དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-26 09:36:17   |   112

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ5ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་དུ། རང་རྒྱལ་གྱི་དགུན་གྲོ་རིམ་བཞིན་བསྡུ་མགོ་ཚུགས་པ་དང་། དགུན་དུས་ཀྱི་པད་ཁ་བཅུ་ཆའི་བརྒྱད་ལྷག་ཙམ་བསྡུས་པ་རེད།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་གྲོན་བསྡུའི་བྱེད་སྤྱོད་ཀྱི་སྒྲིག་སྲོལ་ཕྱོགས་སྟོན(བསམ་འཆར་བསྡུ་ལེན་མ་ཟིན)》ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།

  • དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས་ལོ་ལྔ་འགོར་ལ་ཉེ་བའི་སྐབས་འདིར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཚེས25ཉིན་ནས་བཟུང་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་རྗེས་ཀྱི་དཔེ་མཚོན་གྱོད་གཞི་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།

01.jpg

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པ་ནས4པའི་བར། རང་རྒྱལ་གྱི་གྲངས་འཛིན་ཐོན་རྫས་དྲ་ཐོག་ཕྱིར་ཚོང་བྱེད་ཚད8.4%འཕར་བ་དང་། རིག་ནུས་འཕྲུལ་མི་དང་། རིག་ནུས་ཁྱིམ་སྤྱོད་མ་ལག་འཕར་ཚད་87.6%དང་16%ཡིན།

  • དམངས་སྤྱོད་མཁའ་འགྲུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པར། རང་རྒྱལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་གྱི་འཁོར་རྒྱུག་སྡོམ་འབོར་སྤྱི་ལེ་དུང་ཕྱུར129.3ཡིན་པ་དང་། དུས་མཚུངས་ལས13.7%འཕར་ཡོད།

  • ཅ་ཧྲའི་སྨྱན་སྦྱོར་གཞུང་ལས་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས25ཉིན་སྤྱི་བསྒྲགས་སྤེལ་ནས་དབྱི་སི་རལ་དམག་ཕྱོགས་ཀྱིས་དམག་དོན་བྱ་སྤྱོད་བརྒྱུད་ཅ་ཧྲ་ས་ཁུལ་གྱི་ས་ཆ77%ཚོད་འཛིན་བྱས་ཡོད་ཅེས་བཤད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས25ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་འཛིན་བཟུང་བྱས་པའི་མི་303ཡུག་རེན་དུ་ཕྱིར་ལོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས25ཉིན། སུན་དབྱིང་ཧྲ་ཡིས་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་བུད་མེད་རྐྱང་འགྲན་གྱི་ཨང་དང་པོ་བླངས་པ་དང་། ཝང་ཁྲུའུ་ཆིན་གྱིས་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་འགྲན་གྱི་ཨང་དང་པོ་ཐེངས་དང་པོ་བླངས། ཝང་མན་ཡུས་དང་ཁའེ་མན་ལ་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་བུད་མེད་གཉིས་འགྲན་གྱི་ཨང་དང་པོ་ཐོབ། 2025ལོའི་ཏེ་ཧའི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ4དང་། དངུལ་གྱི་རྟགས་མ1  ཟངས་ཀྱི་རྟགས་མ2བཅས་བླངས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས25ཉིན། གཙོ་གནད་གནམ་གཤིས་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཚེས27ནས29ཉིན་བར། རང་རྒྱལ་གྱི་ལྷོ་ཕྱོགས་སུ་ད་ལོའི་ཚུན་གྱི་ཆར་བ་ཆེ་ཤོས་འབབ་པའི་དུས་སྐབས་ལ་ཐོན་པ་མ་ཟད། དུས་འགོའི་དྲག་ཆར་འབབ་ཁུལ་ལ་སླར་ཡང་བབས་ནས་དྲག་ཆར་གྱི་གནོད་འཚེའི་ཉེན་ཁ་ཆེན་པོ་ཡོད་པ་རེད།

  • ཚེས26ཉིན། པེ་ཅིང་གིས་ད་ལོའི་ཁྱིམ་ཚང་གི་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཁྲི11.84ཡི་དམིགས་ཚད་བཀོད་སྒྲིག་བྱས་པ་དང་། སྐབས་དེར་ནུས་རྒྱུ་གསར་པའི་དམིགས་ཚད་ནང་ཐོན་པའི“སྐར་གྲངས་ཚད་ཐིག”ཁྱབ་བསྒྲགས་བྱ་རྒྱུ་རེད།

  • ཧྲའན་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁོན་རེན་ལ་གོ་གནས་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཚེས25ཉིན་གྱི་ཆུ་ཚོད18བར། ཀོང་ཤིས་ལུང་ཧྲེང་གི་ཆུ་ལོག་གནོད་འཚེའི་ཁྲོད་འབྲེལ་གཏུག་བྱེད་མ་ཐུབ་པའི་མི8ནང་གི་མི6འཚོལ་སྐྱོབ་བྱས་པར་གསོན་པའི་རྟགས་མཚན་མེད།

02.jpg

  • ཚེས25ཉིན་ནས་བཟུང་། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཞ་མོན་དང་ཧྲང་ཧའེ་ཡི་མྱུར་བགྲོད་ལམ་ཐིག་ཏུ་རྒྱུན་རྣམ་ཅན་དུ་འཕུར་ནས་ཉིན་ལྟར་ཐེངས་རེར་འགྲོ་འོང་བྱེད་ཀྱི་རེད།

  • ཉེ་ཆར། ཆིང་ཧྭ་སློབ་ཆེན་གྱིས་རྒྱལ་ཁབ་མང་པོའི་གནམ་དཔྱད་རིག་པའི་མཁས་ཅན་ལ་མཉམ་འབྲེལ་བྱས་ཏེ། ཀྲུང་གོའི་གནམ་མིགFASTདང་ལྷོ་ཨ་ཧྥེ་རི་ཁའི་ཕྲེང་སྒྲིག་རྒྱང་ཤེལ་སྤྱད་དེ། དགུ་ཚིགས་མ་ལག་གི་ཟླུམ་དབྱིབས་སྐར་ཚོགས་ལ་ཞིབ་ཚད་མཐོ་བའི་ལྟ་ཞིབ་ཚད་ལེན་བྱས་ནས། ད་བར་དུ་ཆེས་ཆ་ཚང་བའི་ཟླུམ་དབྱིབས་སྐར་ཚོགས་ཀྱི་ཁབ་ལེན་ར་བའི་སྐས་རིམ་དང་གློག་གྱེས་རླུང་གཟུགས་ཀྱི་ཚད་འཇལ་མཁོ་འདོན་བྱས་ཏེ། དགུ་ཚིགས་ཀྱི་ཁབ་ལེན་ར་བའི་རི་མོ་དེ་བས་གསལ་པོ་ཞིག་བྲིས་ཡོད།

  • ཉེ་ཆར། ཧྲེན་ཀྲེན་པའོ་ཨན་གནམ་ཐང་གི་འགག་སྒོས་ཚར་ལ་ཉེ་བའི་ཆུ་སྲིན་གྱི་ཉ་གཤོག402རྩད་ཆོད་པ་རེད།

  • ཚེས24ཉིན། ཀྲུང་གོའི་འཁྲབ་ཁྲིད་པ་པི་ཀན་དབྱིན་གྱིས《རི་སྐྱེས་དུས་རབས》ཞེས་པ་འཁྲབ་ཁྲིད་བྱས་པར། ཀ་ན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས78པའི་དམིགས་བསལ་བྱ་དགའ་ཐོབ་པ་རེད།

03.jpg

  • མིང་དུ་གྲགས་པའི་གསོ་རིག་པ་དང་། སློབ་གསོ་བ། ཀྲུང་གོའི་ལག་ཤེས་ཕྱི་ནད་ཚན་ཁག་དང་། མངོན་གསལ་ཆུང་བའི་ཕྱི་ནད་ཚན་ཁག  རྐང་ལག་གི་ནུས་པ་སླར་གསོ་བསྐྱར་སྐྲུན་གྱི་ཕྱི་ནད་ཚན་ཁག་བཅས་ཀྱི་རྨང་གཞི་འདིང་མཁན་དང་གསར་གཏོད་པའི་གྲས་ཏེ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁག་དང་པོ་བློ་མཐུན་ཀུའུ་ཡུས་ཏུང་ནད་གཞིས་རྐྱེན་གྱིས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར། ཟླ5ཚེས24ཉིན་ཚེ་ལས་འདས་པ་དང་། དགུང་ལོ87ཡིན།

སྲིད་ཇུས།

  • ཧའེ་ནན་གྱིས་ཞིབ་སྲོལ་བཏོན་ནས་སྔ་སྣུར་དུ་བེད་མེད་ཟུར་འཇོག་བྱས་པའི་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་རྙིང་པར་རླངས་འཁོར་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི4.5སྤྲོད་པ་དང་། གསར་དུ་ཉོས་པའི་ཟོག་འདྲེན་རླངས་འཁོར་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི9.5སྤྲོད་རྒྱུ་རེད།

  • ཧྲན་ཏུང་གིས་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས། བྱ་གཞག་ཚན་པ། རྒྱལ་དབང་ཁེ་ལས་བཅས་ཀྱིས་ཆ་རྐྱེན་གཅིག་མཚུངས་འོག་རུ་འཁྱུར་དམག་མི་སྔོན་ལ་བསྡུ་བ་དང་གདན་ཞུ་བྱེད་དགོས་པ་ཁ་གསལ་བཟོས།

  • ཅི་ལིན་གྱིས་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ། ལྟ་སྐྱོང་དང་སྒོ་རྩར་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཀྱི་སྡེ་ཁུལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཁག་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། 2029ལོའི་ལོ་མཇུག་གོང་ཁྲོམ་གཞུང་ཚང་མར་ཁྱབ་དགོས།

དེ་རིང་གི་གནམ་གཤིས།

04.jpg

  • ཞིན་ཅང་བྱང་གི་བྱང་རྒྱུད་དང་ནུབ་རྒྱུད། ཧྭ་བྱང་གི་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་བྱང་རྒྱུད་དང་ཤར་རྒྱུད། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་ལྷོ་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་རྒྱུད་དང་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ལྷོའི་བྱང་རྒྱུད། ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་སུ་ཆར་པ་ཆུང་བ་ནས་འབྲིང་བར་འབབ་ཀྱི་ཡོད་པ་དང་། དེའི་ནང་ཡུན་ནན་གྱི་དབུས་ནུབ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།