དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-21 08:07:58   |   223

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

图片1.png

  • ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ཡིད་ཆེས་བརྟན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་དབུས་རྒྱུད་ཀྱི་ས་གཞི་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་ཞེས་ནན་བཤད་གནང་།

  • ཟླ5ཚེས20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་འཕེལ་བཅོས་ཨུ་ལྷན་གྱིས་གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་རྣམ་གྲངས27ལ་ཞིབ་མཆན་བཀོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར5737བཏང་ཡོད།

  • རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར12.99སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས3.6%འཕར་ཡོད།

  • ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར93581ཟིན་པ་དེ་དུས་མཚུངས་ལས4.6%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར7721ཟིན་པ་དེ་དུས་མཚུངས་ལས4.7%འཕར་ཡོད།

  • ཚེས20ཉིན་ཀྲུང་དབྱང་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་བར་གྱི་ལས་རིགས་གཅིག་པའི་ནང་བསྐྱིས་ལྟེ་གནས་ལ་དབང་བསྐུར་ཏེ་ཁྱབ་བསྒྲགས་བྱས་པར་གཞིགས་ན། དུས་ཡུན་ལོ་གཅིག་གིLPRནི3%བར་ཆག་པ་དང་། དུས་ཡུན་ལོ་ལྔ་ཡན་གྱིLPRནི3.5%བར་ཆག་ནས་ཆ་སྙོམས་ཀྱིས་དུས་ཐེངས་གོང་མ་དང་བསྡུར་ན་གཞི་གནས10ཆག་ཡོད།

  • ཚེས20ཉིན་ནས་བཟུང་། “ལོ་ལྔའི་འཆར་བཞི་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་གྱིས་དྲ་རྒྱའི་ཐོག་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

图片2.png

  • ཚེས20ཉིན་གྱི་ཆུ་ཚོད19སྐར་མ50སྟེང་། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་ལེགས་སྒྱུར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས་ཀྲུང་གོའི་སྲུང་སྐར3Bསྲུང་སྐར་བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

  • མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས1970ལོའི《རིག་གནས་རྒྱུ་ནོར་ཁྲིམས་འགལ་ངང་ཕྱིར་གཏོང་ནང་འདྲེན་བྱེད་པ་གཏན་འགོག་བཀག་འགོག་བྱེད་པ་དང་དེའི་བདག་དབང་ཁྲིམས་འགལ་ངང་ནང་བཤུག་གཏོང་བའི་བྱེད་ཐབས་སྐོར་གྱི་སྤྱི་ཆིངས》ཀྱི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་ཆེན་སྐབས་བརྒྱད་པ་ཚེས19ཉིན་ཕ་རི་སིར་འཚོགས་པ་དང་ཀྲུང་གོ་ཆིངས་འཇོག་རྒྱལ་ཁབ་ཚོགས་ཆེན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་ཐོག་མར་བདམས་པ་རེད།

སྤྱི་ཚོགས།

图片3.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས20ཉིན་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས21ཉིན་གྱི་ཉིན་མོར་ཧྲའན་ཞི་དང་ཧྲན་ཞི། ཧྲན་ཏུང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཧུའུ་པེ། སི་ཁྲོན། ཁྲུང་ཆིང་། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་སུ་དྲོད་ཚད35ནས36བར་གྱི་གནམ་གཤིས་འབྱུང་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ40℃ཡན་ཟིན་གྱི་ཡོད།

  • རྒྱལ་ཁབ་གསོག་འཇོག་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་སོ་སོའི་དབྱར་འབྲུ་ཉོ་སྒྲུབ་ལས་དོན་གྲ་སྒྲིག་བྱས་ཟིན་པ་དང་། ཡུལ་སྐོར་བ་མང་བའི་དུས་སུ་ཉོ་སྒྲུབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་ད་ལོའི་དུས་ཚིགས་གསར་པའི་དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར2000ཙམ་ཟིན་རྒྱུ་རེད།

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན།“ལོ་ལྔའི་འཆར་བཞི་བཅུ་བཞི་པའི”ཚུན་དུ། རང་རྒྱལ་གྱིས་གྲོང་ཁྱེར་གྱི་འགྲོ་ལམ་སྤྱི་ལེ་ཁྲི56.4བསྐྲུན་པ་དང་ལྕགས་ལམ་འགྲིམ་འགྲུལ་གྱི་ལམ་ཐག་སྤྱི་ལེ་ཁྲི1.1ཟིན་ཡོད།

  • ཚེས20ཉིན། ཧོ་པེ་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲེན་ཡུས་ཞང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས་ཁྲེན་ཡུས་ཞང་ལ་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱས་པ་རེད།

  • ཚེས20ཉིན་ཉིང་ཏེ་དུས་རབས་ཀྱིས་ཞང་ཀང་ཉོ་ཚོང་ཁང་དུ་དངོས་སུ་ཁྲོམ་རར་བཏོན་པ་དང་མ་དངུལ་བསྡུ་རུབ་བྱས་པའི་དངུལ་འབོར་ཞང་ཀང་སྒོར་དུང་ཕྱུར353.3ཟིན་ནས་ཉེ་བའི་ལོ་ཤས་རིང་གི་ཞང་ཀང་གིIPOཆེ་ཤོས་བཏོད་ཡོད།

000.jpg

  • ཚེས20ཉིན། ཀྲེ་ཅང་ཀོང་ཞ་རུ་ཁག་གིས2024-2025ལོའི་འགྲན་སྡུར་དུས་ཚིགས་ཀྱིCBAཡི་རྟིང་རྩོད་འགྲན་སྡུར་ནང4:2ཀྱི་སྤྱིའི་སྐར་གྲངས་ཐོག་ནས་པེ་ཅིན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་སྤོ་ལོའི་རུ་ཁག་གི་ལོ་རྒྱུས་ཐོག་གིCBAམཉམ་འབྲེལ་འགྲན་སྡུར་གྱི་སྤྱིའི་ཨང་དང་པོ་བླངས།

图片5.png

  • རྒྱལ་སྤྱིའི་འཕེན་འཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐེངས་གསར་ཤོས་ཀྱི་འཛམ་གླིང་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་། ལིན་ཧྲི་ཏུང་དང་སུན་ཡིང་ཧྲ་གཉིས་སོ་སོར་སྐྱེས་པ་དང་བུད་མེད་ཀྱི་འཕེན་འཕང་སྤོ་ལོའི་ཁེར་རྒྱག་ཨང་དང་པོར་སླེབས་ཡོད།

  • ཉེ་ཆར་པར་ལེན་ལས་རིགས་ཀྱི་ལས་སྒྲུབ་མི་སྣ་ལིའུ་ཆེ་གེ་མོས་ཞེན་མི་འགུག་པ་དང་དྲ་གྲགས་རྒྱས་ཆེད། ལས་གྲོགས་སུན་ཆེ་གེ་མོ་དང་མཉམ་དུ“བག་གསར་མག་གསར་གྱིས་གཉེན་སྒྲིག་ཐོ་འགོད་ཚོམས་ཆེན་དུ་རྡུང་རེས་བྱས་པའི”དཀྲོག་གཏམ་བརྙན་ཐུང་འཁྲབ་པས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དཀྲུགས་ནས་སྲིད་འཛིན་བཀག་ཉར་ཉིན་བཅུ་བྱས།

图片6.png

  • ཧུའུ་ནན་ཧོའེ་ཧྭ་ཡི་རྒན་པའི་གློག་སྒུལ་རྐང་ཚབ་རླངས་འཁོར་ཞིག་གློ་བུར་དུ་མེ་ཤོར་བ་དང་ལིན་ཁྲོམ་གཞུང་གི་ཚོང་ཁང་སྦྱིན་བདག་ཧྲུའུ་ཏན་རྐང་རྗེན་དུ་ཕྱིར་བརྒྱུགས་ཤིང་མེ་གསོད་འཕྲུལ་ཆས་ཁྱེར་ནས་རོགས་སྐྱོབ་བྱས་པས་མཐར་མེ་ཤུགས་ཚོད་འཛིན་ཐུབ་ཡོད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་སྲིད་ཇུས་དཔར་འགྲེམས་བྱས་ཏེ། སྔོན་ཐོན་ལག་རྩལ་བཀོལ་སྤྱོད་ཀྱི་སྡུར་ཚད་དེ་བླང་བྱ་དང་མཐུན་པའི་རང་ཚུགས་ནུས་གསོག་གློག་ཁང་ལ་སྔོན་ཐོན་ལག་རྩལ་སྒྲིག་ཆས་དངུལ་འཇོག་རྒྱུན་ལྡན་གྱི་ལི་གློག་དངུལ་འཇོག་བྱེད་ཚད་ལས40%མཐོ་བ་ལྟར། རྣམ་གྲངས་རེར་བྱ་དགའ་མཐོ་ཤོས་སྒོར་ཁྲི5000སྤྲོད་ཐེངས་གཅིག་ལ་བྱ་དགའ་སྤྲོད་རྒྱུ་རེད།

  • ཧོ་ནན་གྱིས་ཞིང་ལས་གཞན་སྒྱུར་མི་འབོར་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་མཉམ་ཁྲིད་བུ་ཕྲུག་འབྱོར་ཡུལ་གྱི་གཞུང་བཙུགས་སློབ་གྲྭར་སློབ་སྦྱོང་བྱེད་པའི་སྡུར་ཚད་སྔར་བས་མཐོ་རུ་བཏང་ནས་ལས་ཞུགས་བྱ་ཡུལ་གྱི་འགན་བཅོལ་ནང་ཞུགས་པའི་ཁྱིམ་ཐོའི་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པ་བཟོས་ཡོད།

  • ཧྥུ་ཅན་ཞ་མོན་གྱིས་སྲིད་ཇུས་ཁྱབ་བསྒྲགས་བྱས་ཏེ། ལོ་འཁོར་གྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1ལས་མི་དམའ་བ་མ་ཟད་ལོ་འཁོར་གོང་མ་དང་བསྡུར་ན་འཕར་བཞིན་ཡོད་པ་དང་། ཕྱོགས་བསྡུས་ཕན་འབྲས་འཕར་ཚད་སྒོར་ཁྲི2000ལས་མི་དམའ་བའི་མཉེན་ཆས་ཁེ་ལས་ལ་ཕྱོགས་བསྡུས་ཕན་འབྲས་འཕར་ཚད་ཀྱི0.5%ལ་གཞིགས་ནས་ལོ་རེར་བྱ་དགའ་མཐོ་ཤོས་སྒོར་ཁྲི500སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

图片7.png

  • ཨན་ཧུའེ་ལྷོ་རྒྱུད་དང་ཅང་སུའུ་ལྷོ་རྒྱུད། ཧྲང་ཧའེ། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་ཤར་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད་དང་ནུབ་རྒྱུད། ཀྲེ་ཅང་བྱང་རྒྱུད་དང་ནུབ་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། སི་ཁྲོན་གྱི་ཤར་ལྷོའི་རྒྱུད། ཁྲུང་ཆིང་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཅང་ཞིའི་བྱང་ཤར་རྒྱུད་དང་ཀྲེ་ཅང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།