དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-15 09:25:07   |   461

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ5ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལ་ཏིང་མེ་གླེང་གི་གླེང་སྟེགས་སྐབས་བཞི་པའི་པུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པར་ཡོང་བའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་ལ་ཐུག་འཕྲད་གནང་།

02.jpg

  • ཟླ5ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལ་ཏིང་མེ་གླེང་གི་གླེང་སྟེགས་སྐབས་བཞི་པའི་པུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པར་ཡོང་བའི་ཀྲི་ལིའི་(ཆི་ལི)ཙུང་ཐུང་པོ་ལི་ཆི་དང་ཐུག་འཕྲད་གནང་།

  • ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི》པར་འགྲེམས་བྱས་པ་རེད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར་གཞིགས་ན། མིག་སྔར། རྒྱལ་ཡོངས་ཀྱི་དགུན་དུས་སྣུམ་ཚལ་བླངས་པ་བཅུ་ཆའི་བཞི་ལས་བརྒལ།

  • ཚན་རྩལ་པུ་དང་ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་མཉམ་འབྲེལ་ཐོག་ཡིག་ཆ་པར་འགྲེམས་བྱས་ནས་ཚན་རྩལ་དངུལ་རྩའི་སྲིད་ཇུས་བྱེད་ཐབས་ཁག15བཏོན་ཏེ། ཚན་རྩལ་གསར་གཏོད་ཀྱི་འཁོར་ཡུན་ཡོངས་དང་འབྲེལ་ཐག་ཡོངས་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ།

  • གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། ཟླ4པར། རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ4.3%འཕར་བ་དང་། ན་ནིང་དུས་ཚིགས་བཞི་པའི་ཚུན་ནས་བརྟན་འཇགས་ངང་འཕར་བའི་རྣམ་པ་རྒྱུན་མཐུད་བྱས་ཡོད།

  • ཀྲུང་དབྱང་དངུལ་ཁང་གིས་ཉིན14ཡིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། ད་ལོའི་སྔོན་གྱི་ཟླ་བ་བཞི་པོའི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་པའི་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི16.34ཟིན་པ་དང་། ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི3.61མང་དུ་སོང་ཡོད།

03.jpg

  • ཚེས14ཉིན། རང་རྒྱལ་གྱིས་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་ཐེག་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས། མཁའ་དབྱིངས་རྩིས་རྒྱག་འཁོར་སྐར་སྐར་ཁྱིམ་བདེ་བླགས་ངང་འཕེན་གཏོང་བྱས་པ་དང་། འཁོར་སྐར་བདེ་བླག་ངང་སྔོན་བཀོད་བྱས་པའི་འཁོར་ལམ་དུ་བསྐྱོད་པ་རེད།

  • ཚེས14ཉིན། ཀྲུང་གོའི་རྒྱ་མཚོའི་ཉེན་རྟོག་གི་དམག་གྲུ1306སྒྲིག་དཔུང་གིས་རང་རྒྱལ་ཏེའོ་ཡུས་གླིང་ཕྲན་མངའ་ཁོངས་ཀྱི་མཚོ་ཁོངས་སུ་སྐོར་ཞིབ་བྱས་པ་རེད།

  • ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ5ཚེས14ཉིན་གྱི་ཞོགས་པའི་ཆུ་ཚོད་00:01སྟེང་། ཨ་མེ་རི་ཁས་ཀྲུང་གོར་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུའི་ཐད་ལ་ལེགས་སྒྲིག་བྱས།

སྤྱི་ཚོགས།

  • ཚེས16ཉིན་ནས་བཟུང་། ཧོང་ཧོའེ་དབུས་ནུབ་རྒྱུད་དང་། ཧྭ་པེའི་ལྷོ་རྒྱུད། ཧྲའན་ཤིས་ཀོན་ཀྲུང་སོགས་སུ། རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཐོན་རྒྱུ་དང་། ས་གནས་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས40℃ལས་བརྒལ་ཡང་སྲིད།

  • ཟླ1ནས4བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ལྗང་མདོག་དངུལ་བུན་སྒོར་དུང་ཕྱུར2500ལྷག་ཙམ་བཏང་ནས། ལྗང་སྒྱུར་རྨང་གཞིའི་སྒྲིག་བཀོད་དང་། དག་གཙང་ནུས་རྒྱུ། སྐྱེ་ཁམས་སྲུང་སྐྱོང་། སྦགས་བཙོག་འགོག་བཅོས་སོགས་ཀྱི་མངའ་ཁོངས་ལ་གཙོ་གནད་རྒྱབ་སྐྱོར་བྱས་པ་རེད།

  • བཟོ་ལས་ཆ་འཕྲིན་པུའི་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་2025ལོའི་ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་ཤོས་བཅས་ཀྱི“འཇོན་ཐང་མི་བུའི”ཁེ་ལས་ངོས་འཛིན་དང་། བསྐྱར་བཤེར་གྱི་ལས་དོན་ཚེས14ཉིན་ནས་མགོ་བརྩམས་པ་རེད།

  • 2025ལོའི་ཀྲུང་གོའི་དྲ་རྒྱའི་དཔལ་ཡོན་ཚོགས་ཆེན་ཟླ6ཚེས10ཉིན་ནས་ཚེས11བར་ཨན་ཧུའེ་ཧོ་ཧྥེ་རུ་འཚོག་རྒྱུ་རེད།

  • ཉིན་ཤས་གོང་། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་དངུལ་བླངས་པའི་དོགས་ཉེས་ཡོད་པའི་ཐོག་ནས་ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་དེ་སྔའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་ལུའུ་ཁེ་ཧྭ་འཛིན་བཟུང་བྱ་རྒྱུ་གཏན་འབེབས་བྱས་པ་རེད།

  • ཚེས14ཉིན། ཙི་ཀོང་སྡེ་ཚོགས་ཀྱི་དེ་སྔའི་ཏུང་ཧྲི་ཀྲང་ཀྲའོ་ཝེ་གོ་ཡིས་ལྐོག་ཟ་དང་། གཉེན་གྲོགས་ལ་ཁྲིམས་མིན་གྱི་ཁེ་ཕན་སྒྲུབ་པ། ཁྲོམ་འགྲེམ་སྤྱི་གཉེར་གྱི་ཁེ་ཕན་ལ་གནོད་པ་བཅས་ཀྱི་གྱོད་གཞིའི་འདྲི་གཅོད་དང་པོ་ཡོངས་བསྒྲགས་ངང་འདྲི་གཅོད་བྱས་པ་དང་། ཀྲའོ་ཝེ་གོ་ལ་སྲོག་ཁྲིམས་འགྱངས་གཅོད་ཀྱི་ཁྲིམས་ཐག་བཅད་པ་རེད།

  • ད་ལོ་སྔོན་གྱི་ཟླ་བ་བཞི་བོའི་རིང་། ཀོང་ཏུང་ཨོ་ཀང་ཨའོ་མཚོ་ཁུག་ཆེན་མོའི་ནང་ལོག་གྲོང་ཁྱེར9ཡི་ཕྱིར་འཚོང་ནང་འདྲེན་བྱས་ཚད་སྒོར་དུང་ཕྱུར2.85ཟིན་པ་དང་། 5.4%འཕར་ནས། ཀོང་ཏུང་གི་ཕྱིར་འཚོང་ནང་འདྲེན་སྤྱིའི་རིན་ཐང་གི96.4%ཟིན་ཡོད།

  • ཀྲུང་གོ་ཉིང་རྡུལ་ཚོགས་པའི་གནས་ཚུལ་ལ་གཞིགས་ན། 2022ལོ་ནས་ད་ལྟའི་བར་དུ། “ཧྭ་ལུང་ཨང་རྟགས་དང་པོའི”གོ་ལ་ཧྲིལ་པོའི་ཐོག་མ་ཡིན་པ་དང་། ཧྥུའུ་ཆིང་ཉིང་གློག་གི་འཕྲུལ་ཆས་ཨང་རྟགས5པ་རྒྱུན་མཐུད་དང་བདེ་འཇགས་ངང་ཉིན1000ལ་འཁོར་སྐྱོད་བྱས་པ་དང་། རིམ་རྩིས་བྱས་ན་གློག་ཏུའུ་དུང་ཕྱུར370འདོན་སྤྲོད་བྱས་པ་རེད།

04.jpg

  • ཚེས14ཉིན། རྒྱལ་ནང་གྱི་ནུས་ཚད་ཆེ་བའི་ཁོར་ཡུག་སྲུང་སྐྱོང་འཁོར་འཐེན་གྲུ་གཟིངས་ཐོག་མ“ཅུན་ཁྲོན”དངོས་སུ་ཧྲའན་ཤི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གྱི་ཝང་ཡའོ་ཆུ་མཛོད་ཀྱི་ཤོང་ཚད་ཆེ་རུ་གཏོང་བའི་ལས་གྲྭའི་འདམ་སེལ་ལས་ཀའི་ཐད་སྤྱད་པ་རེད།

སྲིད་ཇུས།

  • ཧའེ་ནན་གྱིས2025ལོའི་ཟླ6ཚེས1ཉིན་ནས་བཟུང་། ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་བུ་བཙའི་ཁ་གསབ་ཐད་ཀར་མི་སྒེར་ལ་བྱིན་ཆོག་པ་དང་། རེ་ཞུ་བྱས་ཐོག་མྱུར་དུ་ལོངས་སྤྱོད་ཆོག་པ”ཁ་གསལ་བཟོས་ཡོད།

  • ཧོ་པེ་ཡིས་ཡིག་ཆ་བསྒྲགས་ནས། ཉེ་བའི་ལོ་གཉིས་རིང་གསར་གཏོད་ཀྱི་ནུས་པ་ཅུང་ཆེ་བ་དང་། ལོ་འཁོར་གོང་མའི་རང་ཡོད་མ་དངུལ་གྱི་ཞིབ་འཇུག་གསར་སྤེལ་གཏོང་ཚད་སྒོར་ཁྲི200ཡན་གྱི་ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་ཤོས་བཅས་ཀྱི་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་ཐད་བཏང་བའི་མ་དངུལ་དངོས་ཀྱི20%ལྟར་ཐེངས་གཅིག་ཅན་གྱི་ཁ་གསབ་སྤྲོད་རྒྱུ་དང་། ཆེས་མཐོ་ཤོས་སྒོར་ཁྲི100ལས་མི་བརྒལ་བ་རེད།

  • སི་ཁྲོན་གྱིས་འབྲུ་རིགས་འདེབས་མཁན་དུད་ཚང་ཆེ་པོར་ཁ་གསབ་སྟེར་བའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། ཁ་གསབ་ཀྱི་ཚད་གཞི་ནི་ཁྲེང་ཏུའུ་བདེ་ཐང་ཁུལ་ལ་མུའུ་རེར་སྒོར100དང་། རི་ས་ས་མཐོའི་ཁུལ་ལ་མུའུ་རེར་སྒོར200ཁ་གསབ་བྱ་རྒྱུ་ཁ་གསལ་བཟོས་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་ཕྱོགས། ཁྲོན་ཞི་ས་མཐོའི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཅང་ཧོའེ་ནུབ་རྒྱུད། ཅང་ཧན་ཤར་རྒྱུད། ཅང་ནན་གྱི་དབུས་བྱང་རྒྱུད་དང་ནུབ་རྒྱུད། ཧྭ་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།