དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-23 08:39:49   |   642

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ5པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁོ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད། 

  • ཚེས22ཉིན་གྱི་ཆུ་ཚོད16སྐར་མ49སྟེང་། ཆུ་ཚོད8ཙམ་གྱི་གྲུ་ཁང་ནས་ཕྱིར་འབུད་པའི་བྱེད་སྒོ་བརྒྱུད། ལྷ་གྲུ་ཨང་ཉི་ཤུ་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ཐེངས་དང་པོར་གྲུ་ཁང་ནས་ཕྱིར་འབུད་པའི་བྱེད་སྒོ་ལེགས་འགྲུབ་བྱུང་། 

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་རྩིས་ཁྲའི་ནང་ཐུན་མོང་མཉམ་སྐྱོབ་མི་ཐེངས་དུང་ཕྱུར1.33བྱས་པ་དང་དངུལ་འབོར་སྒོར་དུང་ཕྱུར177.92ཟིན་ཡོད། 

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་དངུལ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར575.4ཟིན་པ་དེ་དུས་མཚུངས་ལས7.55%འཕར་ཡོད། 

  • ཉིན་ཤས་གོང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས“དྭངས་གཙང་། ཚོང་གཉེར་དྲ་རྒྱའི་ཁོར་ཡུག་ལེགས་སུ་གཏོང་བ་སྟེ་ཁེ་ལས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི‘ཁ་ནག’བཅོས་སྒྲིག་བྱེད་པ”ཞེས་པའི་ཆེད་དོན་འགུལ་སྐྱོད་སྤེལ་མགོ་ཚུགས། 

  • ཁྲིམས་འཛིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་གསུམ་པ་ནས་བཟུང་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་འགུལ་སྐྱོད་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་། མིག་སྔར། ཁེ་ལས་ལ་གྱོང་གུན་སྒོར་ཁྲི9881.35མི་ཕོག་པ་བྱས་ཡོད། 

  • ཚེས23ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་གཏན་འཇགས་ཀྱི་གྲངས་འབོར་དང་སྐྱེད་ཚད་འོས་སྐུལ། རིན་གོང་སྣ་ཚོགས་ཀྱི་འོས་ཐོན་བཅས་ཀྱི་བྱེད་ཐབས་ཐོག་ནས་སྒོར་དུང་ཕྱུར5000གིMLFབཀོལ་སྤྱོད་བྱ་རྒྱུ་དང་དུས་ཡུན་ལོ་གཅིག་ཡིན་པ་རེད། 

  • སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་ཡོ་རོབ་དབུས་ཤར་གྱི་འབྲེལ་ཡོད་རྒྱལ་ཁབ་ལ་ཞིང་ཟས་ཐོན་རྫས་སྣ་ཁ126ཀྲུང་གོར་ཆོག་འཐུས་ཐོབ་པ་དང་རིམ་རྩིས་བྱས་ན་ཕྱི་རྒྱལ་གྱི་ཞིང་ལས་ཐོན་རྫས་ཁེ་ལས3430ཐོ་འགོད་བྱས་ཡོད་པ་རེད། 

  • ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུའི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན་གྱིས་ཁྲིམས་འགལ་ངང་ཀྲུའུ་པི་བྲག་རྡོ་དང་ལྕགས་ཐིག་བྲག་རྡོའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཛུལ་བའི་ཐད་གཏམ་བཤད་སྤེལ་བ་རེད། 

སྤྱི་ཚོགས།

图片1.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ཨན་ཧུའེ་དང་ཅང་ཞི། ཀྲེ་ཅང་། ཧྥུ་ཅན་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • རྒྱལ་ཁབ་འཕེལ་བཅོས་ཨུ་ལྷན་གྱིས་སྒོར་ཁྲི2000བཀོད་སྒྲིག་བྱས་ནས་ཀུའེ་ཀྲོའུ་པི་ཅེ་སོགས་ས་ཁུལ་གྱི་རི་ཉིལ་བའི་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་བསྟུན་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། 

  • སློབ་གསོ་པུས་ཨན་ཧུའེ་ཡི་གསོ་རིག་སློབ་གླིང་གཉིས་པ་དང་། ཐེན་ཅིན་ཉེན་རྟོག་སློབ་གླིང་། ཝུའུ་ཧུའུ་ལས་རིགས་ལག་རྩལ་སློབ་ཆེན་སོགས་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ32འཛུགས་རྒྱུར་མོས་མཐུན་བྱ་རྩིས་ཡོད་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར34.9ཟིན་པ་དེ་དུས་མཚུངས་ལས15.9%འཕར་ཡོད། 

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་སྐམ་སའི་ས་ཁོངས་ཀྱི་རྒྱ་ཁྱོན30%ལྷག་ཙམ་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ནས་དོམ་ཁྲ་དང་གསའ། བྱང་ཤར་སྟག གཙོད། ཨེ་ཤེ་ཡའི་གླང་ཆེན་སོགས་རི་སྐྱེས་སྲོག་ཆགས་རིགས200ལྷག་ཙམ་སླར་གསོ་རང་བཞིན་གྱི་འཕར་བའི་དུས་མཚམས་སུ་སླེབས་ཡོད་པ་རེད། 

  • ཚེས22ཉིན། 2025ལོའི་ཏུའོ་ཧ་འཛམ་གླིང་འཕེན་འཕང་སྤོ་ལོའི་འགྲན་སྡུར་གྱི་མཉམ་བསྲེས་ཟུང་གི་རྟིང་རྩོད་འགྲན་སྡུར་ནང་། ཝང་ཁྲུའུ་ཆིན་དང་སུན་ཡིང་ཧྲ་གཉིས་འཇར་པན་གྱི་མཉམ་སྡེབ་ལས་རྣམ་པར་རྒྱལ་ནས་མཉམ་བསྲེས་སྟོབས་ཆེའི་ཨང4པར་རིམ་སྤར་བྱས་ཡོད། 

  • སི་ཁྲོན་གཡག་རྔས“རིན་གོང་མཐོ་བའི་རྣ་ལོང”ཞེས་པའི་འཕེལ་རིམ་གསར་ཤོས་བརྡ་ཁྱབ་བཏང་བ་སྟེ། ཧོང་ཆེ་གེ་མོའི་ཨ་ཕ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད། 

图片2.jpg

  • ཚེས22ཉིན་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600ཏ་ཞིང་ཨན་ལིང་ས་ཁུལ་དུ་འཚམ་མཐུན་རང་བཞིན་གྱི་འཕུར་སྐྱོད་ཐེངས་དང་པོ་ལེགས་གྲུབ་བྱུང་ཡོད། 

  • ཚེས22ཉིན་ཀྲུང་གོའི་མཚོ་སྣུམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་མཚོ་ཐོག་དབྱང་གཉིས་ཐཱན་རྫས་སྡུད་ལེན་དང་། བེད་སྤྱོད། སྡོམ་ཉར(CCUS)ལས་གཞི་དེ་ཀྲུའུ་ཅང་འདུས་མདོའི་གཤོང་སའི་ཨེན་ཕིང15-1སྟེགས་བུར་སྤྱོད་མགོ་ཚུགས་པ་རེད། 

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཡིག་ཆ་བཏང་ནས་བུ་སྐྱེ་གསོ་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་ཐོན་ལས་གླིང་ཁུལ་དང་མི་སྤྱོད་ལས་ཁུངས་སོགས་ཀྱིས་ལས་བཟོར་ཕན་བདེ་རང་བཞིན་གྱི་བཅོལ་སྐྱོང་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

  • ཐེན་ཅིན་གྱིས་ལོ་ལྟར་འཕར་ཚད་ཁྲི10ཡི་དམིགས་ཚད་ཀྱི་རྨང་གཞིའི་ཐོག ལོ་ལྟར་ཨང་སྤྲུག་རྣམ་པས་བཀོད་སྒྲིག་བྱས་པའི་མི་སྒེར་གྱི་རླངས་འཁོར་དཀྱུས་མའི་འཕར་ཚད་ཀྱི་དམིགས་ཚད་ཁྲི3མང་དུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 

  • ནང་སོག་གིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་གསབ་སྲིད་ཇུས་གསར་པ་བཏོན་པ་དང་རྨང་གཞིའི་ཁ་གསབ་ཚད་གཞི་ནི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་རེར་སྒོར་ཁྲི11ཡིན་པ་རེད། 

དེ་རིང་གི་གནམ་གཤིས།

图片3.jpg

  • ཅང་ཧོའེ་ས་ཁུལ་མང་ཆེ་བ་དང་ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ། ཧྭ་ནན་གྱི་ས་ཁུལ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཨན་ཧུའེ་ཡི་དབུས་ལྷོ་རྒྱུད་དང་ཅང་ཞིའི་བྱང་རྒྱུད། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་གི་ས་ཁུལ་མང་ཆེ་བ། ཅང་སུའུ་ལྷོ་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཧྲང་ཧའེ། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།