དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-27 08:15:40   |   82

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧྥུའུ་ཏན་སློབ་ཆེན་བཙུགས་ནས་ལོ120འགོར་བར་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་རྣམས་ལའང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

  • ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ཡིས་《དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

  • རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་ལྔ་ཡིས་བྱ་ཐབས20བཏོན་ནས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།  ལས་ཞུགས་ཆ་འཕྲིན་ཕྱོགས་ཡོངས་ལ་ཁྱབ་བསྒྲགས་བྱས་ཏེ། ལས་རིགས་ངོ་སྤྲོད་དང་ལས་རིགས་མཛུབ་ཁྲིད་གནད་ཁེལ་བྱེད་དགོས་པ་ནན་གྱིས་བསྟན།

  • སློབ་གསོ་པུས“2025ལོའི་མཐོ་རྒྱུགས་འགན་སྲུང་བྱ་སྤྱོད”བཀོད་སྒྲིག་བྱས་ནས་ཞབས་ཞུའི་བྱེད་ཐབས་ལ་སྔར་བས་ཤུགས་བསྣན་ནས། རྒྱུགས་སྤྲོད་སློབ་མར་སྨན་བཅོས་འཕྲོད་བསྟེན་དང་། འཛེར་སྒྲར་བཅོས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་བྱ་རྒྱུ་རེད།

01.jpg

  • རྒྱུ་སྐར་འཚོལ་ཞིབ་ཚད་ལེན་ལས་གྲྭའི་ཐེན་ཝུན་(天问)ཨང་གཉིས་པའི་ལས་འགན་ཚེས29ཉིན་འཕེན་གཏོང་བྱེད་རྩིས་ཡོད་པ་རེད།

  • མུའུ་ཏི་རྒྱལ་སྤྱིའི་ཡིད་རྟོན་རིམ་དཔྱད་སྤྱི་གཉེར་གྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོའི་བདག་དབང་ཡིད་རྟོན་གྱི་རིམ་པ་དཔྱད་བསྡུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རང་རྒྱལ་ནོར་སྲིད་པུས་དེ་ནི་ཀྲུང་གོའི་དཔལ་འབྱོར་ཇེ་ལེགས་སུ་འགྲོ་བའི་མདུན་ལམ་ཐད་ཀྱི་དྲང་ཕྱོགས་ཀྱི་མཚོན་ཚུལ་ཞིག་རེད་ཟེར།

  • ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་མཉམ་ལས་གྲོས་མཐུན་ལ་གཞིགས་ན། ད་ཆ་འཇར་པན་དུ་ཡོད་པའི་དོམ་ཁྲ“ལིང་པིང་”དང་དེའི་ཕྲུ་གུ་གསུམ་པོ་ད་ལོའི་ཟླ6པར་ཀྲུང་གོར་ཕྱིར་ལོག་རྒྱུ་རེད།

  • ཚེས25ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཧྭ་ཧྥོ་སློབ་ཆེན་ལ་རྒྱལ་སྤྱིའི་སློབ་མའི་མིང་ཐོ་སྟེར་དགོས་པའི་བླང་བྱ་བཏོན། དེ་སྔོན། རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་གྱིས་སྲིད་གཞུང་གིས་ཧྭ་ཧྥོ་རུ་རྒྱལ་སྤྱིའི་སློབ་མ་བསྡུ་རྒྱུ་གཏན་འགོག་བྱེད་པའི་སྲིད་འཛིན་བཀའ་རྒྱ་གཏོང་མཚམས་བཞག

སྤྱི་ཚོགས།

  • མིག་སྔར། རང་རྒྱལ་གྱི་དབྱར་དུས་ལོ་ཏོག་གཙོ་བོ་དགུན་གྲོ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་རིམ་བཞིན་མགོ་ཚོས་པ་དང་། ཉིན་རེའི་འཕྲུལ་བསྡུའི་རྒྱ་ཁྱོན་ཉིན་གསུམ་བསྟུད་མར་མུའུ་ཁྲི400ལས་བརྒལ་བ་ཡོད་ལ། དེས་དབྱར་འབྲུའི་གཞི་ཁྱོན་ཆེ་བའི་འཕྲུལ་བསྡུ་ཁྱོན་ཡོངས་ནས་མགོ་ཚུགས་པ་མཚོན་ཡོད།

  • ཚེས27ནས29ཉིན་བར། ཅང་ནན་དང་། ཧྭ་ནན། ཀུའེ་ཀྲོའུ། ཡུན་ནན་བཅས་ཀྱི་ས་ཁུལ་མང་ཆེ་བར་སྔ་རྗེས་སུ་ཆར་ཆེན་ནས་དྲག་ཆར་བབས་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་བབས། ཀྲུང་གོ་གནམ་གཤིས་ཅུ་ཡིས་དྲག་ཆར་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས་པ་རེད།

  • སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཡོངས་བསྒྲགས་བྱས་པ་དང་། མགོ་རྩོམ་མཛད་སྒོ་དེ་ཟླ11ཚེས9ཉིན་ཀོང་ཀྲོའུ་རུ་འཚོག་རྒྱུ་དང་། མཇུག་འགྲིལ་མཛད་སྒོ་དེ་ཟླ11ཚེས21ཉིན་ཧྲེན་ཀྲེན་དུ་འཚོག་རྒྱུ་རེད།

  • སྐབས30པའི་པའེ་ཡུས་ལན་བྱ་དགའི་ཀྲུང་གོའི་བརྙན་འཕྲིན་འཁྲབ་ཚན་ཚན་པའི་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།《མཐའ་མཚམས་ཀྱི་འདས་དོན》(边水往事)སོགས་བརྩམས་ཆོས10འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་ལི་ཝེ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • པེ་ཅིང་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་གྲོས་འགོ་བཏོན་ནས་ཟ་ཁང་ནང་གི་གནས་གང་ཡིན་རུང་ཐ་མག་འཐེན་ཁུལ་བཀོད་སྒྲིག་མི་བྱེད་པ།

02.jpg

  • ཧྲང་ཧའེ་ལེ་ཀའོ་དགའ་ཚལ་གྱིས་ཟླ་འདིའི་ཚེས31ཉིན་ནས་བཟུང་ནང་ཁུལ་ཚད་འཇལ་དང་ཚོད་ལྟའི་གཉེར་སྐྱོང་བྱ་རྒྱུ་རེད།

  • ཚེས26ཉིན། འཛམ་གླིང་ཐོག་བརྒལ་ཚད་ཆེ་ཤོས་ཀྱི་འབྲེང་ཟམ་གཙོ་བོ་བཞི་སྟེ་ཡན་ཅི་འབྲི་ཆུའི་ཟམ་ཆེན་གྱིས་འདྲེན་ཐག་གཙོ་བོ་འཁྲིད་རྒྱུ་ལེགས་གྲུབ་བྱུང་ཡོད། འདྲེན་ཐག་གཙོ་བོ་བཞིའི་སྤྱིའི་འཐེན་ཤུགས་ཏུན་ཁྲི་28ལ་ཐོན་པ་དང་། གནམ་ཐང་གྲུ་གཟིངས་འབྲིང་གྲས6འདེགས་ཐུབ་པ་རེད།

03.jpg

  • ཉེ་ཆར། ཧྲེན་ཀྲེན་ཧོང་ཀང་འགག་སྒོས་རྒྱལ་ཁོངས་སུ་ཡོང་བའི་འགྲུལ་པ་ཞིག་ནས་ཚར་ལ་ཉེ་བའི་སྐམ་སའི་རུས་སྦལ30བཟུང་ཡོད་པ་རྩད་ཆོད།

1748305241519.jpg

  • ལྔ་པའི་ཚེས་ལྔའི་སྔ་ནུབ་ཏུ་ཡུན་ནན་ཅན་ཁྲོན་གྱི“ཕྱེ་མ་ལེབ་ལུང་པར”ཕྱེ་མ་ལེབ་མང་པོ་ཐོན་པ་དང་། ཕྱེ་མ་ལེབ་ཁྲི་སྟོང་མང་པོ་ཆུ་བོའི་བཞུར་ལམ་གྱི་མཁའ་དབྱིངས་སུ་འཕུར་ནས་ངོ་མཚར་བའི་རྣམ་པ་མངོན།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཏེ། ལས་སྣོན་བསྐྱར་མའི་ཚི་སྣ་སྤྱད་དེ་ཕྲུ་གུ་དང་བྱིས་པའི་འཁེལ་འཐག་ཐོན་རྫས་དང་ནང་གོས་ཐོན་སྐྱེད་བྱེད་མི་ཆོག་པ་གཏན་འབེབས་བྱས་པ་རེད།

  • རྒྱལ་ཁབ་གློག་བརྙན་ཅུ་ཡིས་ཡིག་ཆ་བཀྲམ་ནས་ཤང་ཀང་དང་ཨའོ་མོན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་ནང་ལོག་ནས་མ་དངུལ་བཏང་སྟེ་གློག་བརྙན་བཟོ་སྐྲུན་སྤྱི་གཉེར་འཛུགས་པ་དང་། གློག་བརྙན་བཟོ་བའི་ལས་སྒོ་སྤེལ་རྒྱུར་སྐུལ་མ་བཏང་བ་རེད།

  • ཧྲན་ཞི་ཡིས་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི2025ལོའི་བྱ་སྤྱོད་འཆར་གཞི་བཏོན་ནས། གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་ཞབས་ཞུ་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ། 5G-Aདྲ་རྒྱ་སོགས་ཀྱི་ནང་དོན་སྔོན་ཚུད་ནས་བཀོད་སྒྲིག་འོས་འཚམ་བྱེད་དགོས་ཞེས་བཏོན།

དེ་རིང་གི་གནམ་གཤིས།

04.jpg

  • སི་ཁྲོན་གྱི་ས་ཆ་མང་ཆེ་བ་དང་། ཁྲུང་ཆིང་གི་དབུས་ལྷོའི་རྒྱུད། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ཀན་སུའུ་ཡི་ལྷོ་རྒྱུད་དང་། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཆ་ལ་ལར་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།