས་དང་ཐོལ་བྱུང་གྱོད་གཞི་ཐོན་པའི་དོན་རྐྱེན། སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་དྲ་རྒྱའི་དཀྲོག་གཏམ་གྱི་དཔེ་མཚོན་གྱོད་གཞི་ཁག་གཅིག་དམར་རྗེན་དུ་བཏོན་པའི་ནང་། “AIཡིས་རྒྱན་ཤོག་ཨང་གྲངས་སྔོན་དཔག་བྱས་ན་བྱ་དགའ་བརྒྱ་ཆ་བརྒྱ་ཐོབ་པ”སོགས་ཚུད་ཡོད་པ་རེད།

  • 2025ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་ཚེས17ནས19ཉིན་བར་པེ་ཅིང་མིས་བཟོས་གཙང་པོའི་རྟེན་མཛོད་ཁང་དུ་སྤེལ་རྒྱུ་རེད།

  • ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་གིས་རྒྱལ་ནང་ནས་ཐོན་པའི་བདེ་འཇགས་ཞིབ་བཤེར་གྱི་ཆུ་ཚོད་ཉེར་བཞིའི་ཞབས་ཞུ་བཏོན་ནས། འགྲུལ་པ་བརྒྱུད་སྤྲོད་དང་མཚན་གུང་གི་དུས་གཏན་གནམ་གྲུར་སྡོད་པའི་འགྲུལ་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་རེད།

  • ཅང་སུའུ་དང་ཨན་ཧའེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་བཞིས་མཐའ་མཚམས་ས་ཁུལ་གྱི་གནམ་གཤིས་གནོད་འཚེ་མཉམ་འགོག་བྱེད་མགོ་བརྩམས་ནས་ཆ་འཕྲིན་དུས་ཐོག་ཏུ་སྤེལ་རེས་དང་གྲངས་གཞི་ཕྱོགས་ཡོངས་ནས་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་སོགས་འཐུས་སྒོ་ཚང་དུ་བཏང་ནས། གནམ་གཤིས་གནོད་འཚེ་འགོག་སྲུང་ས་ཁོངས་ཀྱི་མཐུན་སྦྱོར་དང་ཉེན་ཁའི་སྔོན་བརྡ་གཏོང་ནུས་ཆེ་རུ་གཏོང་རྒྱུ་རེད།

  • སི་ཁྲོན་གཟི་ཚྭ་སྡེ་དགུ་ནས་མན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་གཙོ་བོ་ཤར་གཏོང་བྱ་རྒྱུ་དང་། རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་གཟི་ཚྭ་སྡེ་དགུ་བར་གྱི་ལམ་ཐག་དེ་སྔའི་ཆུ་ཚོད8ནས་ཆུ་ཚོད4བར་ཐུང་དུ་འགྲོ་རྒྱུ་རེད།

  • ཅང་སུའུ་ནན་ཐུང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉིན་འགའི་སྔོན་དུ་བཟའ་ཐོར་རྩོད་གཞིའི་གྱོད་གཞི་ཞིག་ཞིབ་གཅོད་མཇུག་སྒྲིལ་བྱས་ཏེ། ཕྱོགས་གཞན་དེས་གནས་ཚུལ་མི་ཤེས་པ་མ་ཟད། དངུལ་བུན་དེ་ཁྱིམ་ཚང་གི་འཚོ་བའི་ཐད་སྤྱད་མེད་པའི་གནས་ཚུལ་འོག གཉེན་སྒྲིག་ནང་ཕྱོགས་གཅིག་གིས་གཡར་བའི་དྲ་ཐོག་དངུལ་བུན་དེ་མི་སྒེར་གྱི་བུ་ལོན་དུ་ངོས་འཛིན་བྱས་པ་རེད།

སྲིད་ཇུས།

  • 《སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་ཀྱི་ཀུན་ཤེས་སློབ་གསོའི་ཕྱོགས་སྟོན(2025ལོའི་པར་གཞི)》དང《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གྲུབ་ཚུལ་རྣམ་པའི་མི་ཐབས་རིག་ནུས་བེད་སྤྱོད་ཕྱོགས་སྟོན(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས་ནས། ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་མི་ཐབས་རིག་ནུས་ཀྱི་སློབ་མཚམས་ཧྲིལ་པོའི་སློབ་གསོར་སྐུལ་འདེད་གཏོང་རྒྱུ་རེད།

  • ཧྲའན་ཞིས་ལོ་འཁོར་གྱི་གཙོ་གནད་ལས་འགན་ཁག25ཁ་གསལ་བཟོས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་ནང་། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་བརྒྱུད་རིམ་ལྡན་པའི་ངང་དམའ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པ་སོགས་ཚུད་ཡོད་པ་རེད།

  • ཤིན་ཅང་གིས་བྱེད་ཐབས་ཁག16བཏོན་ནས་ཚོང་ཁང་དང་པོ་དང་འགྲེམ་ཐེངས་དང་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནང་། མཛེས་ལྗོངས་ཁུལ་དང་གངས་ཤུད་ར་བ་སོགས་སུ་ཚོང་ཁང་དང་པོ་དང་། ཐོན་རྫས་འགྲེམས་སྟོན་ཐེངས་དང་པོ། ལེ་ཚན་ཐོག་མར་འཁྲབ་སྟོན་སོགས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཚུད་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

2f2660a9b0e7a0b92347601fc4110d2.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།