དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-14 09:18:01   |   733

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

847843572c3be9d99249af7b1f18d46.jpg

  • ཟླ5ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་ཀྲུང་གོ་དང་ལ་ཏིང་མེ་གླིང་། ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་སྒྲིག་གཞིའི་གླེང་སྟེགས་སྐབས་བཞི་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་གནང་། 

ff7a0d24c4012e8878b5f78367a9633.jpg

  • ཟླ5ཚེས13ཉིན་ཀྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་། 

  • ཟླ5ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏུང་ཉི·ཨ་པ་ཉི་སིར་གློག་འཕྲིན་བཏང་ནས་ཁོང་གོ་གནས་བསྟུད་འཛིན་ཀྱི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། 

5bec7dc7ff93fc4633b02ef9594440b.jpg

  • ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་རེད། 

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཁག་བཞིས《2025ལོའི་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ལས་དོན་གྱི་གཙོ་གནད》དཔར་འགྲེམ་བྱས་ནས་། ད་ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་སྲིད་འཛིན་སྡེ་བར5Gཁྱབ་ཚད90%བརྒལ་བ་བྱ་རྒྱུ་ཁ་གསལ་བཟོས་ཡོད། 

  • མིག་སྔའི་མངག་སྐྱེལ་ལས་རིགས་ཀྱི་འགྲན་རྩོད་ཁྲོད་གནས་པའི་མངོན་གསལ་གྱི་གནད་དོན་ལ་དམིགས་ནས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཁག་ལྔའི་ཅིང་ཏུང་དང་མེ་ཐོན། ཨེ་ལྟོགས་ཐལ་སོགས་ལས་སྟེགས་ཁེ་ལས་ལ་འབོད་གླེང་བྱས་པ་རེད། 

9f4a2906d0d2a9f396fb9a8c55d8658.jpg

  • ཚེས13ཉིན་གྱི་དུས་ཚོད2སྐར་མ9སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་འཁོར་སྐར་ག་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བེད་སྤྱོད་བྱས་ཏེ། འཕྲིན་གཏོང་ལག་རྩལ་ཚོད་ལྟའི་འཁོར་སྐར་ཨང་བཅུ་དགུ་པ་མཁའ་དབྱིངས་སུ་འཕེན་གཏོང་བྱས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ5ཚེས14ཉིན་གྱི་དུས་ཚོད12སྐར་མ01ནས་བཟུང་། ཨ་མེ་རི་ཁ་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་ཁ་སྣོན་བསྡུ་བའི་བྱེད་ཐབས་ལེགས་སྒྲིག་བྱ་རྒྱུ་རེད། 

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས13ཉིན་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་སེམས་བཟང་སྣང་མེད་དུ་བཞག་ནས་ཀྲུང་གོར་གནས་ལུགས་མེད་པའི་སྒོ་ནས་ཧྥན་ཐའེ་ཉི་སྒོ་ཁྲལ་བསྣན་ནས་བསྡུས་པ་དེ་ནི་ཀྲུང་གོ་དང་ཨ་རིས་དུག་འགོག་ཁོངས་གཏོགས་སུ་གླེང་མོལ་དང་མཉམ་ལས་བྱེད་པར་རྡུང་རྡེག་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་ལའང་གནོད་སྐྱོན་ཚབས་ཆེན་བཟོས་པ་རེད་ཟེར། 

  • མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེན་གྱིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་གྱི་གྲུབ་འབྲས་ལ་དགའ་བསུ་ཞུས་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཐོག“ཧ་ཅང་དགེ་མཚན་ལྡན་པའི”བརྡ་རྟགས་ཤིག་ཡིན་པའི་ངོས་འཛིན་བྱེད་པ་རེད། 

    སྤྱི་ཚོགས།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་གྱིས་གསར་སྤེལ་བྱས་པའི“འཛད་སྤྱོད་བརྟག་པའི”ལས་སྟེགས་དྲ་ཐོག་ཏུ་ཚོད་ལྟ་བྱས་པས། འཛད་སྤྱོད་པས་ས་གནས་ཁག་གི་དྲ་ཐོག་ཏུ་རྒྱུ་མཚན་མེད་པའི་ཚོང་ཟོག་ཕྱིར་སློག་ཚོང་པའི་ཆ་འཕྲིན་གནས་གཅིག་ནས་འདྲི་རྩད་བྱེད་ཐུབ། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཡིས་འདྲེན་སྦུག་ནང་དུ་བཙུགས་པའི་སྙིང་བཅོས་མ་འདབ་སྐྱིའི་རྒྱལ་ཁབ་ཚད་གཞི་ཁྱབ་བསྒྲགས་བྱས་པ་དེས་འབྲེལ་ཡོད་ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། 

  • ནང་སོག་ཨེར་ཏུའོ་སི་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་རིམ་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་ལྟར་ན། ཀྲུང་གོའི་རྡོ་སྣུམ་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ལས་འཛིན་དཔོན་ཝང་དབྱི་ལིན་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་དུས་བཀག་བཙོན་འཇུག་ལོ13ལ་བྱ་རྒྱུ་རེད། 

  • རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ལི་ཁྲུན་ལེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • རང་རྒྱལ་གྱི་ཚན་རིག་པས་སྤྱི་ལེ1.36ཕྱི་རོལ་གྱི་ཧའོ་སྨི་རིམ་པའི་ཤན་འབྱེད་མཐོ་བའི་བརྙན་གྲུབ་རྩལ་མངོན་འགྱུར་བྱུང་བས། བར་ཐག་རིང་བ་དང་ཞིབ་ཚད་མཐོ་བའི་རྒྱང་ཚོར་བརྙན་གྲུབ་ལ་སྲིད་ཕྱོད་གསར་པ་བཏོད་ཡོད་པ་རེད། 

  • པེ་ཅིང་དང་ཐེན་ཅིན་ས་གནས་གཉིས་ཀྱིས་འགྲིམ་འགྲུལ་ཀྱི་འགྲོ་སྐྱོད་སྟབས་བདེ་ཅན་མཐོ་རུ་གཏོང་བའི་ལས་ཀའི་ཇུས་གཞི་བཏོན་ནས། རྒྱུན་མཐུད་གྱིས་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་དབར་གྱི་མཉམ་འགུལ་ལྗིད་པོའི་རླངས་འཁོར་ཚོ་ཆུང་གི་གྲངས་འབོར་དང་འགྲོ་སྐྱོད་ཆ་གྲངས་མང་དུ་གཏོང་བ་དང་། དུས་བཀག་པ་སེ་ལེགས་སྒྱུར་བྱ་རྒྱུ་ཡིན་པ་རེད། 

fa4f0148f30fb3b263f4a86bafed012.jpg

  • ཞི་ཨན་ནས་ཨན་ཁང་མྱུར་བགྲོད་ལྕགས་ལམ་བར་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་ཚང་མ་ཤར་གཏོང་བྱས་པ་དང་། རླངས་འཁོར་ཤར་གཏོང་བྱས་རྗེས་ཀོན་ཀྲུང་ཡུག་འབྲེལ་གྲོང་ཚོགས་དང་ཧྲའན་ལྷོའི་ཆིན་པ་རི་ཁུལ་བར་གྱི་བར་ཐག་ཆེས་ཆེར་ཐུང་དུ་འགྲོ་རྒྱུ་རེད། 

  • ཀྲུང་གོ་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཟླ5པའི་ཚེས17ཉིན་ནས་ཟླ6པའི་ཚེས2ཉིན་བར་ཨ་རིར་སོང་ནས་འདུ་འཛོམས་སྦྱོང་བརྡར་དང་འབྲེལ་གདན་འདྲེན་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། 

  • འཇར་པན་པེ་ཧའེ་ཏའོ་སོགས་ས་ཆ་མང་པོ་ཞིག་ཏུ་དོམ་གྱིས་མི་ལ་འཇབ་རྒོལ་བྱེད་པ་དང་བདེ་སྐྱོང་གི་དོན་རྐྱེན་ཡང་ཡང་འབྱུང་བཞིན་ཡོད་པས། ཀྲ་ཧྥུང་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་སྤྱི་ཁྱབ་གཞུང་ཚབ་ཁང་གི་མངའ་ཁོངས་ཀྲུང་གོའི་སྤྱི་དམངས་གྱིས་མི་ལུས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། 

    སྲིད་ཇུས། 

  • པེ་ཅིང་གིས“ལུས་སེམས་སྐོར་གྱི་དོན་ཚན་ཉི་ཤུ”ཁྱབ་བསྒྲགས་བྱས་ནས་གཞོན་ནུ་ལོ་ཆུང་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པ་དང་། ཐོག་མར་ལུས་སེམས་གཅིག་གྱུར་གྱིས་འཆར་འགོད་བཀོད་སྒྲིག་བྱས་ནས། སློབ་མའི་ལུས་ཕུང་དང་སེམས་ཁམས་དུས་མཉམ་དུ་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད། 

  • ཧོ་ནན་གྱིས་མུ་འབྲེལ་གྱི་དམངས་བདེ་དམངས་ཕན་སྒྱུར་བཅོས་ཆུང་གྲས་ཀྱི་དོན་ཚན་ཁྱབ་བསྒྲགས་བྱས་པ་དེའི་ནང་མཐོ་རྒྱུགས་རེ་འདོད་རེའུ་མིག་འགོད་འབུལ་རམ་འདེགས་མ་ལག་ཞིབ་འཇུག་གསར་སྤེལ་དང་། དཔང་ཡིག་ལག་ཁྱེར་དུས་བཀག་སླེབས་པའི་དྲན་སྐུལ་ལམ་སྲོལ་ལག་བསྟར་སོགས་ཚུད་ཡོད། 

  • སི་ཁྲོན་གྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ལེ་གྲུ་བཞི་ཁྲི40ལས་བརྒལ་བའི་སྙན་ཞུའི་མཁའ་ཁོངས་འཆར་འགོད་བྱས་ནས། དམའ་དབྱིངས་ཐོན་ཁུངས་ཚད་ཆེ་ཤོས་ཀྱིས་གློད་གཏོང་བྱས་ཡོད། 

    དེ་རིང་གི་གནམ་གཤིས། 

e101220bc2c5601037a324b074bda19.jpg

  • ཧེ་ལུང་ཅང་གི་དབུས་རྒྱུད་དང་ཅི་ལིན་གྱི་དབུས་རྒྱུད། ལིའོ་ཉིང་གི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། ཧུའུ་ནན་ནུབ་བྱང་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཀུའེ་ཀྲོའུ་ནུབ་རྒྱུད། ཡུན་ནན་ཤར་རྒྱུད། ཧའེ་ནན་གླིང་ཕྲན་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།