དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-19 09:08:47   |   357

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》དཔར་འགྲེམ་བྱས་པར་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1པོ་ནས4པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་ཁག་དུང་ཕྱུར674ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས18.3%འཕར་ཡོད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནང་གྲང་སྦྲེལ་ཟོག་འགྲེམས་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར2.21ཟིན་པ་དེ་དུས་མཚུངས་ལས4%འཕར་ནས་གྲང་སྦྲེལ་ཟོག་འགྲེམས་ཁྲོམ་རའི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་རིག་དངོས་ཅུའི་གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར་རྒྱལ་ཡོངས་ཀྱི་རྟེན་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་དུང་ཕྱུར14.9སྣེ་ལེན་བྱས་པ་དང་རྟེན་མཛོད་ཁང་རིན་མེད་ངང་སྒོ་འབྱེད་ཚད91.46%ཟིན་ཡོད་པ་རེད། 

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་མཇུག་ཏུ་རང་རྒྱལ་གྱི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་ངུ་དང་ཆུང་གྲས་ཀྱི་དངུལ་བུན་ལྷག་དངུལ་སྒོར་དུང་ཕྱུར་ཁྲི35.3ཡོད་པ་རེད།

  • གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་ལོ་འཁོར་གཞི་གྲངས་ཐོན་སྐྱེད་སྤྱི་འབོར་དུས་མཚུངས་ལས25%འཕར་བ་དང་། ཚོད་རྩིས་བྱས་པར་གཞིགས་ན། 2030ལོར་རང་རྒྱལ་གྱི་གཞི་གྲངས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི7.5ཟིན་རྒྱུ་རེད།

  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་ལེན་བྱས་པའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ལྟེ་བའི་མཁོ་སྤྲོད་ཚོང་པ་ཡིན་པའི་བྱང་སྐར་མ་ལག་དེ་དམངས་སྤྱོད་མཁའ་འགྲུལ་དང་། མཚོ་ཐོག་ལས་དོན། སྤོར་བདེའི་འཕྲིན་གཏོང་སོགས་རྒྱལ་སྤྱིའི་རྩ་འཛུགས11གི་ཚད་ལྡན་མ་ལག་ནང་ཕྱོགས་ཡོངས་ནས་ཞུགས་ཡོད་པ་རེད།

  • ཚོང་དོན་པུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། 2025ལོའི་ཟླ5པའི་ཚེས19ཉིན་ནས་བཟུང་། ཨ་རི་དང་། ཡོ་རོབ་མནའ་འབྲེལ། ཐའེ་ཝན་ས་ཁུལ། འཇར་པན་བཅས་ནས་ཐོན་པའི་ནང་འདྲེན་མཉམ་འདུས་ཀྱི་འདུས་འདྲེས་ཀ་ཆོན་ལ་ཕམ་ཚོང་རྒོལ་ཁྲལ་བསྡུ་རྒྱུ་ཡིན་པ་རེད།

图片1.jpg

  • ཚེས18ཉིན། རྒྱུ་སྐར་འཚོལ་ཞིབ་ལས་གྲྭའི་ཐེན་ཝུན་འཚོལ་ཞིབ་ཆས་ཨང་གཉིས་པ་དེ་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་འཕེན་གཏོང་ཁུལ་དུ་ཁ་བསྒྱུར་ཅིང་། ཟླ5པའི་ཟླ་མཇུག་ཏུ་གོ་སྐབས་དང་བསྟུན་ནས་འཕེན་གཏོང་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས17ཉིན། མོ་ཞི་ཁོའི་མཚོ་དམག་གི་རླུང་གཡོར་སྦྱོང་བརྡར་གྲུ་གཟིངས་ཤིག་ཨ་རིའི་ཉིའུ་ཡོག་ཏུ་ཟམ་ལ་རྡུང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། ཉིའུ་ཡོག་གི་གྲོང་སྤྱི་ཡ་ཏང་སིས་དོན་རྐྱེན་ནང་མི2རྐྱེན་ལམ་དུ་ཤོར་བ་དང་མི17རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

图片2.jpg

  • ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་ཚེས18ཉིན་རླུང་ཆེན་སྔོན་པོའི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། མཁའ་རླུང་གྲང་པོའི་ཤུགས་རྐྱེན་ཐེབས་པས། སྔོན་དཔག་བྱས་ན་ཚེས18ཉིན་གྱི་ཆུ་ཚོད20ནས་ཚེས19ཉིན་གྱི་ཆུ་ཚོད20བར། ཞིན་ཅང་གི་ས་ཁུལ་མང་ཆེ་བ་དང་། ནང་སོག་གི་ས་ཁུལ་མང་ཆེ་བ། ཀན་སུའུ་ནུབ་བྱང་རྒྱུད་སོགས་སུ་རླུང་ཆེན་རིམ་པ5ནས6བར་དང་། ཐོལ་རླུང་རིམ་པ7ནས8བར་གཡུག་རྒྱུ་རེད།

  • རྒྱལ་ཁབ་སྔོན་འགོག་སྤྱི་ཁྱབ་པུ་ཡིས་ཧྥུ་ཅན་དང་ཀོང་ཞི་ཞིང་ཆེན་གཉིས་ལ་དམིགས་ནས་ཆུ་ལོག་སྔོན་འགོག་རིམ་པ་བཞིའི་འཕྲལ་བསྟུན་བབ་བསྟུན་བྱེད་མགོ་ཚུགས་པ་རེད།

  • ད་སྔའི་བར་རྙེད་པའི་ཀྲུང་གོའི་དར་བྲིས་དཔེ་དེབ་སྔ་ཤོས་ཏེ། མདེའུ་མཛོད་ཀྱི་དར་བྲིས་དཔེ་དེབ་གཉིས་པ་དང་གསུམ་པ་ཚེས18ཉིན་གྱི་ཐོ་རེངས་སུ་པེ་ཅིན་དུ་འབྱོར་ནས་ཟླ7པར་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་སྤྱི་དམངས་ལ་ཐོག་མར་འགྲེམས་སྟོན་བྱ་རྒྱུ་རེད།

图片3.jpg

  • ཚེས18ཉིན། AG600“ཁུན་ལུན”སྡེབ་འབོར་ཐོན་སྐྱེད་ཀྱི་གནམ་གྲུ་ཐོག་མ་དེ་ཀོང་ཏུང་ཀྲུའུ་ཧའེ་རུ་ཐོན་སྐྱེད་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད།

  • ཚེས18ཉིན། རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་གྲསC919ཧྲང་ཧའེ་ཧུང་ཆའོ་ནས་ཧྲེན་ཀྲེན་བར་ཐད་ཀར་འགྲོ་འོང་བྱེད་པའི་མཁའ་ལམ་དུ་དངོས་སུ་འཁོར་སྐྱོད་བྱས་པ་རེད།

  • 2025ལོའི་ཡ་གླིང་གི་ལྗིད་འདེགས་གཟེངས་རྟགས་འགྲན་སྡུར་ཉེ་ཆར་ཀྲེ་ཅང་ཅང་ཧྲན་དུ་མཇུག་བསྡུས་པ་དང་། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ31དང་། དངུལ་གྱི་རྟགས་མ15། ཟངས་ཀྱི་རྟགས་མ11ཐོབ་ནས། “ཀྲུང་གོའི་སྟོབས་ཤུགས”ཀྱི་ཡ་གླིང་གི་སྣེ་ཁྲིད་གནས་བབ་སྲུང་སྐྱོབ་བྱས་པ་རེད།

  • ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་གྱི“གསར”སྐྱོང་ཚོང་པ་ཁག་དང་པོ་ཏ་ཏུའུ་ཁོའུ་ཆུས་སུ་དངོས་སུ་སྒོ་བྱང་བཀལ་བ་དང་། དེའི་དམིགས་ཡུལ་ནི་མངགས་སྐྱེལ་པ་དང་མྱུར་སྐྱེལ་པས་ཆུ་འཐུང་དཀའ་བ་དང་། གསང་སྤྱོད་ལ་འགྲོ་དཀའ་བ། གློག་གསོག་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།

  • ཚེས18ཉིན་ཀྲེ་ཅང་རུའེ་ཨན་གྲོང་ཁྱེར་སློབ་གསོ་ཅུ་ཡིས་གནས་ཚུལ་བརྡ་ཁྱབ་བཏང་སྟེ། དྲ་ཐོག་ནས་མ་ཡུས་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ལིན་ཆེ་གེ་མོ་ཡིས་སློབ་མར་ཆད་གཅོད་བསླབ་འདོམས་བྱེད་པའི་བྱ་སྤྱོད་སྤེལ་བའི་བརྙན་ལམ་ལ་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་དང་། ལིན་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་ཡོད་ཅེས་བཤད་ཡོད་པ་རེད།

图片4.jpg

  • མ་ལེ་ཞི་ཡར་སྡོད་པའི་དོམ་ཁྲ“ཧྥུ་ཝ”དང“ཧྥེང་དབྱི”ཚེས18ཉིན་བདེ་འཇགས་ངང་ཀྲུང་གོར་ཕྱིར་ལོག་པ་རེད།

  • ཚེས18ཉིན། སྙིང་འགག་བྱུང་བའི་སློབ་གྲོགས་བསྐྱབས་པའི་དབང་གིས་ཧྲན་ཏུང་ཞིང་ཆེན་གྱི་དཔྱིད་ཀའི་མཐོ་རྒྱུགས་ཀྱི་སྐད་ཡིག་རྒྱུགས་ལ་ཞུགས་མེད་པའི་ཅང་ཀྲའོ་ཕེང་གིས་ཡན་ཐའེ་རུ་གསབ་རྒྱུགས་བདེ་བླག་ངང་བླངས་པ་རེད།

སྲིད་ཇུས།

  • ཧུའུ་པེ་ཡིས་སྨན་བཅོས་འགན་སྲུང་གི་སྒྲིག་སྲོལ་གསར་པ་བཏོན་ཏེ། ལོ་དེར་ཐེབས་རྩ་རྩིས་སྤྲོད་བྱས་མེད་པའི་གྲོང་མིའི་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་མི་སྣར་ཕྱི་ལོར་ནད་ཚབས་ཆེ་བའི་འགན་སྲུང་གི་གཏོང་སྤྲོད་ཚད་མཐོ་ཤོས་ཐེངས་གཅིག་མཐོ་རུ་གཏོང་རྒྱུ་རེད།

  • ཀྲེ་ཅང་གིས་རིག་ནུས་ཁྱིམ་ཆས་འཕྲུལ་མི་དང་། རིག་ནུས་མིག་ཤེལ། རིག་ནུས་སྐྱེ་དངོས་འདྲ་བཟོ། རིག་ནུས་བདེ་ཐང་སོགས་ཐོན་རྫས་འཛད་སྤྱོད་དངོས་རྫས་རྙིང་ནས་གསར་དུ་བརྗེ་བའི་ཁ་གསབ་ཁྱབ་ཁོངས་ནང་བཅུག་ནས་ཆེས་མཐོ་ན་རྣམ་གྲངས་རེར་སྒོར2000ཁ་གསབ་སྤྲོད་རྒྱུའི་བརྡ་ཐོ་དཔར་འགྲེམས་བྱས་པ་རེད།

  • ཧྥུ་ཅན་ཧྥུ་ཀྲོའུ་ཡིས་ཧྥུ་མ“གྲོང་ཁྱེར་གཅིག་པའི་འཚོ་བའི་ཚོམས”སྔོན་ལ་ཚོད་ལྟ་བྱེད་པའི་སྲིད་ཇུས་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་དང་། སྲིད་ཇུས་དེ་ངོགས་གཉིས་ཀྱི་ཐུན་མོང་ཁྲོམ་ར་མཉམ་འདྲེས་དང་། འཚོ་བ་སྟབས་བདེ་ཅན་མཐོ་རུ་གཏོང་བ། ཧྥུ་མ་གྲོང་ཁྱེར་གཅིག་པའི་སྤེལ་རེས་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་ཁྱོན་བྱེད་ཐབས10བཏོན་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

图片5.jpg

  • ཅང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད་དང་། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཀོང་ཞི། ཀོང་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་དེ་བཞིན་ཞིན་ཅང་གི་དབྱི་ལི་ཆུ་བོའི་ལུང་གཞུང་དང་ཐེན་ཧྲན་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཞིའི་ལྷོ་ནུབ་རྒྱུད་དང་དབུས་རྒྱུད་དང་། ཀོང་ཏུང་གི་བྱང་རྒྱུད། ཧྥུ་ཅན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། གོང་གསལ་གྱི་ས་ཁུལ་ཁ་ཤས་སུ་དུས་ཡུན་ཐུང་ངུའི་ཆར་ཆུ་དྲག་པོ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཐོག་རྒོད་དང་རླུང་ཆེན་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཡོད་པ་རེད།


མཉམ་སྤྱོད།